མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་གནས་སྤོ་མི་མང་ཕྱིར་འཕུད་གཏོང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་མ་འོངས་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་ཡིས་མི་འགྱང་བར་ཨ་རིའི་ནང་གི་ཉེས་དོན་དང་འབྲེལ་བའི་གནས་སྤོས་མི་མང་ས་ཡ་ ༢ ནས་ ༣ བར་ཕྱིར་འཕུད་གཏང་རྒྱུ་ཡིན་སྐོར་བརྗོད་འདུག

donald-trump-60-minutes-2-2016-11-11ཁ་སང་ཨ་རིའི་སེ་བྷེ་ཨེ་སི་ (CBS) བརྙན་འཕྲིན་ཁང་གིས་སྐར་མ་ ༦༠ རིང་ལ་གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་མ་འོངས་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་བཅར་འདྲི་ཞུས་སྐབས། ཁོས་ཨ་རིའི་གནས་སྤོས་སྲིད་ཇུས་སྐོར་ལ། ང་ཚོའི་རྒྱལ་ཁབ་ནང་ཉེས་ཅན་པ་དང་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གི་ཁོངས་མི། ནག་ཚོང་གཉེར་མཁན་སོགས་ཧ་ལམ་མི་གྲངས་ས་ཡ་ ༢ ནས་ ༣ བར་ཡོད་པ་ཚོ་མི་འགྱང་བར་ང་ཚོའི་རྒྱལ་ཁབ་ནང་ནས་ཕྱིར་འཕུད་གཏང་བའམ་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན། ཁོ་ཚོ་ཚང་མ་ཁྲིམས་འགལ་གྱིས་ཡོང་བ་ཡིན་སྟབས། ང་ཚོས་ཁོང་ཚོ་ཕྱིར་ཕུད་གཏང་གི་ཡིན། རྒྱལ་མཚམས་བརྟན་སྲུང་བྱས་རྗེས། རྒྱལ་མང་གཉིས་སླར་ཡང་བདེ་འཇགས་ཡོང་གི་རེད། ང་ཚོས་མཐའ་མཚམས་བརྒྱུད་ནས་གནས་སྤོར་ཡོང་མཁན་ཚོ་འཇིགས་སྐུལ་དྲག་སྤྱོད་པ་དང་འབྲེལ་བ་ཡོད་མེད་ཐག་གཅོད་གསལ་བོར་བྱེད་དགོས། ང་ཚོས་མཐའ་མཚམས་བརྟན་སྲུང་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་འདུག

ཕྱི་ཚེས་ ༡༠ ཉིན་སྲིད་འཛིན་ཨོ་བྷ་མ་དང་སྐུ་ཞབས་ཊི་རུམ་ཕི་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་བྱས་པའི་སྐོར་ནས་ཁོས། སྤྱིར་བཏང་ངེད་གཉིས་ཀྱིས་ནང་སྲིད་དང་ཕྱི་སྲིད་སྐོར་ནས་ཧ་ལམ་ཆུ་ཚོད་ ༤ རིང་གླེང་མོལ་བྱས་ཡིན། ཁོང་གིས་ང་ལ་ད་ཆར་ང་ཚོར་འཕྲད་བཞིན་པའི་རྒྱལ་དོན་ལེགས་ཉེས་མང་པོ་བཤད་སོང་། གསལ་བོར་བཤད་ན། ངེད་གཉིས་ཀྱིས་དཀྱིལ་ཤར་ཡུལ་གྲུའི་སྐོར་ནས་གླེང་མོལ་བྱས་ཡིན་ལ། དེ་ནི་ཧ་ཅང་གི་དཀའ་རྙོག་ཅིག་ཆགས་ཡོད་པ་རེད། ཁོང་གི་ཆབ་སྲིད་ལྟ་ཚུལ་ཐད་ང་ལ་ངེས་ཤེས་ཟབ་མོ་ཐོབ་སོང་། ངས་མ་འོངས་པར་དཀྱིལ་ཤར་ཡུལ་གྲུ་དང་བྱང་ཀོ་རི་ཡ། ད་ལྟའི་འཕྲོད་བསྟེན་ལྟ་སྐྱོང་བཅས་ཀྱི་ཐོག་དོ་སྣང་བྱ་རྒྱུ་ཡིན། ད་ལྟའི་འཕྲོད་བསྟེན་ལྟ་སྐྱོང་དཀའ་རྙོག་ཆགས་ཡོད་པ་རེད། ཅེས་བརྗོད་འདུག

ཁོང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པའི་སྐོར་ནས་ཁོས། འདས་པའི་ལོ་ངོ་ ༡༥ རིང་གི་དམག་འཁྲུག་ཁྲོད་མི་མང་གི་ཚེ་སྲོག་ཤོར་བ་དང་ཕམ་ཉེས་བྱུང་བ། མི་མང་ལས་མེད་ཆགས་པ་དང་། ང་ཚོའི་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་གཞུང་ལམ་དང་ཟམ་པ། ཕུག་ལམ་དང་གནམ་ཐང་སོགས་རྙིང་རལ་དུ་གྱུར་ཡོད་ནའང་། ད་ལྟའི་བར་ང་ཚོས་དཀའ་ངལ་འདི་དག་ཚང་མ་སྣང་མེད་བསྐྱུར་ཏེ། ང་ཚོས་དཀྱིལ་ཤར་ཡུལ་གྲུ་ཁག་ནང་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ ༦ ལྷག་གི་འགྲོ་གྲོན་བཏང་བ་རེད། ལྟོས་དང་། ཡུལ་ལུང་མང་པོ་ཞིག་གིས་ང་ཚོའི་རྒྱལ་ཁབ་ཀྱི་ཁེ་བཟང་འཁྱེར་བཞིན་ཡོད་པ་རེད། ང་ཚོའི་རྒྱལ་ཁབ་ཀྱི་སྟོབས་འབྱོར་ཉམས་རྒུད་འགྲོ་བཞིན་འདུག དེ་བས་ངས་མ་འོངས་པར་ཨ་རིའི་རྒྱལ་ཁབ་གཙོ་བོར་འཛིན་གྱི་ཡིན། ངས་གནད་དོན་དེ་དག་སྤོབས་པ་ཆེན་པོའི་སྒོ་ནས་བཤད་ཀྱི་ཡོད། དེར་བརྟེན། ང་ལ་ལས་སླ་བོར་སྲིད་འཛིན་རྒྱལ་ཁ་ཐོབ་པ་རེད། ཅེས་བརྗོད་འདུག

ཁོང་གིས། ང་ཚོས་མ་འོངས་པར་འཕྲོད་བསྟེན་ལྟ་སྐྱོང་སྲིད་ཇུས་དང་། གནས་སྤོས་སྲིད་ཇུས། དཔྱ་ཁྲལ་སྲིད་ཇུས་སོགས་འཕོ་འགྱུར་བཏང་སྟེ། ང་ཚོས་དཀའ་རྙོག་དེ་དག་སེལ་རྒྱུ་ཡིན། ང་ཚོས་མི་མང་གིས་ཨ་རིའི་གྲོས་ཚོགས་ལ་ཞུ་གཏུགས་བྱེད་པའི་སྲིད་ཇུས་གཙང་དག་བཟོ་དགོས། ང་ཚོས་ཕྱིའི་དངུལ་ལོར་ཉོ་འཚོང་ལ་ཚོད་འཛིན་དང་དམ་དྲགས་བྱ་དགོས། མི་མང་གིས་ཨ་རིའི་གཞུང་ལ་ལས་ཀ་བྱས་རྗེས། ཞུ་གཏུགས་(Lobbyist)བྱེད་མཁན་ཆགས་འདུག ཨ་རིའི་རྒྱལ་ཡོངས་སུ་ཞུ་གཏུགས་ཁང་ཁྱབ་ཆེན་པོ་འདུག དེ་ནི་ད་ལྟའི་སྒྲིག་འཛུགས་ཀྱི་གནད་དོན་ཡིན་སྟབས། ང་ཚོས་ཞུ་གཏུགས་སྒྲིག་འཛུགས་གཙང་དག་བཟོ་དགོས། ངས་ནང་སྲིད་བློན་ཆེན་ལྷན་ཚོགས་སྐོར་ཐག་གཅོད་བྱས་ཡོད་ཀྱང་། ད་ཆར་གནས་ཚུལ་དེ་ཞུ་རྒྱུ་མིན། ཞེས་སོགས་བརྗོད་འདུག

ཁོང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་ནས་འདས་པའི་ཉིན་ ༥ རིང་ཨ་རིའི་མངའ་སྡེ་ཁག་ཅིག་ནང་སློབ་ཆེན་སློབ་མ་དང་ལྕམ་ཧེ་ལ་རེའི་རྒྱབ་སྐྱོར་བ། དེ་བཞིན། ཨ་རིའི་ནང་གི་གནས་སྤོས་མི་སེར་སྟོང་ཕྲག་མང་པོས་ཁོང་ལ་ངོ་རྒོལ་ཤུགས་ཆེན་བྱེད་པའི་ཐད་ཁོས། གནད་དོན་དེ་ནི་མི་མང་གིས་ང་ཡག་པོ་ཞིག་མ་ཤེས་པའི་རྐྱེན་གྱིས་ཡིན་པར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། ང་ཚོས་ཨ་རིའི་རྒྱལ་ཁབ་ཀྱི་སྟོབས་འབྱོར་བསྐྱར་གསོ་བྱེད་ཀྱི་ཡོད་སྟབས། མི་མང་གིས་ངའི་རྒྱལ་ཁར་ཞེད་སྣང་བྱེད་དགོས་པ་མ་རེད། འོས་འདེམས་ཀྱི་དུས་ཡུན་ཐུང་ཐུང་འདིའི་ནང་མི་མང་གིས་ངོ་རྒོལ་སྐད་འབོད་བྱེད་ཀྱིན་ཡོད་པ་རེད། གལ་ཏེ་ཧེ་ལ་རེ་ལ་རྒྱལ་ཁ་འཐོབ་ཡོད་ནའང་། མི་མང་ཕྱི་ལོགས་ལ་ཡོང་ནས“རྒྱལ་ཁ་དེ་ནི་འཇིགས་སུ་རུང་བ་ཞིག་རེད”ཅེས་ངོ་རྒོལ་སྐད་འབོད་བྱ་སྲིད་པ་རེད། མི་མང་གིས་རྣམ་འགྱུར་སྟོན་སྟངས་འདྲ་ཡི་མ་རེད། ཅེས་སོགས་བརྗོད་འདུག

ཚོད་དཔག་ལྟར་ན། ད་ཆར་ཨ་རིའི་ནང་གནས་སྤོས་མི་མང་ས་ཡ་ ༡༡ ཙམ་ཡོད་པ་དང་། དེའི་ནང་གི་མི་མང་སྟོང་ཕྲག་མང་པོ་རྒྱ་གར་བ་ཨ་རིའི་མི་སེར་ཡིན་ཞིང་། ཕྱི་ལོ་ ༢༠༡༤ ལོར་ཉེས་དོན་དང་འབྲེལ་བའི་གནས་སྤོས་ཡིག་ཆ་མེད་མཁན་མི་མང་ ༢༠༠༠༠༠ ལྷག་ཕྱིར་སོ་སོའི་རྒྱལ་ཁབ་ནང་ཕྱིར་ཕུད་བཏང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. ཚེ་ཐར། says:
    ལོ་ 10 སྔོན།

    བཞི་པ།
    དེས་ན། སྲིད་འཛིན་འོས་མི་ཁྲི་རོམ་ཕུ་ལ་ཇི་ལྟར་རྒྱལ་ཁ་ཐོབ་པ་རེད་དམ་ཟེར་ན། རྒྱལ་ཁ་འཐོབ་པ་ལ་རྒྱབ་སྐྱོར་རག་དགོས་པ་རེད། དེར་བརྟེན། ཁོང་ལ་རྒྱབ་སྐྱོར་ཇི་ལྟར་རག་པའི་སྐོར་ལ་དབྱེ་ཞིབ་ཅིག་བྱེད། ཁོང་ལ་རྒྱབ་སྐྱོར་རག་སྟངས་ཀྱི་ཐད་ལ་ཆབ་སྲིད་དབྱེ་ཞིབ་ཀྱི་དྲི་ལན་བརྒྱ་ཕྲག་མང་པོ་ཡོད་པའི་གྲས་ཀྱི་གལ་ཆེ་བ་འགའ་ནི། གཅིག་ནས་ཁོང་ལ་ལྦ་ཞིན་ཀྲོན་(Washington)གྱི་ཆབ་སྲིད་པ་ཚོའི་གཤིས་སྤྱོད་ལས་ལྡོག་པའི་ཁ་རུ་ཁ་ཐུག་གི་གཤིས་ཀ་ཞིག་ཡོད་པ་དེ་དང་། ཁོང་གིས་ཇི་བསམ་པ་དེ་ཐད་ཀར་བཤད་པ་མ་གཏོགས་ཆབ་སྲིད་པ་ཚོ་ལྟར་རང་གི་བསམ་ཚུལ་ལ་རྐྱོང་སྐུམ་དང་བཅོས་བསྒྱུར་སོགས་མི་བྱེད་པ་དེ་རེད། ལྷག་པར་དུ། ཁོང་གི་བསམ་ཚུལ་ཁག་ལ་ “ཚོར་སྣང་གཟུངས་བཞུགས་ཅན་གྱི་ཐ་སྙད” (emotionally-charged language)་ཀྱི་ནུས་པ་ཤུགས་ཆེ། གཉིས་ནས་ཁོང་ནི་ལྦ་ཞིན་གྲོན་གྱི་ཆབ་སྲིད་ཀྱི་དཀྱིལ་འཁོར་ལ་འཛུལ་མ་མྱོང་བའི་ཕྱི་མི་ཞིག་ཡིན་པ་མ་ཟད་། ཨ་རིའི་སྲིད་གཞུང་དང་ཆབ་སྲིད་མི་སྣ། ཆབ་སྲིད་ཀྱི་སྒྲིག་འཛུགས་སོགས་ལ་འཛེམས་ཟོན་མེད་པར་དགག་པ་རྒྱག་མཁན་ཞིག་ཡིན་པ་དེ་རེད། དཔེར་ན། ཁོང་གིས་ད་ལྟའི་སྲིད་གཞུང་དང་མང་གཙོ། འོས་བསྡུའི་ལམ་ལུགས་སོགས་ཚང་མ་རུལ་སུངས་རེད་ཅེས་དམའ་འབེབས་ཀྱང་བྱས་ཡོད། གསུམ་ནས་ཁོང་གིས་འོས་བསྡུའི་འགྲོ་སོང་ཚང་མ་སོ་སོའི་དངུལ་ཁུག་ནས་གཏོང་བ་མ་གཏོགས་གཞན་གྱི་ཞལ་འདེབས་ལེན་གྱི་མིན་ཟེར་བ་དེ་རེད། དེ་ཡང་ཁོང་གི་འོས་འགྲན་ལ་བཟོ་ཚོང་ཁང་ཁག་དང་། ཕྱུག་བདག་ཚོ་དང་ཆབ་སྲིད་པ་ཚོའི་དངུལ་སྒོར་དང་ཤུགས་རྐྱེན་གཉིས་ཡོང་གཞི་མེད་པ་བཟོས་པ་དེ་རེད། བཞི་ནས་ཁོང་གིས་སྐྱབས་བཅོལ་བ་ཚོར་དགག་རྒྱག་བྱས་ཡོད་པ་མ་ཟད། ལྷག་དོན་ཨ་རིའི་དཔལ་འབྱོར་གྱི་གོ་སྐབས་མང་པོ་འཕྲོག་མཁན་ནི་སྐྱབས་བཅོལ་བ་ཚོ་ཡིན་པའི་བསྙོན་འཛུགས་ཀྱང་བྱས་ཡོད། གང་ལྟར། རྒྱུ་རྐྱེན་ཆེ་གྲས་འདི་དག་ལ་བརྟེན་ནས་ཁོང་གིས་ཨ་རིའི་མི་མང་གི་ཁོངས་སུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་འབོར་སྟོབས་ཤུགས་(Biopower)ཤིག་རྙེད་ཅིང་མི་འབོར་བྱེ་བྲག་པ་དེའི་ཁོངས་སུ་་ཁོང་གི་གྲགས་པ་འབར་བ་རེད།

    Reply
  2. ཚེ་ཐར། says:
    ལོ་ 10 སྔོན།

    གསུམ་པ།
    གོང་གི་དྲི་བ་འདི་དག་གི་ལན་མ་བཙལ་སྔོན་ལ་ང་ཚོས་ད་ལོའི་འོས་བསྡུའི་གྲུབ་འབྲས་ཀྱི་གྲངས་བཤེར་ལ་ཅིག་བལྟ། ཨ་རིར་མི་གྲངས་ས་ཡ་སུམ་བརྒྱ་ལྷག་ཡོད་པའི་ཁོངས་ནས་འོས་བསྡུའི་ཐོབ་ཐང་ཡོད་པ་མི་འབོར་ས་ཡ་ཉིས་བརྒྱ་སུམ་ཅུ་ལྷག་ཡོད། འོན་ཀྱང་། ད་ལོར་དངོས་སུ་འོས་བསྡུའི་ཆ་ཤས་ལེན་མཁན་མི་འབོར་དེའི་བརྒྱ་ཆ་ལྔ་བཅུ་ང་གསུམ་ཙམ་མ་གཏོགས་བྱུང་མེད། རྒྱུ་མཚན། མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཞེ་དྲུག་ཙམ་གྱིས་འོས་བསྡུའི་ཆ་ཤས་བླངས་མེད། མདོར་ན། ད་ལོར་འོས་བསྡུའི་ཆ་ཤས་ལེན་མཁན་མི་གྲངས་ས་ཡ་བརྒྱ་དང་ཉི་ཤུ་ལྷག་མ་གཏོགས་བྱུང་མེད་ཅིང་། འདི་ནི་འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་ཁོངས་སུ་འོས་བསྡུའི་ཆ་ཤས་ལེན་མཁན་གྱི་གྲངས་ཀ་དམའ་ཤོས་དེ་ཆགས་ཡོད། འདི་ལ་རྒྱུ་རྐྱེན་མང་པོ་ཡོད་པའི་ཁྲོད་ཀྱི་རྒྱུ་རྐྱེན་ཆེ་ཤོས་དེ་ནི། ད་ལོའི་སྲིད་འཛིན་འོས་མི་གཉིས་ནི་ཨ་རིའི་ཆབ་སྲིད་ལོ་རྒྱུས་སྟེང་གི་ཆེས་མི་དགའ་བའི་སྲིད་འཛིན་འོས་མི་གཉིས་ (The Two Most Disliked Candidates in U.S. History) ཆགས་ཡོད། གང་ལྟར། སྲིད་འཛིན་འོས་མི་གཉིས་ལ་དགའ་བསུ་དང་བརྩི་བཀུར་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་སྲིད་འཛིན་འོས་མི་ཁྲི་རོམ་ཕུ་ལ་མཐའ་མའི་རྒྱལ་ཁ་དེ་ཐོབ་པ་རེད།
    དེ་ཡང་ཁྲི་རོམ་ཕུ་ལ་མངའ་སྡེའི་མཚོན་བྱེད་འོས་གྲངས་(Electro vote)མང་བ་ཐོབ་ཡོད། ཧིས་ལར་རེས་(Hillary) ལ་མི་མང་འོས་གྲངས(Popular vote)མང་བ་ཐོབ་ཡོད། མངའ་སྡེའི་མཚོན་བྱེད་འོས་གྲངས་དང་མི་མང་འོས་གྲངས་གཉིས་ཀྱི་གོ་དོན་ནི། སྔ་མ་དེ་མངའ་སྡེ་རེ་རེའི་མི་འབོར་པ་ལ་དཔག་པའི་ཚབ་མཚོན་འོས་གྲངས་དེ་ཡིན། དཔེར་ན། ནེའུ་ཡོག་མངའ་སྡེ་ལྟ་བུར་མངའ་སྡེའི་མཚོན་བྱེད་འོས་གྲངས་ཉེར་བརྒྱད་ཡོད། ཕྱི་མ་མི་མང་འོས་གྲངས་ནི་མི་སྒེར་བ་རེ་རེའི་འོས་གྲངས་དེ་ཡིན། གཞན། ད་ལོའི་མི་མང་འོས་གྲངས་དེ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལར་རེས་ལ་མང་བ་ཐོབ་ཡོད་རུང་། མངའ་སྡེའི་མཚོན་བྱེད་འོས་གྲངས་དེ་སྤྱི་མཐུན་ཚོགས་པའི་འོས་མི་ཁྲི་རོམ་ཕུ་ལ་ཐོབ་ཙང་ཁོང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་རེད། མི་མང་གི་འོས་གྲངས་མང་བ་ཐོབ་མཁན་དེ་སྲིད་འཛིན་མ་ཆགས་པའི་གནས་སྟངས་འདི་ལྟ་བུ་བྱུང་བ་ཉུང་མོད། ཕྱི་ལོ་ཉིས་སྟོང་ལོའི་ཨ་རིའི་སྲིད་འཛིན་འོས་འགྲན་སྐབས་ཀྱི་འོས་མི་རྦུའུ་ཞིས་(George W. Bush) དང་ཨལ་སྒོར་(Al Gore)གཉིས་ཀྱི་སྐབས་ལ་ཡང་ད་ལོའི་གནས་སྟངས་ལྟ་བུ་བྱུང་ཡོད། གང་ལྟར། མངའ་སྡེའི་མཚོན་བྱེད་འོས་གྲངས་དང་མི་མང་འོས་གྲངས་གཉིས་ནི་ཨ་རིའི་འོས་བསྡུའི་ཆབ་སྲིད་རིག་གཞུང་(Political culture)གི་མ་ལག་གལ་ཆེན་གཉིས་ཡིན་ལ་འདི་གཉིས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ཀྱང་རིང་།

    Reply
  3. ཚེ་ཐར། says:
    ལོ་ 10 སྔོན།

    གཉིས་པ།
    སྒྲོ་ནེལ་་སྒྲི་ ཁྲི་རོམ་ཕུ་((Donald Trump)ལགས་སྲིད་འཛིན་གྱི་འོས་འགྲན་ལ་ལངས་པ་ནས་བཟུང་ཁོང་གི་གཏམ་བཤད་ཀྱི་འབོད་ཚིག་ནི། “ཨ་རི་བསྐྱར་དུ་རླབས་ཆེན་བཟོ་ཡི་ཡིན་”(Make America Great Again) ཟེར་བ་དེ་རེད། འབོད་ཚིག་འདིའི་རྒྱབ་ན་ད་ཡོད་ཀྱི་གནས་སྟངས་ཚང་མ་དམྱལ་བ་དང་གཅིག་མཚུངས་རེད་(All is hell)ཟེར་བའི་ཕྱོགས་སུ་ལྷུང་བའི་བསམ་ཚུལ་དེ་ཡང་ཡོད། “ཨ་རི་བསྐྱར་དུ་རླབས་ཆེན་བཟོ་ཡི་ཡིན་” ཟེར་བའི་འབོད་ཚིག་འདི་ཁྲི་རོམ་ཕུ་(Trump)ཡིས་གསར་དུ་བཟོས་པ་ཞིག་མིན། འདི་ཨ་རིའི་སྲིད་འཛིན་ཨང་བཞི་བཅུ་པ་རོ་ནེལ་སྒྲི་ རེ་རྒན་ (Ronald Reagan) གྱི་ཕྱི་ལོ་༡༩༨༠ ལོའི་ཆབ་སྲིད་འོས་འགྲན་གྱི་འབོད་ཚིག་ཀྱང་ཡིན།
    ད་ལོར་ཁྲི་རོམ་ཕུ་(Trump)ཡིས་ “ཨ་རི་བསྐྱར་དུ་རླབས་ཆེན་བཟོ་ཡི་ཡིན་” ཟེར་ནས་ཆབ་སྲིད་ཀྱི་ཁ་ཕོ་བསྒྲགས་པ་མ་གཏོགས། ཨ་རིའི་ད་ཡོད་ཆབ་སྲིད་དང་དཔལ་འབྱོར། དམག་དོན། ཕྱི་སྲིད་བཅས་ཀྱི་ཐད་ལ་ཕུགས་རྒྱང་ཅན་གྱི་འཆར་གཞི་གཅིག་ཀྱང་ཕྱི་ལ་བཏོན་མེད་པ་མ་ཟད། ད་ལྟའི་ཨ་རིའི་དཀའ་ངལ་ཚང་མ་སྲིད་འཛིན་ལས་ཐོག་པ་ཨོ་བྷ་མ་དང་ཁོང་གི་ཕྱོགས་གཏོགས་ཀྱི་མི་སྣ། མང་གཙོ་ཚོགས་པ་(Democratic Party) ཨ་རིའི་ནང་གི་སྐྱབས་བཅོལ་བ། གྲངས་ཉུང་མི་རིགས་ཁག ཐ་ན་སྤྱི་མཐུན་ཚོགས་པའི་(Republican Party)མགོ་ཁྲིད་ཚོ་བཅས་ཀྱི་སྟེང་ལ་ཡང་གཡུགས་ཡོད། དེར་བརྟེན། ཁོང་ཉིད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཆགས་ན་ཡང་ཁོང་གི་ལྟ་ཚུལ་མང་པོ་ཞིག་སྤྱི་མཐུན་ཚོགས་པའི་ཆབ་སྲིད་ཀྱི་ལྟ་བ་དང་དཔལ་འབྱོར་ལངས་ཕྱོགས། རིན་ཐང་ལྟ་ཚུལ་སོགས་དང་མི་མཐུན་པ་མ་ཟད། སྤྱི་མཐུན་ཚོགས་པའི་འགོ་འཁྲིད་ པོལ་རན་(Paul Ryan)གཙོས་པའི་གྲོས་ཚོགས་འཐུས་མའི་ཁོངས་ནས་ཁྲི་རོམ་ཕུ་(Trump)ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་གནད་ཡོད་མི་སྣའང་བརྒྱ་ཁ་ལོངས་པ་བྱུང་ཡོད། ད་དུང་། ཁོང་གི་སྲིད་འཛིན་འོས་འགྲན་སྐབས་ཀྱི་ཆབ་སྲིད་ཐ་སྙད་(Political Language)དག་ནི། བུད་མེད་ལ་མཐོང་ཆུང་(Misogyny)དང་མི་རིགས་དབྱེ་འབྱེད།(Racism) རིག་གཞུང་དང་གོམས་སྲོལ་ལ་བརྩི་མེད།(Nihilism) ཕོ་མོ་དབྱེ་འབྱེད།(Sexism) མི་རིགས་དཀར་པོ་མཆོག་གྱུར་གྱི་བསམ་བློ།(White Supremacy)་སོགས་ཀྱིས་བཅིངས་ཡོད་པ་མ་ཟད། ཁོང་གི་ཆབ་སྲིད་ཀྱི་ཐ་སྙད་འདི་དག་གི་དཔེ་མཚོན་གྱི་་ཁོངས་སུ། ཨ་རིའི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་ཁ་ཆེ་བའི་བུ་ཕྲུག་གི་ཕ་མ་ལ་མཐོང་ཆུང་དང་བུད་མེད་ཀྱི་ཟླ་མཚན་ལ་ཟུར་ཟ་བྱས་པ་སོགས་ཀྱང་ཚུད་ཡོད། དེར་བརྟེན། འགྲོ་བ་མིའི་གཞི་རིམ་གྱི་རང་དབང་དང་འདྲ་མཉམ། དྲང་བདེན། གུ་ཡངས་བཅས་ཀྱི་ལྟ་ཚུལ་ལ་གུས་བཀུར་དང་ཆེ་མཐོང་མི་སྤྲོད་མཁན་གྱི་མི་ཞིག་ཨ་རིའི་སྲིད་འཛིན་ཆགས་ཀྱི་རེད་བསམ་པ་མི་མང་ས་ཡ་མང་པོའི་རྨི་ལམ་ལ་ཡང་མེད། འོན་ཀྱང་། ང་ཚོའི་རྨི་ལམ་ན་མེད་པ་ཞིག་དངོས་ཡོད་ཆགས་པ་མ་ཟད་། སྒྲོ་ལེལ་སྒྲི་ ཁྲི་རོམ་ཕུ་(Donald Trump)ཁོང་ལ་ཨ་རིའི་སྲིད་འཛིན་འོས་འགྲན་གྱི་རྒྱལ་ཁ་ཡང་ཐོབ་པ་རེད། དེས་ན། ཁོང་ལ་ཇི་ལྟར་ཨ་རིའི་སྲིད་འཛིན་འོས་འགྲན་གྱི་རྒྱལ་ཁ་ཐོབ་པ་རེད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་སུ་རེད། དྲི་བ་འདི་དག་ལ་དབྱེ་ཞིབ་བྱེད་རྒྱུ་ཧ་ཅང་གནད་འགག་ཡིན་པ་མ་ཟད། མི་མང་པོའི་སེམས་ཁྲལ་གྱི་འབྱུང་ཁུངས་ལྟེ་བ་གཅིག་ཀྱང་དྲི་བ་འདི་དག་དང་འབྲེལ་བ་ངེས་ཅན་ཡོད།

    Reply
    • སྤྱང་ཕྲུག says:
      ལོ་ 10 སྔོན།

      CNNགྱིས་ག་རེ་བཤད་པ་དག་བསྐྱར་བསྡུས་བྱེད་ནས་མ་འདུག དོན་དངོས་ཤེས་འདོད་ན་མིག་གསུམ་པ་ཞིག་བེད་སྤྱོད་གཏོང

      Reply
  4. ཚེ་ཐར། says:
    ལོ་ 10 སྔོན།

    དང་པོ།
    ད་ལོའི་ཨ་རིའི་འོས་བསྡུའི་མཇུག་འབྲས་ཀྱིས་རང་དབང་དང་འདྲ་མཉམ། དྲང་བདེན། གུ་ཡངས་བཅས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་དགའ་མོས་ཆེ་བའི་མི་མང་ས་ཡ་མང་པོ་སེམས་ཁྲལ་དང་ཐེ་ཚོམ་གྱི་ཀློང་ལ་དེད་ཡོད། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། རྒྱུ་མཚན། གཞན་ལ་མཐོང་ཆུང་(Insult)དང་མི་རིགས་དབྱེ་འབྱེད་(Racism)གཉིས་ཆབ་སྲིད་ཀྱི་གཏམ་བཤད་དང་མི་སྒེར་བའི་ལྟ་ཚུལ་གྱི་གཙོ་སྙིང་ལ་འཛིན་པའི་ཕྱུག་བདག་ཞིག་ཨ་རིའི་སྲིད་འཇིན་ཨང་ཞེ་ལྔ་པ་ཆགས་པ་འདི་རེད། ཨ་རིའི་སྲིད་འཛིན་གསར་པ་འདིའི་མིང་ལ་སྒྲོ་ནེལ་སྒྲི་ ཁྲི་རོམ་ཕུ་(Donald Trump)ཟེར། ཁོང་ད་ལྟ་དགུང་ལོ་ ༧༠ ཡིན། ཨ་རིའི་ཆབ་སྲིད་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་ལོ་ན་རྒན་ཤོས་དེ་ཡིན་པ་མ་ཟད། དེ་སྔ་ཨ་རིའི་ཆབ་སྲིད་དང་དམག་དོན་གཉིས་ལ་སྲི་ཞུ་དང་ཉམས་མྱོང་མེད་མཁན་ཞིག་སྲིད་འཛིན་ཆགས་པ་ཐོག་མའང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese