མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གི་རུལ་རྒོལ་ལ་ཨ་རིའི་གཞུང་གི་མཐུན་འགྱུར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཝིན་ཀྲུའུ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཡཱང་ཞཱི་ཀྲུའུ་ཨ་རིའི་གཞུང་གིས་ཕྱིར་འཕུད་བཏང་སྟེ་རྒྱ་ནག་ལ་འབྱོར་མ་ཐག་གནམ་ཐང་ནས་ཉེན་རྟོག་པས་ཐད་ཀར་བཀག་བསྐྱིལ་ཁང་དུ་ཁྲིད་ཡོད་འདུག
times
ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀྲེ་ཅང་ཞིང་ཆེན་ཝིན་ཀྲུའུ་ (Wenzhou) གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཟུར་བ་ལྕམ་ཡཱང་ཞི་ཀྲུའུ་ (Yang Xiuzhu) ཁ་སང་ཨ་རི་ནས་ཕྱིར་འཕུད་བཏང་སྟེ་ཕྱིར་རྒྱ་ནག་ལ་འབྱོར་མ་ཐག རྒྱ་ནག་གི་ཉེན་རྟོག་པས་ཁོང་མོ་གནམ་ཐང་ནས་ཐད་ཀར་བཀག་བསྐྱིལ་ཁང་ཞིག་ཏུ་ཁྲིད་ཡོད་འདུག

ཡཱང་ཞི་ཀྲུའུ་ནི་ད་ཆར་ལོ་ ༧༠ ཡིན་པ་དང་ཁོང་མོ་དེ་སྔ་རྒྱ་ནག་ཀྲེ་ཅང་ཞིང་ཆེན་ཝིན་ཀྲུའུ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཡིན་ཞིང་། རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཡོད་པའི་དཔོན་རིགས་ ༡༠༠ ཡི་མིང་ཐོ་བཏོན་པའི་གྲས་ཀྱི་མིག་འབེན་གཙོ་བོ་གཅིག་ཁོང་མོ་ཡིན་པ་དང་། ༢༠༡༥ ལོའི་ཕྱི་ཟླ་ ༤ བ་ནས་རྒྱ་ནག་གཞུང་གིས་ཡཱང་ཞི་ཀྲུའུ་ཡིས་རྒྱ་སྒོར་ས་ཡ་ ༢༥༠ ལྐོག་ཟ་བྱས་པའི་ནག་ཉེས་ལ་ཞིབ་བཤེར་བྱེད་མགོ་བཙུགས་ཏེ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ (Interpol) བརྒྱུད་དེ། ཡཱང་ཞི་ཀྲུའུ་ཨ་རི་ནས་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་དགོས་པའི་བཀའ་ཁྱབ་བཀྲམས་ཡོད་འདུག

ཕྱི་ལོ་ ༢༠༠༣ ལོར་ཡཱང་ཞི་ཀྲུའུ་རྒྱ་ནག་ནས་སེང་གྷ་པོར་གཉེན་ཉེ་ཞིག་ལ་ཐུག་འཕྲད་དུ་ཕྱིན་རྗེས། ཕྱིར་རྒྱ་ནག་ཏུ་མ་ལོག་པར་ཨ་རིར་སྐྱབས་བཅོལ་དུ་ཕྱིན་ཡོད་པ་དང་། ཟླ་བ་གཅིག་གི་རྗེས་སུ་ཨ་རིའི་གཞུང་གིས་ཁོང་མོའི་ཕྱི་སྐྱོད་ལག་ཁྱེར་རྫུན་མ་ཡིན་པ་ཤེས་ཏེ་ནེའུ་ཡོག་གྲོང་ཁྱེར་དུ་སྡོད་པའི་ཁོང་མོའི་གཅེན་མོའི་ཁྱིམ་ནས་འཛིན་བཟུང་བྱས་ཡོད་འདུག ཁ་སང་ཁོང་མོ་ཨ་རི་ནས་ཕྱིར་འཕུད་བཏང་སྟེ་རྒྱ་ནག་པེ་ཅན་གནམ་ཐང་ལ་འབྱོར་མ་ཐག་ཉེན་རྟོག་པས་ཐད་ཀར་བཀག་བསྐྱིལ་ཁང་ཞིག་ཏུ་ཁྲིད་ཡོད་འདུག

ད་དུང་གནས་ཚུལ་དེའི་ནང་། ད་ལྟའི་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དཔོན་རིགས་ ༡༠༠ ཡི་མིང་ཐོ་གསལ་བསྒྲགས་བྱས་པ་དེ་དག་ནི། དོན་དངོས་ཐོག་ལྐོག་ཟ་རུལ་སུངས་ཁོ་ན་ཙམ་མིན་པར། རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཆབ་སྲིད་འཐབ་རྩོད་ཅིག་ཡིན་པ་དང་། ཐེངས་འདིའི་ཡཱང་ཞུ་ཀྲུའུ་ལ་མཚོན་ནའང་ཨ་རྒྱ་གཉིས་བར་གྱི་ཆབ་སྲིད་ལག་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་འདུག

གནས་ཚུལ་ལྟར་ན། འདས་པའི་ལོ་ངོ་གསུམ་ནང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཞིབ་བཤེར་ཚན་པས་ཕྱིའི་རྒྱལ་ཁབ་ ༦༦ ནས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་རྒྱ་རིགས་ཁེ་ལས་པ་དང་དམར་ཤོག་ཚོགས་ཁོངས་ཀྱི་དཔོན་རིགས་བཅས་ཁྱོན་མི་གྲངས་ ༨༥༠ ལྷག་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese