མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་སྔའི་ཧིན་སྒོར་ ༥༠༠ ཅན་དང་ ༡༠༠༠ ཅན་གཉིས་བེད་སྤྱོད་གཏོང་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་སྲིད་བློན་མུ་ཌེ་མཆོག་གིས་ཛ་དྲག་གི་གསལ་བསྒྲགས་སྤེལ་ཏེ་དོ་ནུབ་ནས་བཟུང་ཧིན་སྒོར་ལྔ་བརྒྱ་ལོ་དང་སྟོང་ལོ་བེད་སྤྱོད་བཏང་མི་ཆོག་པ་དང་འབྱུང་འགྱུར་ཉིན་ལྔ་བཅུའི་ནང་ཚུན་ལ་དངུལ་དེ་དག་ཡོངས་རྫོགས་བརྗེ་བོ་བསློག་དགོས་སྐོར་བསྒྲགས་འདུག

pm-narendra-modi-650_650x400_71478615878ད་ལྟ་རང་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌིར་མུ་ཌེ་མཆོག་གིས་ཛ་དྲག་གི་གསལ་བསྒྲགས་སྤེལ་ཏེ། དོ་ནུབ་མཚན་གུང་ཆུ་ཚོད་ ༡༢ ནས་བཟུང་ཧིན་སྒོར་ ༥༠༠ ཅན་དང་ ༡༠༠༠ ཅན་གཉིས་ཕར་སྤྲོད་ཚུར་ལེན་གྱི་བེད་སྤྱོད་གཏོང་མི་ཆོག་པ་མ་ཟད། མི་སོ་སོའི་ལག་ཏུ་ཉར་ཡོད་པའི་ཧིན་སྒོར་ལྔ་བརྒྱ་ལོ་དང་སྟོང་ལོ་ཅན་ཡོངས་རྫོགས་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ནས། ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་བར་གྱི་ཉིན་གྲངས་ ༥༠ ནང་ཚུན་ལ་དངུལ་ཁང་དང་སྦྲགས་ཁང་ཁག་ནང་འཇུག་ཐུབ་བྱེད་རྒྱུ་དང་། ཡང་ན་བརྗེ་བོ་རྒྱག་དགོས་པ་ལས་དུས་ཚོད་དེ་ལས་བརྒལ་ཚེ་དངུལ་དེ་དག་ཡོངས་རྫོགས་རྩིས་མེད་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ཟླ་ ༡༡ ཚེས་ ༩ དང་ ༡༠ ཉིན་གཉིས་རིང་རྒྱ་གར་གྱི་དངུལ་ཁང་ཡོངས་རྫོགས་སྒོ་རྒྱག་རྒྱུ་ཡིན་པ་མ་ཟད། དངུལ་འདོན་བྱང་བུ་(ATM)བརྒྱུད་དེ་དངུལ་འདོན་ཐུབ་ཀྱི་མེད་པ་དང་། ཚེས་ ༡༡ ཉིན་ནས་དངུལ་ཁང་ཁག་སྒོ་འབྱེད་བྱ་རྒྱུ་ཡིན་འདུག

ཛ་དྲག་གི་ལས་འགུལ་དེ་ནི་ཁྲིམས་འགལ་གྱི་དངུལ་ཉར་བ་དང་དངུལ་རྫུན་མ་བཀྲམ་པ། དེ་བཞིན། ནག་ཚོང་དང་ལྐོག་ཟ་རུལ་སུངས་སོགས་བཀག་སྡོམ་བྱེད་ཆེད་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་ལས་དོན་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག་ལ། ཐེངས་འདིའི་ལས་འགུལ་དེ་དང་མཉམ་དུ་ཧིན་སྒོར་ ༥༠༠ ཅན་དང་ ༢༠༠༠ ཅན་གྱི་དངུལ་ལོ་གསར་པའང་འགྲེམ་སྤེལ་བྱས་ཡོད་འདུག

Untitled-1 Untitled-2

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. རྩམ་པ། says:
    ལོ་ 9 སྔོན།

    དེ་རིང་སང་ཉིན་གཉིས་ལ་དངུལ་འདོན་མ་ཐུབ་ཚེ་གྲོང་འཁྱེར་གྱི་མི་མང་པོ་ཞིག་ལྟོག་ཤི་ཐེབས་ངེས་ཡིན།

    Reply
  2. བླ་མ། says:
    ལོ་ 9 སྔོན།

    དུས་བབ་གསར་ཤོག་ནས་གནས་ཚུལ་ལམ་སེང་སྤེལ་བར་དགའ་སྤྲོ་ཡོད། ཡིན་ན་ཡང་བོད་པ་མང་ཆེ་བ་སུད་ཚོང་ཐོག་དངུལ་སྒོར་མང་པོ་གསོག་འཇོག་བྱས་ནས་ཉལ་གི་ཡོད། ཁ་ཐུག་དངུལ་ཁང་མེད་པ་དང་། ཡང་ན་ཚོང་རྒྱབ་སར་དངུལ་ཁང་ལག་དེབ་མེད་པ་རྣམས་ལ་ད་ལྟ་དངུལ་སྒོར་རྣམས་རང་སོ་སོའི་ནང་དུ་ཉལ་སྡད་པ་རྣམས། མང་པོ་ཞིག་གིས་ག་རེ་བྱེད་དགོས་མེད་འགྲོ་ལུགས་འགྲོ་ལྟངས་མ་ཤེས་མཁན་མང་པོ་ཡོད་པས་དེ་དག་རྣམས་ལ། གསར་ཤོག་ཐོག་ནས་ཁོང་རྣམས་དངུལ་རྣམས་དངུལ་ཁང་དུ་འཇུག་ལྟངས་དང་དུས་ཚོད་སོགས་ཀྱི་ལམ་སྟོན་ཡག་པོ་ཡིག་གནང་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།།

    Reply
  3. གླུ་བ། says:
    ལོ་ 9 སྔོན།

    གསར་འགོད་པས་དུས་ཐོག་ཏུ་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ཤིན་ཏུ་ཐུགས་རྗེ་ཆེ། བོད་པའི་དགོན་སྡེ་ཁག་དང་གཞིས་ཆགས་ཁག་གི་རྒན་མགོ་ཚོའི་ནང་དུ་དངུལ་མང་པོ་ཉར་ཡོད་པ་རེད། དེ་དག་ཉིན་ལྔ་བཅུའི་ནང་གསར་བརྗེ་བྱེད་མ་ཐུབ་ན་འཕྲོ་བརླག་ཆགས་འགྲོ་བ་རེད། དཀའ་རྙོག་འཕར་མ་ཞིག་ག་རེ་འདུག་ཟེར་ན། མི་འགྲུལ་བཞུད་བྱེད་བཞིན་པ་དག་ཉིན་ལྔ་བཅུའི་ནང་ཚུན་ལ་སོ་སོ་གཏན་སྡོད་བྱེད་སའམ་དངུལ་ཁང་ཕྱེ་ས་དེར་མ་བསླེབས་པ་ཡིན་ན་དངུལ་འདོན་འཇུག་བྱེད་ཐུབ་ཀྱི་མེད་པས་ཁོ་རང་གི་དངུལ་ཡོངས་རྫོགས་འཕྲོ་རླགས་མ་རེད་དམ།

    Reply
  4. རྡོ་རྗེ། says:
    ལོ་ 9 སྔོན།

    མུ་སྡེ་འདི་འཛམ་གླིང་གི་དབུ་ཁྲིད་རླབས་ཆེན་གྲས་སུ་ཚུད་ཀྱིན་འདུག ཁོ་རང་གི་བློ་ཁོག་དང་ཐག་ཆོད་འདི་དག་གིས་མ་འོངས་པའི་ལོ་ལྔའི་ནང་རྒྱ་གར་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་ཞིག་དང་། འཛམ་གླིང་ཐོག་མཚན་སྙན་གྲགས་ཆེན་པོ་ཅན་ཞིག་ཆགས་རྒྱུ་ཡིན་པ་གདོན་མི་ཟ་འོ།།

    Reply
  5. བསོད་དར། says:
    ལོ་ 9 སྔོན།

    རླབས་ཆེན་རེད། འདི་ལྟར་བྱས་ན་དངུལ་ནག་ཉར་མཁན་ཚོའི་དངུལ་དེ་དངུལ་ཁང་མ་བརྒྱུད་པར་འགྲོ་ས་ཡོད་པ་མ་རེད། གལ་སྲིད་དངུལ་ཁང་བརྒྱུད་པ་ཡིན་ན་སྲིད་གཞུང་གིས་ཁོ་རང་གི་དངུལ་གྱི་གྲངས་འབོར་གསལ་བོ་ཧ་གོ་འགྲོ་བ་མ་ཟད། དངུལ་དེ་དག་ནག་པོ་ཡིན་ན་ནག་སར་འདེད་ཐུབ་པ་དང་དཀར་པོ་ཡིན་ན་མ་འོངས་པར་དཀར་རྐྱང་གི་ལམ་ཁར་འཇོག་ཐུབ་པ་རེད།

    Reply
  6. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ཧ་ལས་པའི་ཡག་པོ་རེད། རྒྱ་གར་གྱི་ཧིན་སྒོར་ས་ཡ་མང་པོ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྒྲོན་གཞི་ནང་ཡོང་ཐུབ་པའི་རེ་བ་ཡོད།

    གསར་འགོད་པ་མིང་མེད་འདི་བཀྲ་ཤིས་ཡིན་རྒྱུ་རེད། ཤོག་དངུལ་གསར་བརྗེ་འདི་རྒྱ་གར་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་ལས་དོན་གལ་ཆེན་ཡིན་ཞེས་ཟེར་བ་འུར་བརྗོད་་མ་བྱས་ན་བཟང་གི་རེད།གལ་སྲིད་འདི་འདྲ་ཞིག་བྱ་འཆར་ཡོད་པ་ཤེས་ཀྱི་ཡོད་ན་སྲིད་བློན་མུ་ལྡེ་ལགས་ཀྱི་ལས་འགུལ་འདིའི་དམིགས་ཡུལ་གྱི་མངོན་འདོད་འགྲུབ་ཁག་པོ་རེད། རྒྱུ་མཚན་གང་ཡིན་ཟེར་ན། དངུལ་རྐྱང་ནག་པོ་གཉེར་མཁན་ཚོས་སྔོན་ནས་རང་ཉིད་ཀྱི་དངུལ་རྐྱང་ནག་པོ་གང་ཡོད་ཡར་མར་འདྲ་མིན་བྱས་ཏེ་དཀར་པོ་བཟོས་ཚར་ནས་ལྷོད་ལྷོད་ངང་སྲིད་བློན་ལགས་ཀྱིས་སྐར་མ་བཞི་བཅུ་རིང་གི་རྒྱལ་ཡོངས་གཏམ་བཤད་གནང་བ་ལྟ་གྱིན་ཡོད་ཀྱི་རེད། འདི་དང་འདི་ལྟ་བུའི་རྒྱུ་མཚན་མང་པོ་ཡོད་ཀྱང་སྤྱི་སྤྱོད་རླངས་འཁོར་ནང་དུ་འབྲི་བདེ་བོ་མི་འདུག

    དངུལ་ཁང་དང་སྦྲགས་ཁང་ནང་དུ་གོང་གི་དངུལ་ཤོག་གཉིས་ཀྱི་གྲངས་ས་ཡ་ལྷག་བརྗེ་ལེན་བྱེད་སྐབས་དངུལ་དཀར་པོ་མིན་ཡིན་གྱི་བདེན་དཔང་བྱེད་དགོས་ཀྱི་ཡོད།བདེན་དཔང་སྤྲད་མ་ཐུབ་ན་ཁྲིམས་ཁང་དུ་འགྲོ་དགོས་ཆགས་ཡོད།

    བཙན་བྱོལ་ནང་གི་དགོན་སྡེ་དང་བླ་བྲང་ཁག་ལ་དཀའ་ངལ་འཕར་མ་མི་ཡོང་བར་སྨོན

    Reply
  7. ལྷ་རྒོད། says:
    ལོ་ 9 སྔོན།

    འདས་པའི་ཉིན་ལྔ་བཅུའི་ནང་ཚུན་ལ་དངུལ་དེ་དག་ཡོངས་རྫོགས་བརྗེ་བོ་བསློག་དགོས་ཟེར་ན་གང་ཡིན་ནམ། ཉིན་ལྔ་བཅུ་དེ་འབྱུང་འགྱུར་མ་ཡིན་ནམ་་ཧི་ཧི་ཧི་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese