མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤེས་ཡོན་གྱི་ཐོག་ནས་དུས་རབས་ཉེར་གཅིག་པ་འདི་སྙིང་རྗེ་ལྡན་པའི་དུས་རབས་ཤིག་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དཔེ་དེབ་དབུ་འབྱེད་ཐོག་༧གོང་ས་མཆོག་གིས་སོ་སོས་དངོས་སུ་མཐོང་ཐོས་བྱུང་བའི་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་འགོད་རྒྱུ་གལ་ཆེན་པོ་ཡིན་ཡང་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ཏེ་ལོ་རྒྱུས་ལ་འཁྱོག་བཤད་བྱ་རྒྱུ་མེད་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་སོང་།

01 དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཡོལ་དུ། དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཤན་ཏ་ཀུ་མཱར་(Shanta Kumar)ལགས་ཀྱིས་བརྩམས་པའི་ ཧི་མ་ལ་ཡའི་སྟེང་གི་གྲིབ་གཟིགས་དམར་པོ་(Himalaya Par Lal Chhaya)། ཁོང་གི་སྐུ་ཟླ་སན་ཊོ་ཤི་ཤེཨེལ་ཇཱ་ ( Santosh Shailja)ལགས་ཀྱིས་བརྩམས་པའི་གལ་སྲིད་སྟོན་ཀ་བསླེབས་ན་(If Autumn Comes)། དེ་བཞིན་སྐུ་ཞབས་ཧེམ་རཇི་ཀོ་ཤིག་( Hemraj Kaushik) ལགས་ཀྱིས་སྐུ་ཞབས་ཤན་ཏ་ཀུ་མཱར་ལགས་ལ་ཆེད་བསྟོད་ཀྱི་དཔེ་དེབ་ཅིག་བཅས་༧གོང་ས་མཆོག་ནས་དབུ་འབྱེད་སོང་།

མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། རྒྱ་གར་གྱི་སྐུ་མགྲོན་རྣམ་པ། གཞན་ཡང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༣༠༠༠ ཡས་མས་འཛོམས་འདུག་ལ། མཛད་སྒོའི་ཐོག་༧གོང་ས་མཆོག་ལ་རྒྱ་གར་གྱི་ཤེས་རབ་ལྷ་མོའི་སྐུ་ཞིག་དང་ཐུགས་རྗེ་ལེགས་འབུལ་གྱི་པར་སྒྲོམ་ཆེན་པོ་ཞིག་བཅས་འབུལ་ལམ་ཞུས་སོང་།

སྐུ་ཞབས་ཤན་ཏ་ཀུ་མཱར་ལགས་ཀྱིས་ཁོང་གིས་བརྩམས་པའི་རྒྱ་དཀར་ནག་གི་འབྲེལ་བའི་སྐོར་གྱི་དཔེ་དེབ་དེའི་སྐོར་ངོ་སྤྲོད་གནང་སྐབས། ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་བརྒྱབ་སྟེ་རྒྱ་གར་གྱིས་ཤོར་ཡོད་པ་དང་། འདས་པའི་ལོ་ངོ་ ༥༠ ནང་འགྱུར་ལྡོག་མང་པོ་ཕྱིན་ཡོད་ལ། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་གཅིག་ཆགས་བསྡད་ཡོད་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་རྒྱ་གར་ལ་དམིགས་ཡུལ་ཡག་པོ་བཟུང་མེད། ཕྱི་ལོ་ ༡༩༦༢ ལོར་རྒྱ་གཞུང་གིས་རྒྱ་གར་གྱི་ས་ཆ་སྤྱི་ལེ་ ༣༨༠༠༠ ཙམ་བཙན་འཕྲོག་བྱས་ཡོད་པ་མ་ཟད། ས་ཆ་དེ་ཚོ་ད་ལྟའང་ཧམ་བཟུང་བྱས་ཏེ་མུ་མཐུད་རྒྱ་གར་ནང་བཙན་འཛུལ་བྱེད་བཞིན་ཡོད་པ་དང་། འཇིགས་སྐུལ་དྲག་སྤྱོད་པའི་ཐོན་ཁུངས་ཆེ་ཤོས་པ་ཀི་སི་ཐན་ཆགས་བསྡད་ཡོད་སྟབས། འཛམ་གླིང་ཡོངས་ཀྱིས་པ་ཀི་སི་ཐན་ལ་སུན་སྣང་བྱེད་ཀྱི་ཡོད་པ་དང་། རྒྱ་གར་དང་པ་ཀི་སི་ཐན་གྱི་མཐའ་མཚམས་སུ་ལུང་པ་དེའི་འཇིགས་སྐུལ་དྲག་སྤྱོད་པས་ཉིན་རྟག་པར་རྙོག་དྲ་སློང་བཞིན་ཡོད། འོན་ཀྱང་རྒྱ་ནག་དང་གྲོགས་པོ་ཆགས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་བརྒྱུད་པ་ཀི་སི་ཐན་གྱི་དྲག་སྤྱོད་པའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་སོང་།

ཡང་ཁོང་གིས། ༧གོང་ས་མཆོག་ནས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེའི་ཆེད་སྐུ་ལས་ཆེན་པོ་བསྐྱོན་བཞིན་པ་དེར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ནས་ཆེད་བསྟོད་ཀྱི་གཟེངས་རྟགས་ ༡༥༠ ལྷག་ཕུལ་ཡོད་པ་ལྟར། རྒྱ་གར་གཞུང་གིས་ཀྱང་༧གོང་ས་མཆོག་གི་འཚེ་མེད་ཞི་བའི་མཛད་པར་ཆེད་བསྟོད་འབུལ་དགོས་པ་ཞིག་ཡིན་སྟབས། མ་འོངས་པར་རྒྱ་གར་གཞུང་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གཟེངས་རྟགས་མཐོ་ཤོས་ (Bharat Ratna Award)ལྟ་བུ་༧གོང་ས་མཆོག་ལ་འབུལ་ལམ་ཞུ་དགོས་པའི་རེ་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ལུགས་སོགས་གསུངས་སོང་།

2དེ་ཡང་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་ཁོང་དང་སྐུ་ཞབས་ཤན་ཏ་ཀུ་མཱར་ལགས་རྣམ་གཉིས་སྐུ་ན་གཞོན་པའི་སྐབས་ནས་ངོ་ཤེས་གྲོགས་པོ་ཡིན་པ་དང་། ད་ལྟ་ཁོང་རྣམ་པ་གཉིས་དགུང་ལོ་ཆེན་པོར་ཕེབས་ཡོད་སྐོར་གསུངས་བ་དང་འབྲེལ་ཁོང་གིས། མི་སྐྱེས་པའི་རྗེས་སུ་འཆི་བ་དང་རྒས་པ་ཟེར་བ་དེ་ཆོས་ཉིད་ཡིན་ཡང་གསོན་པའི་རིང་ལ་མི་ཚེ་དོན་དང་ལྡན་པ་ཞིག་དགོས་པ་དེ་གལ་ཆེན་པོ་ཡིན་ལ། ཁྱེད་རང་ཚོར་ཆ་བཞག་ན། ཆབ་སྲིད་ཀྱི་ལས་འགན་ཞིག་འཁུར་ནས་རིམ་པ་མང་པོ་ཞིག་ནང་ལས་ཀ་བྱས་ཏེ། དངོས་གནས་སྤྱི་སྨན་གྱི་དོན་དག་མང་པོ་ཞིག་བསྒྲུབས་ཡོད་པ་དང་། དེ་དང་ཆབས་ཅིག་ལོ་རྒྱུས་ཀྱི་དེབ་འདི་འདྲ་ཞིག་བྲིས་ཡོད་པ་དང་། ཁྱེད་རང་གི་ཨ་ཅག་ལགས་ཀྱིས་ཀྱང་དེབ་བྲིས་ཡོད་པ་རེད། གང་ལྟར་དངོས་ཡོད་ཀྱི་ལོ་རྒྱུས་ག་རེ་བྱུང་ཡོད་པ་སྟེ་སོ་སོས་དངོས་སུ་མཐོང་ཐོས་བྱུང་བ་རྣམས་ཡིག་ཐོག་ཏུ་ཕབ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་འདུག ལོ་རྒྱུས་ཟེར་བ་དེ་ཡུན་རིང་བསྡད་ཀྱི་ཡོད་པ་རེད། ཡང་ལོ་རྒྱུས་ངོ་མ་དེ་གསལ་པོ་དགོས་པ་རེད། ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ཏེ་ལོ་རྒྱུས་ལ་འཁྱོག་བཤད་དེ་འདྲ་མི་འདྲ་ཡོང་བསྡད་ཀྱི་ཡོད་པ་རེད། དངོས་ཡོད་གནས་ཚུལ་གང་བྱུང་བ་དེ་ཡིག་ཐོག་ཏུ་བཀོད་དེ་ད་ལྟའི་ང་ཚོའི་མི་རབས་ཙམ་མིན་པར་མི་རབས་རྗེས་མ་ཚོས་ཤེས་ཐུབ་དགོས་པ་དེ་གནད་འགག་ཆེན་པོ་ཞེ་དྲགས་རེད་འདུག་སྟབས། དེབ་འདི་འདྲ་ཞིག་བྲིས་གནང་བ་དེར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཞེས་གསུངས་སོང་།

ཡང་ཤེས་ཡོན་གྱི་ཐོག་ནས་དུས་རབས་ཉེར་གཅིག་པ་འདི་སྙིང་རྗེ་དང་འཚེ་མེད་ཀྱི་དུས་རབས་ཤིག་བཟོ་དགོས་སྐོར་བཀའ་སློབ་ལམ་སྟོན་གནང་དོན། རྒྱ་གར་འཕགས་པའི་ཡུལ་ལ་ཨ་ཧེན་སཱ་(Ahinsa)ཞེས་འཚེ་བ་མེད་པའི་ལྟ་གྲུབ་ཅིག་ལོ་ངོ་སྟོང་ཕྲག་ ༣ ནས་དར་ཡོད་པ་དང་། འཚེ་བ་མེད་པ་ཞེས་པ་དེ་ཞེད་སྣང་བྱས་ཏེ་འགུལ་སྐྱོད་གང་ཡང་རྒྱག་མ་ནུས་པར་བསྡད་བསྡད་དགོས་པ་ཞིག་མ་རེད། འཚེ་བ་བྱེད་པའི་ནུས་པ་ཡོད་བཞིན་དུ་གཞན་ལ་བརྩེ་བ་བྱེད་པ་དང་། གཞན་ལ་གནོད་པ་བསྐྱལ་ན་རུང་གི་མ་རེད་བསམ་པ་ལྟ་བུའི་རྒྱུ་མཚན་གྱི་ཐོག་ནས་འཚེ་བ་བྱེད་ཐུབ་པ་ཞིག་ཡོད་བཞིན་དུ་འཚེ་བ་སྡོམ་པ་དེར་འཚེ་བ་མེད་པ་ཟེར་བ་རེད། དེ་འདྲ་ཡིན་དུས་འཚེ་བ་མེད་པ་ཟེར་བ་དེ་ལུས་ཀྱི་སྤྱོད་པ་དང་ངག་གི་སྤྱོད་པའི་ཐོག་ལ་བཤད་ཀྱི་ཡོད་པ་དང་། དེའི་ཐུག་ས་དེ་སེམས་ཀྱི་ནང་ལོགས་ལ་སྙིང་རྗེ་(Karuna)ཞེས་པ་དེ་ཞེ་དྲགས་གལ་ཆེན་པོ་རེད་འདུག འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་ ༧༠ ཡོད་པ་དང་། དེའི་ནང་དུ་ཆོས་དད་མེད་མཁན་དུང་ཕྱུར་ ༡༠ ཡོད་པ་རེད། ཆོས་དད་ཡོད་ན་རེད། མེད་ནའང་རེད། དེ་ཡང་ཆོས་དད་ཡོད་མཁན་ནང་ཆ་བཞག་ནའང་འདྲ་མི་འདྲ་ཡོད་པ་རེད། འོན་ཀྱང་། ཚང་མའི་ལྷན་སྐྱེས་ཀྱི་མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཅན་ཞིག་རེད་འདུག་ཅེས་དེང་སང་ཚན་རིག་པས་བཤད་ཡོང་གི་འདུག་གཱ། མི་རྣམས་རང་བཞིན་ལྷན་སྐྱེས་ཀྱིས་འཚེ་བ་མེད་པའི་རང་བཞིན་ཅན་ཞིག་ཡིན་དུས་དེ་རེ་བ་ཡོད་པ་ཞིག་རེད། ཉམས་མྱོང་མང་པོ་ཕྱོགས་བསྡོམས་བྱས་ཏེ་ང་ཚོའི་དུས་རབས་འདི་སྙིང་རྗེ་ལྡན་པའི་དུས་རབས་ཤིག་བཟོ་ཐུབ་པར་ཆོས་ཕྱོགས་ཀྱི་སྐད་ཆ་མིན་པར་གཙོ་བོ་ཤེས་ཡོན་གྱི་ཐོག་ནས་སེམས་ལ་ཞི་བདེ་ཡོད་ན། ལུས་བདེ་བ། ཚེ་རིང་བ། སེམས་སྐྱིད་པ། གྲོགས་མང་བ་ཡོང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༨ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 1

  1. ཨ་འབར་འཇིགས་དབང། says:
    ལོ་ 7 སྔོན།

    ༅༅། ས་མཆོག་འཕགས་ཡུལ་རྡ་ས་ན། ཆོས་མདོ་སྔགས་བསྟན་པ་དགུང་ལ་འཁྱིལ།
    རྗེ་བླ་མའི་སྐུ་ཚེ་བརྟན་ནས་ཡོད། བོད་གངས་ཅན་སྐྱེ་འགྲོ་སེམས་པ་དགའ།
    སྐུ་བགྲེས་རྣམས་ཚེ་ཐག་རིང་ས་རེད། གཞོན་དར་མའི་རླུང་རྟ་དར་ས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist