མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སོ་སོའི་ཕ་མེས་ཀྱི་ཆོས་ལ་འགྱུར་བ་མ་བཏང་ན་ལེགས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉི་ཧོང་བ་ཚོས་ཆོ་ག་ཙམ་བཏོན་ནས་འགྲོ་བ་ལས་ཆོས་ལ་སློབ་སྦྱོང་བྱེད་གལ་ཆེ་སྐོར་དང་། རྒྱ་རིགས་ཚོར་ཡང་སོ་སོའི་ཕ་མེས་ཀྱི་ཆོས་ནང་ཆོས་ཡིན་སྟབས་ཤེས་རབ་སྙིང་པོར་སློབ་སྦྱོང་བྱ་གལ་ཆེ་སྐོར་གསུངས་འདུག

TibetTimesཕྱི་ཟླ་ ༡༡ པའི་ཚེས་ ༨ ཉིན་ནས་བཟུང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་ཅིང་། ཚེས་ ༩  ཉིན་ཉི་ཧོང་གི་གྲོང་ཁྱེར་ཀྱོ་ཏོའི་ Kyoto ནང་གི་ཧོན་གན་ཇི་ Honganji Temple ནང་པའི་དགོན་པར་ཕེབས་ཏེ་ནང་ཆོས་ཀྱི་སྙིང་བོ་ཞེས་པའི་ཐོག་བཀའ་སློབ་བསྩལ་ཡོད།

སྐབས་དེར་ཁོང་གིས། ཉི་ཧོང་ཆོས་གྲོགས་མང་པོ་ཞིག་གིས་ང་ཚོ་བོད་ཀྱི་དགོན་སྡེ་རིགས་མང་པོ་ཞིག་གིས་ཆོ་ག་བཏོན་ནས་འགྲོ་བཞིན་ཡོད་པ་ལྟར་བྱེད་བཞིན་ཡོད་བཟོ་འདུག ཆོ་ག་འདོན་ནས་འགྲོ་རྒྱུའི་ལམ་སྲོལ་དེ་སྔ་མོའི་ལམ་སྲོལ་ཞིག་ཆགས་ཡོད། ད་ཆ་ང་ཚོས་དུས་རབས་ ༢༡ ནང་པ་བྱེད་དགོས་པ་བརྗོད་སྐབས། སངས་རྒྱས་པའི་ཆོས་པ་རེད། ཅེས་བརྗོད་སྐབས་སངས་རྒྱས་དཀོན་མཆོག   ཆོས་དཀོན་མཆོག  དགེ་འདུན་དཀོན་མཆོག བཅས་ངོ་ཤེས་པ་བྱེད་དགོས། དཀོན་མཆོག་གསུམ་ངོ་ཤེས་པར་ཆོས་དཀོན་མཆོག་ངོ་ཤེས་དགོས། ཆོས་དཀོན་མཆོག་ངོ་ཤེས་པར་འགོག་བདེན་དང་ལམ་བདེན་གྱི་རྣམ་གཞག་ཤེས་དགོས་པ་རེད། དེར་བརྟེན་སློབ་སྦྱོང་ཕྲན་བུ་མ་བྱས་ན། འགོག་བདེན་ལམ་བདེན། ཞེས་ཚིག་ཙམ་བརྗོད་ན་ཕན་རྒྱུ་མེད། དེ་ཚོ་ཤེས་པ་དགོས། ངོ་ཤེས་དགོས། ང་ཚོ་ཚང་མས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད། ཤེས་རབ་སྙིང་པོའི་སྟོང་ཉིད་སྒོམ་སྟངས་གསུང་མེད། གཙོ་བོ་ཤེས་རབ་གོང་འཕེལ་གཏོང་དགོས་སྐོར་གསུངས་ཡོད། དད་པ་བྱོས་ཞེས་གསུང་མེད། ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕུང་པོ་ལྔ་པོ་དེ་དག་ལའང་རང་བཞིན་གྱི་སྟོང་པ་གཟིགས་ནས་དེའི་ཐོག་ལ་དགོངས་པ་བཞེས།

TibetTimes2དེའི་ཐོག་ནས་ཤ་རིའི་བུ་དང་དྲི་བ་དྲིས་ལན་གནང་སྐབས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་རྣམ་པར་རྗེས་སུ་ལྟའོ། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། འདི་འདྲ་བྱས་ནས་འགོ་འཛུགས་གནང་ཡོད། ཤེས་རབ་སྙིང་པོའི་བརྗོད་བྱ་གཙོ་བོ་འདི། སྟོང་ཉིད་ཀྱི་ལྟ་བ་འཆད་བཞིན་ཡོད། སྟོང་ཉིད་ཀྱི་ལྟ་བ་འདི་བསྒོམས་ནས་དམིགས་ཡུལ་གང་ཡིན། ཞེས་པའི་དྲི་བ་དེའི་ལན་དུ། ཏདྱ་ཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ་། བོ་དྷི་སྭཱ་ཧཱ། ཞེས་པ་དེས་བློ་རིམ་གྱིས་སྦྱང་ནས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ། ཞེས་པ་འདི་ཡོང་བཞིན་ཡོད།

དེར་བརྟེན་ཤེས་རབ་སྙིང་པོ་འདི་ཤེར་ཕྱིན་གྱི་གཞུང་བསྡུས་པ་ཞིག་ཆགས་ཡོད། ཤེར་ཕྱིན་གྱི་གཞུང་མང་པོ་ཡོད། ཤེར་ཕྱིན་གྱི་བརྗོད་བྱ་གཙོ་བོ་འདི། དངོས་བསྟན་སྟོང་ཉིད་དང་སྦས་དོན་མངོན་རྟོགས་བཅས་གཉིས་ཡིན། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་འདི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིག་ཚོགས་དྲུག ལྷག་པར་དུ་དབུ་མ་རྩ་བ་ཤེས་རབ་ནང་དུ་ཧ་ཅང་གསལ་པོ་ཡོད། སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དག་བྱམས་པ་མགོན་པོའི་མངོན་རྟོགས་རྒྱན་ནང་གཙོ་བོ་བྱམས་ཆོས་སྡེ་ལྔ། དེའི་ནང་ནས་མངོན་རྟོགས་རྒྱན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་འདུག

ཕྱི་ཚེས་ ༡༣ ཉིན། ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀའི་ནང་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་ཀྱི་སྔོན་དུ་རྒྱ་རིགས་ ༡༥༠ ཙམ་ལ་བཀའ་སློབ་གནང་དོན། དེ་སྔ་སྐབས་ཤིག་ཡུ་རོབ་ཆོས་ཚོགས་དེ་འདྲ་ཁ་ཤས་ཀྱིས་ངོས་རང་སྐད་བཏང་བྱུང་། སྐབས་དེར་ངོས་ནས་ཡུ་རོབ་ནི་གཙོ་བོ་ཡེ་ཤུ་དང་ཇུ་ཌོ་ཁི་རི་ཤི་ཊེན་ Judo-Christianity ཆོས་ལུགས་ཕ་མེས་ནས་ཉམས་ལེན་བྱེད་མཁན་ཞིག་ཡིན་སྟབས། རང་གི་ཆོས་ལུགས་འགྱུར་བ་སོགས་བྱས་ན་འོས་འཚམས་ཤིག་མེད་སྐོར་བརྗོད་པ་ཡིན། ཕྱོགས་མཚུངས་ཐེངས་ཤིག་ངོས་རང་སོག་ཡུལ་དུ་བསྐྱོད་སྐབས་ཁུལ་དེར་ཀོ་རི་ཡའི་ཡེ་ཤུའི་ཆོས་པ་ཁག་གཅིག་ཡི་ཤུའི་ཆོས་ཁྱབ་སྤེལ་གཏོང་ཆེད་བསླེབས་འདུག་པ་ཁོང་ཚོ་ངོས་རང་ཐུག་པར་བསླེབས་བྱུང་།  སྐབས་དེར་ངོས་ནས་ཁོང་རྣམས་ལ་སོག་ཡུལ་ནི་ནང་པའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་ཁུལ་དེར་ཡེ་ཤུའི་ཆོས་ལུགས་སྤེལ་ཐབས་བྱེད་ན་དགེ་མཚན་མེད་སྐོར་དང་།  དེ་ལས་སོག་པོའི་མི་མང་གི་ཤེས་ཡོན་དང་འཕྲོད་བསྟེན་ཐོག་རོགས་རམ་གནང་ཐུབ་ན་ཕན་ཐོགས་ཆེ་བ་ཡོད་པ་དང་།  ངོས་རང་ཉིད་ལ་མཚོན་ནའང་ཆོས་ལུགས་བརྗེ་འགྱུར་གྱི་བྱ་སྤྱོད་དེ་རིགས་རྩ་བ་ནས་སྤེལ་གྱི་མེད་སྐོར་བརྗོད་པ་ཡིན།

TibetTimes1ཡང་སྐབས་ཤིག་ཕ་རན་སི་ཡུལ་དུ་འཇར་མན་ཕྱུག་བདག་གཅིག་གིས་ཕ་རན་སིའི་ཡུལ་དུ་ནང་པའི་དགོན་པ་ཧ་ཅང་ཆེན་པོ་ཞིག་བརྒྱབ་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་བྱུང་། སྐབས་དེར་ངོས་ཀྱིས་ཁོང་ལ་ཕ་རན་སི་ཡུལ་ལ་མཚོན་ན་ནང་པའི་རྒྱལ་ཁབ་ཅིག་མིན་པར་བརྟེན་ནང་པའི་དགོན་པ་ཧ་ཅང་ཆེན་པོ་དེ་འདྲ་བརྒྱབ་པ་ཡིན་ན་རན་པོ་ཞིག་མེད་པ་དང་། ཅི་སྟེ་ཡིན་གཅིག་གིས་ནང་པའི་དགོན་པ་དེ་འདྲ་བརྒྱབ་དགོས་ན་ནང་པའི་རྒྱལ་ཁབ་ཐེ་ལེན་ཌི་དང་ཤྲི་ལངྐཱ། རྒྱ་གར་ལྟ་བུའི་ནང་བརྒྱབ་ཐུབ་ཚེ་དགེ་མཚན་ཆེ་སྐོར་བརྗོད་པ་ཡིན། རྒྱ་རིགས་ཆོས་གྲོགས་ཕོ་མོ་ཁྱེད་རང་ཚོར་མཚོན་ན་ཕ་མེས་ཀྱི་ཆོས་དེ་ནང་པ་རེད། ཤེས་རབ་སྙིང་པོ་འདོན་མཁན་རེད།  དེར་བརྟེན་ནང་ཆོས་ལ་སློབ་གཉེར་བྱེད་དགོས། ཤེས་རབ་སྙིང་པོའི་དོན་དག་གང་ཡིན་པ་དེ་དག་ཤེས་ཐབས་བྱེད་དགོས།

མཛད་རིམ་ལྟར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཟླ་འདིའི་ཚེས་ ༢༨ ཉིན་ཕྱིར་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་འགོད་རྒྱུ་ཡིན་འདུག

ཐེངས་འདིའི་ཉི་ཧོང་ནང་གི་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་པར་རྣམས་བོད་མིའི་སྒྲིག་འཛུགས་དྲ་བ་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༠ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 2

  1. སྨན་པ་བསྟན་འཛིན་གྲགས་པ་ says:
    ལོ་ 7 སྔོན།

    ༧གོང་ས་མཆོག་གིས་རིས་མེད་པའི་འགྲོ་བ་རྣམས་ལ་བཅང་བའི་ཐུགས་སྐྱེད་མཐའ་དག་ལྷུན་གྱིས་འགྲུབ་པ་དང་བདག་སོགས་དད་དམ་གཡོ་མེད་རྣམས་དལ་རྟེན་རིམ་བརྒྱུད་བདེ་ནས་བདེ་བར་བགྲོད་ནས་འགྲོ་དོན་ནུས་པར་བྱིན་གྱིས་རློབས། སྐྱབས་སུ་མཆིའོ།

    Reply
  2. སྨན པ་བསྟན་འཛིན་གྲགས་པ་ says:
    ལོ་ 7 སྔོན།

    ༧གོང་ས་མཆོག་གིས་རིས་མེད་པའི་འགྲོ་བ་སྤྱི་ལ་བཅང་བའི་ཐུགས་སྐྱེད་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་པ་དང་བདག་སོགས་ཁྱེད་ཀྱི་གདུལ་བྱར་གྱུར་པ་དད་དམ་གཡོ་བ་མེད་པ་རྣམས་དལ་རྟེན་རིམ་བརྒྱུད་བདེ་ནས་བདེ་བར་བགྲོད་ནས་ཁྱེད་ལྟར་འགྲོ་བའི་དོན་ལ་བརྩོན་ནུས་པར་བྱིན་གྱིས་རློབས། སྐྱབས་སུ་མཆིའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist