མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཅིག་ནང་མི་གཅིག་གིས་དངུལ་བརྗེ་ལེན་ཐེངས་མང་བྱེད་པར་བཀག་འགོག་བྱ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཧིན་སྒོར་བརྗེ་སྒྱུར་གྱི་ཚ་རླབས་ཁྲོད་ཉིན་གཅིག་ནང་མི་གཅིག་གིས་དངུལ་བརྗེ་ལེན་ཐེངས་གཅིག་མ་གཏོགས་མི་ཐུབ་པ་བཟོ་རྒྱུ་ཡིན་འདུག

1479049121_ban-currency-rs-500-1000-1000-note-modi-rbi-demonetization-black-money-scrapped-new-notes-2000ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་བཟུང་སྟེ། རྒྱ་གར་རྒྱལ་ཡོངས་ནང་ཧིན་སྒོར་ལྔ་བརྒྱ་ལོར་དང་ཆིག་སྟོང་ལོར་བརྗེ་སྒྱུར་གྱི་བྲེལ་འཚུབ་ཆེན་པོ་འབྱུང་བཞིན་ཡོད་པ་དང་། དངུལ་ཁང་དང་སྦྲགས་ཁང་། སྟབས་བདེའི་དངུལ་འདོན་ཁང་བཅས་སུ་མི་མང་གིས་འཚང་ཁ་ཤིག་ཤིག་གིས་སྔ་བོ་ནས་བང་རིང་པོ་བསྒྲིགས་ཏེ་དངུལ་ལོར་བརྗེ་སྒྱུར་དང་འདོན་འཇུག་བྱེད་བཞིན་ཡོད་པ་དང་། མི་ཚོགས་འཚང་ཁ་ཆེ་དྲག་སྟེ་དངུལ་ཁང་སྦྲགས་ཁང་དང་། སྟབས་བདེའི་དངུལ་འདོན་ཁང་ནས་དངུལ་རྫོགས་ཏེ། ཆུ་ཚོད་ཁ་ཤས་རིང་བང་བསྒྲིགས་ཀྱང་མཐའ་མ་ལག་པ་སྟོང་པར་ཕྱིར་ལོག་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་སྟབས། ཁ་སང་རྒྱ་གར་དབུས་གཞུང་དཔལ་འབྱོར་ལས་ཁུངས་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། དོ་དགོང་ནས་བཟུང་དངུལ་རྙིང་བརྗེ་སྒྱུར་དང་འདོན་འཇུག་བྱེད་སྐབས། དོ་བདག་གི་ལག་གཡས་པའི་མཛུབ་མོའི་སྟེང་སྣག་ཚས་རྟགས་རྒྱག་རྒྱུ་ཡིན་པས། ཉིན་གཅིག་ནང་མི་གཅིག་གིས་དངུལ་ཁང་དང་སྦྲགས་ཁང་མི་འདྲ་བ་ཁ་ཤས་ལ་སོང་ནས་དངུལ་བརྗེ་འདོན་བྱེད་མི་ཐུབ་པ་བཟོ་ཡི་ཡོད་པ་དང་། ལྡི་ལི་སོགས་གྲོང་ཁྱེར་ཆེ་ཁག་ནང་ཁ་སང་ནས་བཟུང་སྣག་ཚས་རྟགས་རྒྱག་བཞིན་ཡོད་འདུག

དེ་ཡང་རྒྱ་གར་དབུས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཤག་ཊི་ཀན་ཊ་ཌཱ་སི་(Shaktikanta Das)ལགས་ཀྱིས། མི་ཁག་ཅིག་གིས་སོ་སོའི་དངུལ་ནག་པོ་ཁྲིམས་མཐུན་བཟོ་ཆེད་མི་ཁྱུ་གཅིག་བསྡུས་ཏེ། ཁོང་ཚོ་དངུལ་ཁང་གི་ཡན་ལག་གཅིག་ནས་གཅིག་ཏུ་བཏང་སྟེ་དངུལ་ནག་པོ་བརྗེ་ཐབས་བྱས་ཏེ་མི་ཉུང་ཤས་ཤིག་གིས་དངུལ་སྨར་བརྗེ་ལེན་གྱི་ཁེ་ཕན་ལེན་འགྲོ་ཡི་ཡོད་པར་བརྟེན། དངུལ་ཁང་དང་སྦྲགས་ཁང་ཁག་ནས་གསུབ་དཀའ་བའི་སྣག་ཚ་ཡིས་རྟགས་བརྒྱབ་ནས་གནད་དོན་དེ་འགོག་ཐབས་དགོས་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་དགོང་མོར་སྲིད་བློན་མུ་ཌི་མཆོག་གིས། ཧིན་སྒོར་བརྗེ་སྒྱུར་གྱི་ཐོག་མའི་ཉིན་ཤས་ནང་དངུལ་འདོན་བྱང་བུ་གཅིག་གིས་ཉིན་རེར་ཧིན་སྒོར་ ༢༠༠༠ རེ་ལེན་ཆོག་པ་དང་། དེ་བཞིན་དཔང་ཡིག་གཅིག་གི་ཐོག་ནས་ཉིན་རེར་ཧིན་སྒོར་ ༤༠༠༠ བརྗེ་ཆོག་པའི་ཡོངས་ཁྱབ་གསལ་བརྡ་བཏང་ཡོད་པ་དང་། ད་ལྟའི་ཆར་ཉིན་རེར་ཧིན་སྒོར་ ༤༥༠༠ རེ་བརྗེ་ཡི་ཡོད་འདུག འདས་པའི་ཉིན་ཤས་ནང་དྷ་ས་ཁུལ་གྱི་དངུལ་ཁང་དང་སྦྲགས་ཁང་ཁག་ཅིག་ནས་དངུལ་བརྗེ་ས་གཅིག་ནས་དོ་བདག་གི་དཔང་ཡིག་མི་འདྲ་བ་(RC,dhaar Card,Voter Card, Ration Card, Passport, PAN Card)སོགས་ཀྱི་ཐོག་ནས་ཉིན་རེར་དངུལ་རྙིང་བརྗེ་སྒྱུར་དང་། འདོན་འཇུག་ཐེངས་འགའ་རེར་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། དངུལ་བརྗེ་སྒྱུར་འདོན་འཇུག་ཐད་རོགས་རེས་བྱེད་མཁན་ཡང་མང་པོ་ཡོད་ཀྱང་། དེ་རིང་ཁ་སང་དངུལ་ཁང་དང་སྦྲགས་ཁང་ཁག་ཅིག་ནས་དཔེར་ན། དངུལ་བརྗེ་ས་གཅིག་ནས་མི་གཅིག་གིས་དཔང་ཡིག་མི་འདྲ་བ་གཉིས་ཀྱི་ཐོག་ནས་དངུལ་ཐེངས་གཉིས་ལ་བརྗེ་ཆོག་གི་མི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༧ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 1

  1. པ་སངས་བླ་མ་ says:
    ལོ་ 10 སྔོན།

    ཧོང་ཀོང་ནང་བཞིན་བོད་མི་སྒྲིགས་འཛུག་ནང་ལ་འང་རྒྱ་སྒོར་ལེན་ཟ་མི་མང་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese