མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤེས་རབ་དགའ་ཚལ་སློབ་གླིང་དང་དཔེ་སྟོན་སློབ་གྲྭའི་ལས་དབང་།

བོད་ཀྱི་དུས་བབ།
༢༠༡༦/༡༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

གངས་ཚ།

ཤེས་ལས་ཀྱི་བཙན་བརྗིད་བཀོད་ཁྱབ་དང་བསྐྱར་ཟློས་འདྲ་བཤུས་ཀྱིས་ “རྣ་བ་བཀོག་ནས་རྐུབ་ལ་ལྷན་པ་བརྒྱབ་” པའི་ལོ་རྒྱུས་ཀྱིས་དངོས་དོན་ལ་བསྙོན་ཐབས་བྲལ་ཡང་། ངན་གོམས་སུ་གྱུར་པའི་ཁག་དཀྲི་བྱ་ཐབས་འདིས་ཤེས་རབ་དགའ་ཚལ་གྱི་སློབ་གཉེར་བ་བདུན་ཅུ་ཙམ་གྱི་བློ་མིག་ཁབ་སྐུད་ཀྱི་ར་མདར་སྦྲན་པ་ཅི་ལ་མིན།

རིགས་ཞེན་ཀྱི་སེམས་འཚོར་ཅིག་གམ་ལོ་རྒྱུས་ཀྱི་ཕམ་ཉེས་ཁྲོད་ནས་གསར་འབྱོར་བའི་དམིགས་པ་གང་དུ་གཏད་པ་ཧི་མ་ལ་ཡ་རྡོག་པས་བརྫི་མྱོང་བ་ཀུན་གྱི་སེམས་ནང་ཁྲིགས་སེ་གདའ་བས། ས་མཐའི་རི་ཁུག་འདི་ནས་ཁང་སྟོང་ལ་ཤི་འཐམ་རོ་འཐམ་བྱེད་པ་མི་རིགས་ཀྱི་འཐབ་རྩོད་པ་ཞིག་གི་རང་གཤིས་མིན་ལ། སློབ་གླིང་འདིའི་སློབ་གསོ་མྱོང་བའི་གྱི་ན་བ་ཚོའི་ལྟ་གྲུབ་ཅིག་དེ་བས་ཀྱང་མིན།   ཕ་ས་ཡངས་པོར་ཀི་སྒྲ་འཐེན་ཞིང་གངས་ཆུ་སྔོན་མོ་ཧབ་འཐུང་བྱེད་མྱོང་བའི་གཞོན་རབས་པ་རྣམས་ཀྱིས་གཞན་ཡུལ་གྱི་རི་ཁུག་འདི་རུ་དཀའ་སྤྱད་ཀྱིས་སྡུག་སྒོམ་བྱེད་པ་ཡང་མི་རིགས་ཅིག་གི་ལས་དབང་ལ་ཕུལ་བའི་ཆོད་སེམས་ཀྱིས་ཀུན་ནས་བླངས་པ་ལས་བག་མེད་དང་རྒྱས་སྤྲོས་ཀྱིས་མི་རེས་ཁང་སྟོང་རེ་བཟུང་རྒྱུའི་ཆེད་དུ་ག་ལ་ཡིན།

གསོག་སྒར་སློབ་གྲྭའི་དར་རྒུད་ཀྱི་ཤུལ་ལམ་རིང་མོར་ཕྱིར་ལྟ་བགྱིས་ཚེ། སྦིར་གསར་འབྱོར་སློབ་གྲྭའི་ནང་དམེ་མཇུག་བསྒྲིལ་ཏེ་བོད་ཁྱིམ་གྱི་ཁྲིམས་སྒྲིག་འོག་ཏུ་འདུ་མི་ཐུབ་པའི་ལོ་ཉི་ཤུ་ཡན་གྱི་གསར་འབྱོར་བ་རྣམས་དཀའ་སྡུག་ཆེ་བའི་དུས་དེར་གཙོ་ཆེར་༸གོང་ས་མཆོག་གི་ཐུགས་རྗེའི་གཟིགས་སྐྱོང་འོག་སྣེ་ལེན་ཁང་གིས་བདག་གིར་བཞེས་ནས་འཛིན་ཁང་དང་ཉལ་ཁང་། ཟས་དོད་མནལ་མལ་སོགས་ཡར་རྒྱས་ཇི་ཙམ་སོང་བ་ཡིད་ལ་དྲན་དགོས་ངེས་མ་ཟད། ད་ཐེངས་མི་རིགས་གཅིག་གི་གསར་སྐྱེས་བྱིས་པ་མང་པོར་འཛིན་ཁང་དང་རྩེད་ཐང་། ཉལ་ཁང་སོགས་མེད་པའི་དཀའ་སྡུག་གི་དུས་དེར་ཨ་ན་ཨུ་ཚུགས་ཀྱིས་ཉལ་ཁང་དང་འཛིན་ཁང་སོགས་སྒེར་བཟུང་བྱེད་པ་དེ་མི་རིགས་ཀྱི་འཐབ་རྩོད་པ་ཞིག་གི་བྱེད་སྟངས་མིན་པར་དེ་ནི། རང་གི་སྐད་ཡིག་ཡར་རྒྱས་ཀྱི་ཐད་དུ་མེ་སྟག་ཆུང་ཆུང་ཞིག་འབར་སའི་དཔེ་སྟོན་སློབ་གྲྭའི་ཐོག་སེམས་ཁུར་མ་བྱས་པ་ལོས་ཡིན།   མ་གཞི་བཀའ་ཁྲིའི་འོས་བསྡུའི་སྔ་ནུབ་ཏུ་གསོག་སྒར་སློབ་ཕྲུག་ལ་སློབ་གྲྭ་ཆེན་པོ་དེ་མི་བདུན་ཅུ་ཙམ་གྱིས་བདག་བཟུང་བྱ་རྒྱུར་རྒྱབ་སྐྱོར་ཡོད་པའི་ལམ་སྟོན་བྱེད་མཁན་བྱུང་ཡོད་པས་ཁྱེད་རྣམས་ཀྱི་རྒྱབ་ཏུ་མི་ཆེན་དག་ཡོད་པའི་རློམ་སེམས་སྐྱེ་སྲིད་ཀྱང་།   དོན་དངོས་དང་བསྟུན་དགོས་པའི་མི་ཆོས་རིང་ལུགས་ཀྱི་བསམ་པ་གཅིག་དང་། ཧམ་སེམས་སྤངས་དགོས་པའི་དམ་པ་ལྷ་ཆོས་ཀྱི་ཉམས་ལེན་ལ་བསམ་ན་སྐྱེ་རྒ་ན་འཆིའི་ཤུལ་ལམ་རིང་མོར་ལོག་འཚོའི་རྡོག་ཁྲེས་ལྕི་མོས་ནོན་མི་དགོས་པར་བསམ་གཞིགས་ཅིག་བྱེད་རན་ཡོད།

ང་རང་སློབ་གླིང་འདིའི་སློབ་གསོ་ཐོབ་མྱོང་བའི་སློབ་ཟུར་ཞིག་ཡིན་ཀྱང་། ད་ཐེངས་སློབ་གླིང་འདིའི་འཛིན་ཁང་དང་ཉལ་ཁང་ཚོགས་ཁང་སོགས་སྡོམ་ཚང་དུ་འགྱུར་བཞིན་པ་མཐོང་དུས་འདི་ནི་ང་ཚོ་བཙན་བྱོལ་བའི་ཆེད་དུ་འགྲོ་གྲོན་གཏོང་མཁན་སྦྱིན་བདག་ཚོའི་ཁྲག་དང་རྔུལ་ཆུས་བསྐྲུན་པའི་རོགས་དངུལ་དེ་ཚོ་ཞི་བདེ་རྒྱ་མཚོའི་ངོགས་སུ་འཕངས་པ་དང་འདྲ་བར་བེད་མེད་དུ་འགྱུར་བར་བསམ་ཚེ་སློབ་གླིང་འདིའི་ནང་གནས་བཞིན་པའི་དགེ་རྒན་དང་སློབ་སྟོན་པ་ཚོའི་སློབ་གསོའི་ཁ་ཕྱོགས་དེ་ཡང་སྤྱི་སེམས་ཅན་ནས་སྒེར་སེམས་ཅན་དུ་འགྱུར་བཞིན་པའི་སྣང་བ་སྟེར་གྱིན་གདའ།

གང་ལྟར་ནའང་ད་ལྟའི་ཆར་སྐབས་བཅུ་གསུམ་པའི་བཀའ་ཤག་གི་སྐབས་སུ་དབུ་བརྙེས་པའི་ཤེས་ཡོན་སྲིད་ཇུས་དང་དཔེ་སྟོན་སློབ་གྲྭ་དེ་སྐབས་བཅུ་བཞི་པའི་བཀའ་ཤག་གི་སྐབས་སུ་ཉམས་མགོ་བཙུག་ནས་སྐབས་བཅོ་ལྔ་པའི་སྐབས་སུ་ཐོར་གཞིགས་ཏུ་འགྲོ་ཉེ་བའི་གཉན་འཕྲང་གི་དུས་ཚོད་ཅིག་ཏུ་སླེབས་ཡོད་ཅིང་། དེར་གྲོས་ཚོགས་ནས་ཛ་དྲག་ངང་ཉེ་འཁོར་གྱི་ས་རྒྱ་ཆེ་ས་ཞིག་ཏུ་སྤོ་དགོས་པའི་གྲོས་ཆོད་བཞག་ཀྱང་། གནའ་བོའི་གཏམ་དཔེར་ཡོད་པོ་མེད་པོར་བཏང་། ད་ར་ཕྱུར་ཁུར་བཏང་ཟེར་བ་ལྟར་དཔེ་སྟོན་གྱི་མགོ་སྐེད་དུམ་བུར་བཅད་ཀྱང་གྲོས་ཚོགས་ཀྱི་ཚོགས་མི་རྣམས་དབུ་འཐོམས་ནས་བཞུགས་པ་རེད། མ་གཞི་གྲོས་ཚོགས་ནང་དུའང་མི་རིགས་ཀྱི་སྐད་ཡིག་ལས་རང་སྒེར་གྱི་འབྲེལ་བ་དང་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུ་གལ་ཆེར་བརྩི་མཁན་མང་པོ་འཛོམས་ཡོད་པས་ཤེས་རིག་བཀའ་བློན་གྱིས་དཔེ་སྟོན་སློབ་གྲྭའི་ཐོག་གི་ཐག་གཅོད་དེ་གྲོས་ཚོགས་སུ་སྒྲོག་པར་ཚང་མས་འགྲིག་མིན་གྱི་གསལ་འདེབས་གང་ཡང་མ་བྱས།   ཁོང་ཚོར་ཡང་ཁག་མེད་རྒྱུ་རེད། ཁོང་ཚོས་དཔེ་སྟོན་སློབ་གྲྭའི་དངོས་ཡོད་ཀྱི་དཀའ་ངལ་ཤེས་ཀྱི་མེད་ལ་དོ་སྣང་ཡང་བྱེད་ཀྱི་མེད།   གྲོས་ཚོགས་ཀྱི་ནང་དུ་ཆབ་སྲིད་ཕྱོགས་ཞེན་གྱི་ས་འོག་དར་ཐག་འཐེན་རྒྱུར་རློམ་ནས་སྤྱི་དོན་དང་མི་རིགས་ལ་བསམ་གཞིགས་ཇི་ལྟར་བྱེད།

ཉེ་ཆར་དཔེ་སྟོན་གྱི་སློབ་སྤྱི་ལས་ཚབ་བསྟན་འཛིན་སྒྲོལ་མ་མཆོག་ནས་དཔེ་སྟོན་ལ་འཛིན་གྲྭ་དགུ་པ་བཅུ་པ་ཚུགས་མི་ཐུབ་པའི་རྒྱུ་མཚན་གཞན་ཞིག་བགྲངས་སོང་ལ། དཔེ་སྟོན་གྱི་གཏན་སློབ་རིམ་བཞིན་མེད་པ་བཟོ་རྒྱུ་ཡིན་པ་ལས་ལམ་སེང་བཟོ་འཆར་མེད་པ་དང་། འཛིན་རིམ་དགུ་པ་དང་བཅུ་པ་མེད་པ་ཅོང་ཏ་རར་སྤོ་དགོས་དོན་ཡང་ས་རྒྱ་ཆུང་དྲགས་པས་དཔེ་སྟོན་ལ་རྒྱ་གར་གཞུང་གིས་ངོས་འཛིན་མེད་པའི་སྐོར་ཕ་མ་ལ་གསལ་བཤད་ཅིག་བྱས་ཀྱང་མདོར་བསྡུས་ན་གཞུང་ཕྱོགས་ནས་དཔེ་སྟོན་གྱི་ད་ལྟའི་གནས་བབ་ལ་ཡར་རྒྱས་གཏོང་འདོད་མེད་པ་དང་། འབྲེལ་ཡོད་མགོ་འཛིན་ཚོས་ཀྱང་འཇོན་གྱི་མེད་པར་བརྟེན་ནས་རྒྱ་གར་གཞུང་གི་ཆོག་མཆན་ཐོབ་ཐུབ་ཀྱི་མེད། ད་ལྟ་མི་སྒེར་རེ་ཟུང་གིས་ཀྱང་ཚོགས་པ་བཙུགས་ས་ཆ་ཉོས་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་ཐུབ་ཀྱི་ཡོད། དཔེར་ན་གྲྭ་པ་དཀྱུས་མ་ཞིག་གིས་བཙུག་པའི་གཏོང་ལེན་ལྟ་བུས་ས་ཆ་དེ་ཙམ་རྒྱ་ཆེན་ཉོ་ཐུབ་ཡོད་ལ། དོན་གྲུབ་གླིང་གཞིས་སྒར་གྱི་སློབ་གྲྭ་ལྟ་བུ་མི་སྒེར་གྱིས་བཙུག་པའི་སློབ་གྲྭར་རྒྱ་གར་གཞུང་གིས་ངོས་འཛིན་ཐོབ་ཡོད།   དེའི་རྒྱུ་མཚན་ཅི་ཡིན་ཞེ་ན་ཨིན་ཇིའི་གཏམ་དཔེར་ “གང་དུ་འདོད་པ་ཡོད་པ་དེ་ལ་ལམ་ཞིག་ཡོད་” ཟེར་བ་བཞིན་འབད་བརྩོན་བྱས་ན་བསྒྲུབ་ཐུབ་པ་ཞིག་ཡིན། དཔེ་སྟོན་དུ་རྒྱ་གར་གཞུང་གི་ཆོག་མཆན་མ་ཐོབ་པའི་རྒྱུ་མཚན་གང་རེད་ཅེ་ན་དེ་ནི་སློབ་གྲྭ་འདིར་རྒྱ་གར་གཞུང་གིས་ཆོག་མཆན་སྤྲོད་འོས་པའི་མཐུན་རྐྱེན་སྦྱར་མེད་པ་དེས་ཡིན།   དེ་ཕར་ཁག་དཀྲི་མི་རུང་བར་ང་ཚོ་བོད་པའི་དབང་འཛིན་མི་སྣ་ཚོས་བོད་ཕྲུག་རྣམས་ཀྱི་བདེ་ཐང་དང་འཚར་ལོངས་བཅས་ལ་བསམ་གཞིགས་ཀྱིས་མཐུན་རྐྱེན་ཡར་རྒྱས་མ་བཏང་བ་དེས་ཡིན།

མདོར་བསྡུས་ཏེ་བཤད་ན་ད་ལྟའི་ཆར་དཔེ་སྟོན་གྱི་དཀའ་ངལ་སེལ་ཐུབ་མཁན་ནི་གསོག་སྒར་གྱི་སློབ་ཕྲུག་རྣམས་ལས་གཞན་གྱིས་འགན་འཁུར་ལེན་རེ་བྲལ་བས། ད་མུས་བཞིན་གནས་ཚེ་དཔེ་སྟོན་གྱི་ཕྲུ་གུའི་ཕ་མ་རྣམས་ཀྱང་རང་གི་ཕྲུ་གུ་བོད་ཁྱིམ་མམ་ཨིན་ཇིའི་སློབ་གྲྭ་གང་རུང་ཞིག་ཏུ་མི་གཏོང་ཐབས་མེད་རེད་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཞེན་ཆགས་བྱེད་ཐབས་བྲལ་བ་ཞིག་ཏུ་འགྱུར་ངེས་སོ།།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༧ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 3

  1. སྟག་ཕྲུག་ says:
    ལོ་ 7 སྔོན།

    དཔེ་སྟོན་སློབ་གྲྭ་ལས་དབང་མཇུག་རྫོགས་པ་ཡིན་ནམ། བོད་ཀྱི་སྐད་ཡིག་རིག་གནས་མཇུག་རྫོགས་པ་ཡིན། གང་ལྟར་འདa་པའི་ལོ་ཤས་རིང་དུ་དཔེ་སྟོན་སློབ་གྲྭའི་ནང་ནས་བོད་མི་གཙང་མ་མི་ཉུང་བ་ཞིག་ཐོན་ཡོང་བའི་རེ་བ་ཆེན་པོ་མངོན་རུང་བཙན་བྱོལ་བའི་འགོ་གཙོ་དག་གིས་དེ་ཡག་ཏག་ཏག་མར་གཡུག་གིན་ཡོད་པ་འདྲ། ན་ིན་ཨ་རིའི་སྒོར་མོ་ལས་མི་རིགས་གསོན་གནས་བྱ་མཁན་གྱི་བོད་མི་དག་མ་རེ་འཁྲུངས་ཡོང་བའི་སྨོན་ལམ་རྒྱག་དགོས་པ་འདྲ། ངོ་མ་བྱ་སྤྱོད་འདི་དག་ལ་ཞེ་མེར་ལོག་གི་ཡ་་་་་

    Reply
  2. རིག་གྲོལ། says:
    ལོ་ 7 སྔོན།

    ཨ་རོགས་གངས་ཚ་ལགས། ཁྱོད་ཀྱིས་སེམས་དཀར་པོ་ཞིག་འཁྱེར་ཏེ་སྤྱི་ཕན་དང་ཕུགས་རེ་ཞིག་གི་ཕྱིར་དེ་ལྟར་བྲིས་ཀྱང་། གསན་དགོས་ངེས་ཀྱི་བོད་མི་ཉུང་ལ་དོན་དངོས་སུ་ཁ་བཤད་ལག་བསྟར་བྱེད་པའི་དབུ་ཁྲིད་ཀྱིས་དབུལ་བའི་ངེས་ཚང་གི་བཙལ་བྱོལ་སྤྱི་ཚོགས་འདིར་སྤྱི་སྨན་ཇི་ཙམ་གླེང་ཡང་ཆུ་ནང་དུ་རྡོ་འཕངས་པ་དང་མཚུངས། དེ་མིན་ན། ཁྱོད་ཀྱིས་གསུངས་པ་དེ་བཞིན་གྲོས་ཚོགས་རྭ་བར་གནས་སྐབས་ཀྱི་དཀའ་སེལ་སླད་སམ་བྷོ་ཊར་དཔེ་སྟོན་འབྲིང་རིམ་འཛིན་གྲྭ་ཚོགས་རྒྱུ་དང་མ་འོངས་དཔེ་སློབ་གྲྭའི་ཡར་རྒྱས་དང་འབྲེལ་བའི་ལས་དོན་ཁག་གོམ་པ་རིམ་པ་བྱ་རྒྱུ་ཡིན་སྐོར་དང་། ཉིན་སྔོན་སློབ་སྤྱིའི་བཀའ་མོལ་གཉིས་ཁ་ཞེ་མི་མཐུན་པ་བྱུང་སྲིད་དམ།
    ད་བོད་ལ་སེམས་ཚོས་ཚིག་གཉིས་ལས་བརྗོད་མེད་པ་ནི་ ‘ཨ་ཁ་་་་་’ དེ་རེད་ཡཱ

    Reply
  3. gendun says:
    ལོ་ 7 སྔོན།

    ཡག་པོ་བྲིས་འདུག ད་ལྟའི་ང་ཚོའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྐོར་ཞིག་སྐྱོན་ངོས་ལེན་བྱེད་མི་སྲིད། གལ་སྲིད་བྱས་ཡོད་ན་དཔེ་སྟོན་སློབ་གྲྭ་གནས་སྟངས་དེ་འདྲ་ཞིག་ཆགས་རྒྱུ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist