མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གཞུང་ལ་རྒྱབ་སྐྱོར་བྱས་ན་སྒོར་མོ་སྟེར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གཞུང་གཏོགས་ཤོག་ཁག་གིས་ཧོང་ཀོང་མི་མང་ལ་ཧོང་ཀོང་ཌོ་ལར་དང་ཟ་མ་རིན་མེད་སྤྲད་ནས་ཧོང་ཀོང་རང་དབང་དང་དམངས་གཙོ་དོན་གཉེར་བ་ཚོར་ངོ་རྒོལ་ཁྲོམ་སྐོར་བྱེད་དུ་བཅུག་ཡོད་འདུག
TibetTimesདེ་རིང་ཧོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༡༣ ཉིན་པེ་ཅིན་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཧོང་ཀོང་མི་མང་ལ་ཧོང་ཀོང་ཌོ་ལར་ ༡༠༠ ནས་ ༣༠༠ དང་ཉིན་གཅིག་གི་ཟ་མ་རིན་མེད་སྤྲད་དེ་པེ་ཅིན་གཞུང་གི་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱེད་མཁན་ཧོང་ཀོང་ས་གནས་འཐུས་མི་གསར་པ་ཉིང་སོང་ཧིན་ལགས་དང་ཡུས་ཧེ་ཀྲིན་ལགས་གཉིས་ཀྱིས་བསྐྱར་དུ་ཧོང་ཀོང་ས་གནས་གྲོས་ཚོགས་ནང་འཐུས་མིའི་དམ་འབུལ་ཞུས་མི་ཆོག་པའི་ངོ་རྒོལ་ཁྲིམ་སྐོར་ནང་མཉམ་ཞུགས་བྱེད་དུ་བཅུག་ཡོད་འདུག

མིང་བརྗོད་འདོད་མེད་པའི་བུད་མེད་ལས་འགུལ་བ་ཞིག་གིས། ཁོང་མོས་ངོ་རྒོལ་ཁྲོམ་སྐོར་དེ་ཅི་ཞིག་གི་ཆེད་དུ་ཡིན་པ་མི་ཤེས་པ་དང་། ཁོང་མོ་ཕྱི་ལོགས་སུ་ཡོང་ནས་ངོ་རྒོལ་ཁྲོམ་སྐོར་ལ་བལྟས་རྗེས། ཁོང་མོའི་དངུལ་བྱང་ཐོག་ཧོང་ཀོང་ཌོ་ལར་ ༣༠༠ བླུགས་ཡོད་སྐོར་བརྗོད་འདུག

ངོ་རྒོལ་ཁྲོམ་སྐོར་ནང་མཉམ་ཞུགས་བྱེད་མཁན་ཞིག་གིས། པེ་ཅིན་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་གལ་ཏེ་ཁོང་མོ་ངོ་རྒོལ་ལས་འགུལ་ནང་ཞུགས་ན། ཧོང་ཀོང་ཌོ་ལར་ ༡༠༠ དང་ངོ་རྒོལ་ཁྲོམ་སྐོར་རྗེས་ཀྱི་ཟ་མ་རིན་མེད་སྤྲོད་རྒྱུ་ཡིན་ཚུལ་བཤད་སྟབས། ཁོང་མོའི་ཕ་མ་གཉིས་ཀྱིས་ཁོང་མོ་ཁྲིད་ནས་ངོ་རྒོལ་ལས་འགུལ་ནང་ཞུགས་ཏེ་ཉིང་སོང་ཧིན་དང་ཡུས་ཧེ་ཀྲིན་གཉིས་རྒྱ་མི་རེད། ཁོང་གཉིས་ཀྱིས་ཅིའི་ཕྱིར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་རེད་ཅེས་ང་ཚོས་འཐུས་མི་དེ་གཉིས་ཀྱི་ཧོང་ཀོང་རང་བཙན་ལངས་ཕྱོགས་ལ་སྐྱོན་བརྗོད་བྱས་པ་ཡིན་སྐོར་བརྗོད་འདུག་ལ། ལས་འགུལ་བ་ཁ་ཅིག་གིས་བུ་མོ་དེས་རྒྱ་ནག་གིས་ཧོང་ཀོང་ཐོག་འཛིན་པའི་སྲིད་ཇུས་ཀྱི་དམིགས་འབེན་མི་ཤེས་ནའང་། ཉིང་སོང་ཧིན་དང་ཡུས་ཧེ་ཀྲིན་གཉིས་ཀྱི་ཧོང་ཀོང་རང་བཙན་ལངས་ཕྱོགས་ལ་སྐྱོན་བརྗོད་བྱས་པ་དེ་ནི་ཧོང་ཀོང་གྲོང་ཁྱེར་གྱི་ཁྲིམས་ཀྱི་དབང་སྒྱུར་དང་མཐུན་པའི་ཐག་གཅོད་ཡང་དག་ཅིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་འདུག ཅེས་བརྗོད་འདུག

ངོ་རྒོལ་ཁྲོམ་སྐོར་ནང་ཞུགས་མཁན་ལས་འགུལ་བ་གཞན་ཞིག་གིས། ཁོང་མོ་དང་ཁོང་མོའི་ནང་མི་གཞན་གསུམ་ངོ་རྒོལ་ཁྲོམ་སྐོར་ནང་ཞུགས་པ་ཡིན་ན། ལས་འགུལ་རྗེས་སུ་ཁོང་ཚོར་ཧོང་ཀོང་ཌོ་ལར་ ༦༠༠ རྔན་པར་སྤྲོད་རྒྱུ་དང་། ལས་འགུལ་ནང་མ་ཞུགས་སྔོན་ལ་མིང་ཐོ་འགོད་དགོས་པ་དང་། ལས་འགུལ་ནང་ཞུགས་པའི་རྔན་པ་བླངས་རྗེས་སོ་སོའི་མིང་ཐོ་བསུབ་ཆོག་ཚུལ་བཤད་ཡོད་སྐོར་བརྗོད་འདུག

རང་མིང་བརྗོད་མེད་པའི་ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཞིག་གིས། མི་མང་ལ་སྒོར་མོ་བྱིན་ནས་ངོ་རྒོལ་ཁྲོམ་སྐོར་ནང་མཉམ་ཞུགས་བྱེད་དུ་བཅུག་པའི་བྱ་སྤྱོད་དེ་ནི་མིའི་བརྩིས་ཐང་ལ་དམའ་འབེབས་བྱས་པ་རེད། ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། རེས་གཟའ་ཉི་མའི་ཉིན་གྱི་ངོ་རྒོལ་ཁྲོམ་སྐོར་ནང་ཁྱོན་ཧོང་ཀོང་མི་མང་ ༤༠༠༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཁོང་ཚོ་ཚང་མ་ཧོང་ཀོང་རང་བཙན་ལངས་ཕྱོགས་ལ་ངོ་རྒོལ་བྱེད་མཁན་ཡིན་ཞིང་། པེ་ཅིན་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ལས་འགུལ་ནང་ཞུགས་མཁན་རྒྱལ་ཞེན་རིང་ལུགས་པ་ཚོ་ཕུད་མི་མང་ལས་འགུལ་བ་དེ་ཚོར་ཧོང་ཀོང་སྒོར་མོ་སྤྲད་ནས་ལས་འགུལ་ནང་འབོད་འགུག་བྱས་ཡོད་འདུག

ཟླ་སྔོན་མར་ཧོང་དམངས་གཙོའི་ལས་འགུལ་ནང་མི་མང་ ༡༣༠༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་མི་མང་ཚང་མ་རང་མོས་ཀྱི་སྒོ་ནས་དམངས་གཙོའི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག

ཉེ་སྔོན་པེ་ཅིན་གཞུང་གིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་འགྲེལ་བཤད་འཆར་ཟིན་ཟེར་བ་ཞིག་གཏན་འབེབས་ཁྱབ་བསྒྲགས་བྱས་ཡོད་པ་དང་། འཆར་ཟིན་དེའི་དོན་ཚན་གཉིས་པའི་ནང་གཞུང་ཞབས་པས་ལས་འཁུར་དམ་བཅའ་འབུལ་སྐབས་ངེས་པར་དུ་ཁྲིམས་ཀྱི་གཏན་འབེབས་ཆ་རྐྱེན་དང་ལེན་དང་བརྒྱུད་རིམ་ཆ་ཚང་བརྒྱུད་དགོས་པ་ལས། ཁྲིམས་མཐུན་དམ་བཅའ་མ་ཕུལ་བ་དང་། དམ་འབུལ་ཚིག་གཞི་དང་ལེན་མི་བྱེད་མཁན་ལ་སྲིད་གཞུང་གི་ལས་ཀ་བྱེད་པའི་ཐོབ་ཐང་མེད་སྐོར་བརྗོད་ཡོད་པ་ལྟར། ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་དམ་འབུལ་སྐབས་སུ། དམ་འབུལ་ཚིག་གཞི་དང་ལེན་མི་བྱེད་མཁན་འཐུས་མི་གསར་པ་ཉིང་སོང་ཧིན་ལགས་དང་ཡུས་ཧེ་ཀྲིན་ལགས་གཉིས་ཀྱིས། ཧོང་ཀོང་རྒྱ་ནག་མིན་ཞེས་པའི་འབོད་ཚིག་ཐོག་ནས་ཡང་བསྐྱར་འཐུས་མིའི་དམ་བཅའ་འབུལ་བའི་ཐོབ་ཐང་མེད་པ་བཟོས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese