མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་དངུལ་ལོའི་གསར་བརྗེ་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

༄༅ །། རྒྱ་གར་ནང་དངུལ་སྒོར་གསར་བརྗེ་བྱས་པ་དང་ཁྲིམས་འགལ་གྱི་ཚོང་གཉེར་བ་དང་

དངུལ་རྫུན་ཁྲོམ་རར་གཏོར་བཅོམ་དྲག་པོ་བྱས་པ།

བྷེང་ལོར། རྟ་མགྲིན།

སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཀྱི་ཕྱི་དྲོ་རྒྱ་གར་སྲིད་བློོན་མོ་རྡི་ཡིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་གསལ། ཉིན་དེ་གའི་མཚན་དཀྱིལ་ནས་སྔར་ཡོད་རྒྱ་གར་གྱི་དངུལ་ལོར་ལྔ་བརྒྱ་དང་སྟོང་ལོར་གཉིས་ཀྱི་འགྲོ་རྒྱུགས་ཡོངས་སུ་མཚམས་འཇོག་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། ལྔ་བརྒྱ་དང་ཉིས་སྟོང་གི་ཤོག་དངུལ་གསར་པ་རྒྱལ་ཡོངས་སུ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཉིན་དེ་གའི་ཕྱི་ཉིན་ཕྱི་ཚེས་ ༩ ཉིན་རྒྱ་གར་རྒྱལ་ཡོངས་དངུལ་ཁང་ཡོངས་སུ་སྒོ་བརྒྱབས་ཏེ་ཕྱི་ཚེས་ ༡༠ ཉིན་ནས་མགོ་བཙུགས་པའི་བཀག་སྡོམ་བྱས་ཟིན་པའི་དངུལ་ལོར་ཕྱིར་བསྡུའི་ལས་རིམ་བཀོད་སྒྲིག་བྱས་འདུག

people-getting-rid-of-500-and-1000-rupees-notes-652x400-1-1478782739

དེ་རིང་བཟུང་སྟེ་མི་དམངས་ཁྱོན་ཡོངས་ཀྱི་ལག་ཡོད་དངུལ་ལོར་ལྔ་བརྒྱ་དང་སྟོང་ལོར་ཇི་ཡོད་ཟླ་རྗེས་མའི་ཚེས་ ༣༠ བར་དངུལ་ཁང་ནང་བཅོལ་ཟིན་པ་དགོས་ཀྱི་ཡོད། དེ་མཚུངས་དེ་རིང་ནས་བཟུང་སྟེ་ཉིན་རེར་དངུལ་རྙིང་དངུལ་ཁང་ནས་བརྗེས་མགོ་ཚུགས་ཟིན། དེ་ཡང་ཆ་རྐྱེན་འགའི་འོག་ནས་དངུལ་ལོར་གསར་བརྗེ་དགོས་པ་ལས་ཐད་ཀར་དངུལ་རྙིང་ཕྱིར་སྤྲད་ནས་དངུལ་གསར་ལེན་ཆོག་ཆོག་ཅིག་མི་འདུག རྒྱ་གར་གཞུང་དངུལ་དཔར་དངུལ་ཁང་ནས་བཏོན་པའི་འགེང་ཤོག་དེའི་ནང་རང་ཉིད་ཀྱི་ངོས་འཛིན་དཔང་ཡིག་Addhar Card ངོས་འཛིན་ལག་ཁྱེར། Voter card འོས་འཕེན་ལག་ཁྱེར། PAN card ཁྲལ་འཇལ་ལག་ཁྱེར། Driving license ཁ་ལོ་བའི་ལག་ཁྱེར་བཅས་གང་རུང་གི་ཐོག་ཏུ་ཡོད་པའི་མིང་དང་དཔང་ཡིག་གི་ཨང་གྲངས་བཅས་བཀོད་རྗེས་གཞི་ནས་དངུལ་ཁང་གི་ལས་བྱེད་པས་དོ་ནན་ཞིབ་བཤེར་བརྒྱུད་གློག་ཀླད་ནང་དོ་དག་སོ་སོའི་གཞི་རྩའི་གནས་ཚུལ་སྡོད་གནས་ཁ་བྱང་དང་ཐོབ་ཁུངས་སོགས་གཏན་འཁེལ་གསལ་རྗེས་ཉིན་རེར་སྒོར་ ༤༠༠༠ རེ་བརྗེས་ཆོག་གི་ཡོད། ད་དུང་། དངུལ་ཁང་ནང་དངུལ་བཅོལ་ལ་གྲངས་ཚད་མེད་ཀྱང་། སྒོར་འབུམ་གཉིས་དང་ཕྱེད་(ཁྲི་ཉི་ཤུ་རྩ་ལྔ་)ཡན་ཡིན་ཕྱིན་རང་ཉིད་ཀྱི་ལས་རིགས་དང་དངུལ་གྱི་ཡོང་སྒོ་གང་ཡིན་སོགས་ཁ་གསལ་འཁོད་དགོས་ཀྱི་ཡོད། གལ་སྲིད་དངུལ་གྱི་ཡོང་སྒོ་དང་དངུལ་འབོར་གཉིས་ཀྱི་བར་ལ་ཆ་མ་མཚུངས་པའི་གནས་ཚུལ་གསལ་ཚེ་རྒྱ་གར་གཞུང་དངུལ་དཔར་དངུལ་ཁང་ RBI དང་ལས་གཞི་དེའི་ཞིབ་འཇུག་ཚོགས་པ་བརྒྱུད་ཁྲལ་འགེལ་ཉེས་ཆད་ཚ་ནན་འཕོག་རྒྱུ་གཏན་འཁེལ་ཟིན་ཞེས་ཁ་སང་ཕྱི་དྲོ་གསལ་བསྒྲགས་སྤེལ་སོང་།

ད་ཐེངས་ཀྱི་འཆར་གཞི་འདི་ནི་སྲིད་བློན་ལས་ཁུངས་དང་རྒྱ་གར་གཞུང་དངུལ་དཔར་དངུལ་ཁང་གཉིས་ཀྱིས་ཟླ་གསུམ་གྱི་སྔོན་ནས་ཚོགས་འདུ་གང་མང་འཚོགས་པ་བརྒྱུད་གཏན་འབེབས་བྱས་ཏེ་ད་བར་གསང་བ་བྱས་པ་རེད་ཅེས་གསར་ལམ་ཁག་ནས་འགྲེལ་གྱིན་འདུག དེ་ཡང་ཉེ་འཁོར་གྱི་དངུལ་ཁང་ལས་བྱེད་པ་སོགས་སུས་ཀྱང་གསང་བ་དེའི་གནད་དོན་རྟོགས་མེད་པས་ད་ཐེངས་ཀྱི་ལས་གཞི་ཆེན་པོ་འདི་ལམ་ལྷོངས་བྱུང་ཡོད་པ་རེད། ལས་གཞི་འདིའི་དམིགས་ཡུལ་ནི་རྒྱ་གར་ནང་གཞུང་ཁྲལ་ལ་གཡོལ་བཞིན་ཡོད་པའི་དངུལ་གྱི་འབོར་ཚད་ཧ་ཅང་མང་བ་དང་། ལྔ་བརྒྱ་དང་སྟོང་ལོར་རྫུན་མ་ཕོན་ཆེན་པོ་ཡོད་པ། འཇིགས་སྐུལ་དྲག་སྤྱོད་པའི་དངུལ་ལོར་རྫུན་མའི་ཁྲོམ་ར་ཆེ་ཤོས་ཤིག་ཏུ་གྱུར་བ། སྤྱིར་རྒྱ་གར་གྱི་ཤོག་དངུལ་རྫུན་མ་རྣམས་པཀ་ཀི་སི་ཐན་གྱི་ནང་དུ་བཟོས་རྗེས་བལ་ཡུལ་བརྒྱུད་ས་འབྲེལ་ས་མཚམས་ཁག་ནས་རྒྱ་གར་ནང་འགྲེམས་ཚོང་བྱེད་ཀྱི་ཡོད་པ་རེད། དེ་ཡང་དངུལ་ལོར་རྫུན་མ་འབུམ་གཅིག་ལ་དངུལ་ལོར་ངོ་མ་ཁྲི་གཉིས་སྤྲད་ནས་ཉོ་འཚོང་བྱེད་ཀྱི་ཡོད་པའི་གནས་ཚུལ་སྔར་ནས་གསལ་བཞིན་ཡོད། ཚོང་ར་དེ་ནི་ཁང་ཚོང་ཁེ་གཉེར་བ་སོགས་གཞི་རྒྱ་ཆེ་ཁག་གི་ཚོང་རིགས་ཁོར་ཡུག་བརྒྱུད་མི་དམངས་སུ་ཁྱབ་ཀྱིན་ཡོད་པ་རེད་འདུག དངུལ་ལོར་དེ་གཉིས་རྩ་མེད་བཟོ་རྒྱུའི་དམིགས་འབེན་བཟུང་དགོས་དོན་ནི་རྒྱ་གར་གྱི་ཤོག་དངུལ་གྱི་འགྲོ་རྒྱུགས་ཁྲོད་ལྔ་བརྒྱ་དང་སྟོང་ལོར་རྙིང་པ་དེ་གཉིས་ཀྱིས་རྒྱ་གར་གྱི་དངུལ་གྱི་འགྲོ་རྒྱུགས་ཀྱི་བརྒྱ་ཆ་ ༨༦% བཟུང་ཡོད་པས་དེ་གཉིས་ནི་རྒྱ་གར་གྱི་དངུལ་གྱི་ཁྲོམ་རའི་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་རེད་འདུག

ད་ལྟའི་གནས་ཚུལ་ནི་ཟླ་རྗེས་མའི་ཟླ་མཇུག་བར་ཉིན་ལྔ་བཅུ་དེའི་རིང་ལྟད་མོ་མང་པོ་མཐོང་རྒྱུ་ཡོད་ཅིང་། ནག་ཚོང་རྒྱག་མཁན་རྣམས་ལ་འཇབ་རྒོལ་ཆེས་སྡུག་ཤོས་དེ་ཕོག་པ་རེད། དེ་རིང་སྔ་དྲོའི་གསར་འགྱུར་ནང་གསལ་མདང་དགོང་མཚན་དཀྱིལ་རྒྱ་གར་གྱི་མངའ་སྡེ་ U.P. ནང་མི་འགས་དངུལ་ལོར་རྙིང་པ་སྒྱེ་མོའི་ནང་དབོར་ཏེ་མེར་བསྲེགས་བཏང་ཡོད་པའི་གནས་ཚུལ་ཐོན་ཞིང་། ས་གནས་ཉེན་རྟོགས་པས་ཤེས་རྟོགས་བྱུང་ཕྲལ་ས་ཡུལ་དངོས་ཀྱི་དངུལ་ལོར་གྱི་ཚིག་རོ་རྣམས་རྒྱ་གར་གཞུང་དངུལ་དཔར་དངུལ་ཁང་ལ་སྤྲད་དེ་གནས་ཚུལ་དེའི་ཐད་རྟོགས་ཞིབ་བྱ་རྒྱ་ཡིན་འདུག དེ་བཞིན་མི་དམངས་ཁྲོད་གལ་སྲིད་ཧིན་སྒོར་ས་ཡ་གཅིག་ཁྱེད་ཀྱིས་ཁྲིམས་མཐུན་ནམ་དངུལ་དཀར་རུ་བསྒྱུར་ཐུབ་ཚེ་དངུལ་འབོར་དེའི་གྲངས་ཚད་ཀྱི་བརྒྱ་ཆ་བཅུ་སྤྲོད་ཀྱིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད། འོན་ཀྱང་། ཉིན་གྲངས་ལྔ་བཅུ་དེའི་ནང་དངུལ་རྙིང་དངུལ་ཁང་དུ་བཅོལ་ཆོག་པ་ལས་ཕྱིར་དངུལ་དམར་སྤྲོད་ཚད་བདུན་ཕྲག་གཅིག་གི་རིང་སྒོར་ཁྲི་གཅིག་དང་དེ་ནས་རིམ་གྱིས་གཉིས་ལྷག་སྤར་རྒྱུ་ཡིན་པ་རེད། དེ་ལྟར་ན་རྒྱ་གར་གྱི་དངུལ་གྱི་འགྲོ་རྒྱུགས་ནང་བརྒྱ་ཆ་ ༨༦% དངུལ་ལོར་དེ་གཉིས་ཀྱིས་བཟུང་ཡོད་པས་གྲངས་རྩིས་རིག་པའི་སྒོ་མོ་ག་ཚོད་བརྡུང་ཡང་ཕལ་ཆེར་དཀའ་ཁག་གི་གནས་སུ་གྱུར་ཡོད་ཅིང་། ཉིན་ལྔ་བཅུའི་རྗེས་སུ་དངུལ་ལོར་དེ་གཉིས་ཤོག་སྙིགས་ཀྱི་རིན་ཐང་ལས་མེད་པར་འགྱུར་རྒྱུ་རེད།

སྤྱིར་ད་ཐེངས་བཞིན་དངུལ་ལོར་བཀག་སྡོམ་དང་རྩ་མེད་བཏང་བ་རྒྱ་གར་གྱི་ལོ་རྒྱུས་སུ་ཐེངས་དང་པོ་མིན་ཞིང་། སྤྱི་ལོ་ ༡༩༧༨ ལོར་རྒྱ་གར་གྱི་དངུལ་ལོར་ ༡༠༠༠ དང་ ༥༠༠༠ དེ་བཞིན་ ༡༠༠༠༠ དངུལ་ལོར་བཅས་རྩ་མེད་བཏང་ཡོད་པ་རེད། དེ་ཡང་རྒྱ་གར་གྱི་དཔལ་འབྱོར་ཁྱབ་ཁོངས་ནང་ཁྲིམས་འགལ་དངུལ་འབོར་ཆེ་དྲགས་པས་མཐར་སྤྱི་དོན་ནམ་རྒྱལ་དོན་གྱི་ཆེད་(High denomination Bank Act,1978)ལས་གཞིའི་འོག་དངུལ་ལོར་མི་འདྲ་བ་དེ་གསུམ་རྩ་མེད་བཏང་འདུག ཕྱིས་སུ་སྤྱི་ལོ་ ༢༠༠༠ ལོར་གཞི་ནས་ད་ལྟ་འགྲོ་རྒྱུགས་བཀག་པའི་སྟོང་ལོར་དེ་ཉིད་གསར་བཟོ་བྱས་པ་རེད་འདུག

ཕྱོགས་གཞན་ནས་ཆབ་སྲིད་ཕྱོགས་འགལ་ཚོགས་པ་ཁག་དང་སྤྱིར་ལས་གཞི་དེའི་ཐད་མི་འདོད་པའི་རྣམ་འགྱུར་སྟོན་མཁན་རྣམས་ཀྱིས་ལས་གཞི་དེ་ནི་སྲིད་བློན་མོ་རྡི་ཡི་ལམ་ལྷོངས་མ་བྱུང་བའི་ཆབ་སྲིད་ལས་གཞི་གཞན་རྣམས་འགེབས་སྲུང་དང་མི་དམངས་ཀྱི་དོ་སྣང་མ་འབྱུང་ཆེད་སྤེལ་བའི་ལས་མེད་ཀྱི་རྩོད་རྙོག་བསླངས་བར་འགྲེལ་ཞིང་། ཐེངས་རྗེས་མའི་སྲིད་བློན་འོས་འཕེན་གྱི་གྲ་སྒྲིག་གམ་རང་ཉིད་སྒེར་ལ་འོས་ཤོག་འཐོབ་ཆེད་གཞུང་གྲོན་བཏང་ནས་སྒེར་གྱི་དྲིལ་བསྒྲགས་ངོ་བོའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་རེད་ཅེས་བརྗོད་མཁན་ཡང་འདུག གང་ལྟར་དྲ་ལམ་ནས་ལས་གཞི་དེའི་ཐད་མི་དམངས་ཀྱི་བསམ་ཚུལ་འོས་བསྡུ་བྱས་པ་ལས་བརྒྱ་ཆ་ ༩༠% མ་ཟིན་ཙམ་གྱིས་རྒྱབ་སྐྱོར་ཐོབ་ཅིང་མི་དམངས་ཁྱོན་ཡོངས་ནས་ད་ཐེངས་སྲིད་བློན་གྱི་གློ་བུར་བའི་འཇབ་རྒོལ་ཐེངས་གཉིས་པ་དེ་(གློ་བུར་བའི་འཇབ་རྒོལ་དང་པོ་དེ་ནི་ཉེ་ཆར་རྒྱལ་མཚམས་བརྒལ་ནས་པཀ་ཀི་ཐན་གྱི་དྲག་སྤྱོད་པའི་ལྟེ་གནས་གཏོར་བཅོམ་བྱས་པ་དེ་ཡིན།)ཧ་ཅང་ཡག་པོ་འདུག་ཅེས་གླེང་བཞིན་འདུག

 

སྤྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༠ ཉིན།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

སྐར་མ ༤༡ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 1

  1. དངོས་གྲུབ says:
    ལོ་ 9 སྔོན།

    གནས་ཚུལ་ཞིབ་ཚགས་དུས་ཐོག་སྤེལ་འདུག་པས་དགའ་བསུ་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese