མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་ལ་ཡོང་འབབ་ཀྱི་ཁྲལ་སྤྲོད་མི་དགོས་པ་ཞིག་བཟོ་རོཊ་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་བོད་མི་རྣམས་ལས་ཀར་བཀོལ་ན་ལགས་སོ་དང་སྒོར་མོ་སྤྲད་ན་ཐུགས་རྗེ་ཆེ་ཟེར་མཁན་ཞིག་ཡིན་པས་གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕྱིར་འཕུད་གཏོང་གི་མ་རེད་ཟེར།

IMG_3621དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཙམ་ལ་དྷ་ས་མེག་གྷན་དབུས་གཙང་ཆོལ་ཁའི་ཚོགས་ཁང་དུ། བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་རྒྱ་གར་ནང་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་ཡོང་འབབ་ཀྱི་ཁྲལ་སྤྲོད་མི་དགོས་པ་ཞིག་བཟོ་གལ་ཆེ་སྐོར་དང་། བོད་ནས་གསར་དུ་ཡོང་བའི་གནས་མཇལ་ཆོས་ཞུ་བ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་ཚོགས་སྡེ་ཁག་ནས་ཆེད་དུ་དངུལ་བརྗེ་ལེན་གྱི་རོགས་རམ་གནང་དགོས་པ་མ་ཟད། གཞིས་ལུས་བོད་མིའི་ངོ་ཚབ་ཏུ་གྱུར་བའི་གནས་མཇལ་ཆོས་ཞུ་བ་རྣམས་དུས་དབང་ལ་ཕེབས་སྐབས་ལམ་གྲོན་གཏོང་དགོས་སྐོར་སོགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་།

ལྷན་ཚོགས་ཐོག་རྒྱ་གར་ནང་གི་བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་ལ་ཡོང་འབབ་ཀྱི་ཁྲལ་(Income Tax)སྤྲོད་མི་དགོས་པ་ཞིག་བཟོ་བའི་ལམ་ཀ་ཡོད་སྐོར་ལ། ཁོང་རང་དེ་སྔོན་སྲིད་སྐྱོང་འོས་མིར་ལངས་སྐབས་བཙན་བྱོལ་བོད་མི་ཚོས་རྒྱ་གར་གཞུང་ལ་ཡོང་འབབ་ཀྱི་ཁྲལ་སྤྲོད་མི་དགོས་པའི་སྐོར་ནས་མང་པོ་བཤད་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ནང་སྤྱི་ཡོངས་ནས་ཡོང་འབབ་ཀྱི་ཁྲལ་སྒང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལ། ཁོང་གིས་བོད་མི་ཚོས་ཡོང་འབབ་ཀྱི་ཁྲལ་སྤྲོད་དགོས་པ་མ་རེད་ཟེར་དགོས་དོན་ནི། རྒྱ་གར་ནང་ཡོང་འབབ་ཀྱི་ཁྲལ་སྤྲོད་དགོས་མཁན་དང་མི་དགོས་མཁན་རིགས་གཉིས་ཡོད་པ་དང་། དཔེར་ན། ཀ་ཤི་མེར་སོགས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་བཞི་ལྔ་ཞིག་ནང་ཡོང་འབབ་ཀྱི་ཁྲལ་སྤྲོད་དགོས་ཀྱི་མེད་ལ། དེ་ཡང་ལྡི་ལི་དང་བྷམ་བྷེ། ཀོལ་ཀ་ཏ་སོགས་གྲོང་ཁྱེར་ཆེ་ཁག་དང་བསྡུར་ན་ལོ་ ༢༠ ཡིས་མངའ་སྡེ་དེ་དག་རྗེས་ལུས་ཐེབས་ཡོད་པའི་རྒྱུ་མཚན་ལ་བརྟེན་ཏེ། ལོ་ ༡༠ རེ་བྱས་ནས་ཚད་བཀག་ཡོད་པའི་ཐོག་ནས་སྤྲོད་དགོས་ཀྱི་མེད་སྟབས། བཙན་བྱོལ་བོད་མི་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་ཡོད་ལ། ས་ཆ་མེད་པས་ཡོང་འབབ་ཀྱི་ཁྲལ་དེ་སྤྲོད་མི་དགོས་པ་ཞིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཚོར་ཡོང་འབབ་ཀྱི་ཁྲལ་སྤྲོད་མི་དགོས་པའི་ཐད་ཡར་ཞུ་བྱས་ན་ཞུ་ས་ཡོད་ལ། ཞུ་བའི་དུས་ཚོད་ཀྱང་ཕྱི་མེད་སྐོར་བརྗོད་སོང་།

བོད་ནས་གསར་དུ་ཕེབས་པའི་གནས་མཇལ་ཆོས་ཞུ་བ་རྣམས་ལ་ཆེད་དུ་དངུལ་བརྗེ་ལེན་ལ་རོགས་རམ་དང་། དུས་དབང་གི་ལམ་གྲོན་དང་བཞུགས་གནས་ཞལ་ལག་སོགས་ཀྱི་མཐུན་འགྱུར་རོགས་རམ་གང་ལེགས་གནང་དགོས་སྐོར་ཁོང་གིས། བོད་ནང་དུ་སྙོབ་མ་ཐུབ་པ་ཡིན་ནའང་གཞིས་ལུས་བོད་མིའི་ངོ་ཚབ་ལྟ་བུ་བྱས་ཏེ་ཕེབས་ཡོང་བའི་ཆོས་ཞུ་བ་རྣམས་ལ། བོད་མིའི་སྒྲིག་འཛུགས་ཀྱི་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལྟ་སྐྱོང་ཡག་པོ་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཡིན་ལ། བོད་མིའི་སྒྲིག་འཛུགས་ནས་ལྟ་སྐྱོང་གནང་དགོས་གསུངས་པ་ཙམ་མ་ཡིན་པར་དངུལ་བརྗེ་སྒྱུར་གྱི་དཀའ་ངལ་འཕྲད་བསྡད་ཡོད་པའི་གནས་མཇལ་ཆོས་ཞུ་བ་རྣམས་ལ་ཆེད་དུ་དངུལ་བརྗེ་རོགས་དང་། ཁོང་ཚོ་དུས་དབང་དུ་ཕེབས་པའི་ལམ་གྲོན་དང་བཞུགས་གནས་ཞལ་ལག་སོགས་ཀྱི་མཐུན་འགྱུར་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་སོང་།

གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཁྲིམས་འགལ་ཐོག་ཨ་རིའི་ནང་གནས་སྡོད་བྱེད་བཞིན་ཡོད་པའི་ཕྱི་མི་རྣམས་ཕྱིར་འཕུད་གཏོང་བའམ་ཡང་ན་བཙོན་འཇུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པར་བརྟེན། ཨ་རིའི་ནང་གི་བོད་མི་མང་པོ་ཞིག་གིས་སེམས་འཚབ་གནང་བཞིན་ཡོད་སྐོར་ལ་ཁོང་གིས། ང་ཚོ་ལ་མེད་པ་དེ་ལུང་པ་དང་། ཡོད་པ་དེ་དབུ་འཁྲིད་བཟང་པོ་ཞིག་ཡོད་པས་བོད་མི་ཚོར་དཀའ་ངལ་འཕྲད་ཀྱི་མ་རེད། དེ་བཞིན་ཨ་རིར་ཡོད་པའི་བོད་པས་ཨ་རིར་ཕན་ཐོགས་ཡོད་པ་རེད་ལ། བོད་པ་ལའང་ཕན་ཐོགས་ཡོད་པ་གསལ་པོ་རེད། ཡིན་ནའང་། ཁེ་ཕན་ཆེ་བ་དེ་ཨ་རི་ལ་ཡོད་པ་རེད། གང་ཡིན་ཟེར་ན། ཨ་རི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཡིན་པས་ཁོང་ཚོར་གཡོག་པོར་རྒྱུག་མཁན་ཞིག་དགོས་པས་ལས་ཀ་བྱེད་མཁན་རྩེ་གྲས་དེ་བོད་པ་རེད། བོད་པ་ལས་ཀ་ཞིག་ལ་བཀོལ་བ་ཡིན་ན་(yes) ལབ་པ་དང་། དངུལ་ཞིག་སྤྲད་ནའང་(thank you)ལབ་པ་མ་ཟད། ཨ་རི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐད་ཌོ་ནལ་ཊོམ་གྱིས་དང་པོ་ཡར་འཛུལ་ཏེ་མར་མེ་མདའ་རྒྱག་ཡོང་གི་འདུག་ཟེར་བ་དེ་དངོས་གནས་ཡིན་སྟབས། བོད་པར་ཉེན་ཁ་དེ་ཁྱོན་ནས་མེད་པ་རེད། ལག་པ་གཅིག་ལ་ཨ་སྒོར་ཆག་པ་གཅིག་སྤྲད། ལག་པ་གཞན་དེར་འབར་རྫས་ཤིག་བཞག་པ་ཡིན་ན། བོད་པ་ཚོ་གཉིས་ཀ་མི་དགོས་ཟེར་མཁན་གྱི་མི་རིགས་ཤིག་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 3

  1. Aharru Jigwang says:
    ལོ་ 10 སྔོན།

    ༅༅། བཀྲིས་སྟོབས་རྒྱལ་ལགས།
    ཁྱེད་ནས་ཞབས་བྲོ་ཞིག་འཁྲབ་འདོད་འདུག་ཀྱང་་་ད་བར་གཞས་ཚིག་མ་རག་པ་བསྡད་ཡོད་ས་རེད།
    གཞས་ཚིག་དགོས་ན་ངས་གཏོང་ཆོག་ང་ལ་གནས་འབྲེལ་གནང་རོགས།

    Reply
  2. ལྷ་སྲས། says:
    ལོ་ 10 སྔོན།

    མི་ཆོ་མེད་དེ་ཚོར་ཁ་ཡ་བྱ་རྒྱུ་མེད། མི་དེས་ག་རེ་བྱེད་གི་ཡོད་རད་་་

    Reply
  3. ཨ་འབར་འཇིགས་དབང། says:
    ལོ་ 10 སྔོན།

    ༅༅། བཀྲིས་སྟོབས་རྒྱལ་ལགས་ནས་་་ག་རེ་བཤད་ཀྱི་ཡོད་ངས་ཧ་གསལ་པོ་གོ་མ་སོང།
    བཀྲ་སྟོབས་ལགས་ནས་ཞབས་བྲོ་ཞིག་འཁྲབ་འདོད་འདུག་ཀྱང་་་གཞས་ག་རེ་་་འཁྲབ་དགོས་པ་དང།
    གླུ་ག་རེ་བླངས་དགོས་མིན་ཧ་མ་གོ་བ་བསྡད་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese