མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཊ་ལིའི་ནང་གི་རྒྱ་རིཊ་མང་པོ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཊ་ལིའི་རྒྱ་རིགས་གནས་སྡོད་ཁུལ་ཆེ་ཤོས་ཕར་ཊོ་ཡི་ཡིག་ཆ་རྫུན་མ་བཟོ་མཁན་དང་ཁྱིམ་ཐོ་ནག་པོ་ཅན་སོགས་ལ་ཞིབ་བཤེར་བྱས་ཏེ་མི་གྲངས་ ༡༥ འཛིན་བཟུང་བྱས་ཡོད་འདུག

160701103457_prato_chinese_community_512x288_afp_nocreditརྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨི་ཊ་ལི་ནང་བསླེབས་པ་དང་། ཨི་ཊ་ལི་ཡི་སྲིད་བློན་མཉམ་དུ་དགོང་ཟས་ལ་རོལ་པའི་ཉིན་མོ་སྟེ་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན། ཨི་ཊ་ལི་ཕར་ཊོ་(Prato)ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕར་ཊོ་ཉེན་རྟོག་ཁང་གིས། ས་གནས་རྒྱ་རིགས་གཙོ་བོར་གྱུར་བའི་ཕྱི་མི་ཞིབ་བཤེར་གྱི་(White Collars)ཞེས་པའི་ཞིབ་བཤེར་བྱ་འགུལ་ཞིག་སྤེལ་ཏེ། ཁྱོན་དོགས་ཡོད་མི་སྣ་ ༨༣ ལ་ཞིབ་བཤེར་བྱས་ཡོད་པ་མ་ཟད། མི་གྲངས་ ༡༥ འཛིན་བཟུང་བྱས་པ་དང་། དེའི་ནང་ནས་རྒྱ་མི་ཚོང་པ་གཉིས་དང་ཨི་ཊ་ལིའི་ཚོང་པ་ཞིག་བཅས་བཙོན་ཁང་དུ་བཅུག་ཡོད་འདུག

ཕྱིའི་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་ཞིབ་བཤེར་ཁྲོད་ཉེན་རྟོག་པ་ ༤༠༠ ལྷག་མཉམ་ཞུགས་བྱས་ཏེ། གནས་སྡོད་ཆོག་པའི་ཡིག་ཆ་རྫུན་མ་བཟོ་མཁན་དང་ཁྱིམ་ཐོ་ནག་པོ་ཅན། ཁྲིམས་འགལ་ནག་ཚོགས་སོགས་ལ་ཞིབ་བཤེར་བྱས་ཡོད་པ་དང་། ཞིབ་བཤེར་ཐེངས་ ༡༡༡ པ་འདིའི་དམིགས་འབེན་གཙོ་བོ་ནི་ཨི་ཊ་ལིའི་མི་དང་རྒྱ་རིགས་ཁག་ཅིག་ཡིན་ཞིང་། མི་དེ་ཚོ་མང་ཆེ་བ་ཞིག་ཕར་ཊོ་རུ་ཡོད་པའི་ཚོང་པ་དང་ཆེད་ལས་མི་སྣ་ཡིན་སྐོར་བརྗོད་འདུག

ཨི་ཊ་ལི་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཁུལ་དེར་ཁྱོན་མི་གྲངས་ཁྲི་ ༡༨ ལྷག་ཡོད་པ་དང་། དེའི་ནང་རྒྱ་རིགས་ ༡༦༠༠༠ ཡོད་ཀྱང་། དངོས་སུ་གནས་སྡོད་བྱེད་མཁན་རྒྱ་རིགས་ཁྲི་ ༥ ལ་ཉེ་བ་ཡོད་པའི་ཚོད་དཔག་བྱས་ཏེ། ཡོ་རོབ་ཁུལ་གྱི་རྒྱ་རིགས་གནས་སྡོད་ཁུལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། རྒྱ་རིགས་མང་པོ་འདུས་སྡོད་བྱས་པ་དང་བསྟུན་ས་དེའི་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་མགྱོགས་པར་བརྟེན། ནུབ་ཕྱོགས་སྤྱི་ཚོགས་ནང་དོ་སྣང་ཆེན་པོ་འབྱུང་བཞིན་ཡོད་སྐོར་ཡང་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཕར་ཊོ་ཁུལ་གྱི་ཚོང་ཁང་དག་ལ་བདེ་འཇགས་ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས། པང་དུ་བྱིས་པ་ཉར་བའི་རྒྱ་རིགས་ཚོང་པ་རྒན་འཁོགས་ཤིག་གིས་བདེ་འཇགས་ཞིབ་བཤེར་བྱེད་པར་བཀག་འགོག་བྱས་པར་བརྟེན། བདེ་འཇགས་ཉེན་རྟོག་པ་དང་ལག་འཛིང་ཤོར་ཏེ་བྱིས་པ་སར་ལྷུང་ནས་རྨས་སྐྱོན་བཟོས་ཡོད་པ་དང་། གནད་དོན་དེ་རྐྱེན་བྱས་ནས་ས་གནས་རྒྱ་རིགས་ ༣༠༠ ཙམ་དང་ཉེན་རྟོག་པར་བར་འཁྲུག་འཛིང་ཤོར་ཏེ། ཉེན་རྟོག་པ་ ༤ དང་ལས་བཟོ་བ་ ༣ ལ་རྨས་སྐྱོན་ཕོགས་ཡོད་པ་དང་། གཞན་ཡང་། ཕྱི་ལོ་ ༢༠༡༣ ལོར་ཕར་ཊོ་ཁུལ་དུ་ཡོད་པའི་རྒྱ་མིའི་བཟོ་གྲྭ་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་ ༧ ལ་སྲོག་སྐྱོན་བྱུང་བ་དང་། སྐབས་དེར་ཡང་ས་གནས་རྒྱ་རིགས་དང་ཉེན་རྟོག་པ་བར་འཁྲུག་འཛིང་ཆེན་པོ་ཤོར་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

ཆུ་ཚོད་ ༢༣ སྔོན་ལ།
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese