མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཕྱོགས་སུ་སྐྱོད་པར་རྒྱ་ནག་ཉེན་རྟོག་ཁང་གི་ཞིབ་བཤེར་བརྒྱུད་དགོས།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཡུ་གུར་དུ་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་མཁན་ཚོས་ངེས་པར་དུ་ས་ཁུལ་སོ་སོའི་ཉེན་རྟོག་ཁང་དུ་ཐོ་འགོད་བྱེད་པ་དང་ཉེན་རྟོག་ཁང་གི་ཞིབ་བཤེར་བརྒྱུད་དགོས་ལུགས་ཀྱི་བཀའ་ཁྱབ་བསྒྲགས་ཡོད་འདུག

POWERPNT_2016-11-25_11-50-24ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཨ་ཁི་སུ་ (Akesu) གྲོང་ཁྱེར་ཉེན་རྟོག་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཡུ་གུར་མི་མང་ཚོར་ཕྱི་སྐྱོད་ལག་འཁྱེར་དགོས་ན་ས་གནས་རིམ་པའི་ཉེན་རྟོག་ཁང་ནས་ཐོ་འགོད་བྱེད་པ་དང་། ཉེན་རྟོག་ཁང་གི་ཞིབ་བཤེར་བརྒྱུད་དགོས་པ་དང་། ཕྱི་སྐྱོད་ལག་འཁྱེར་ལ་ཞིབ་བཤེར་བྱེད་པའི་ལས་འགུལ་དེ་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ཡོངས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། སྲིད་ཇུས་དེ་གོང་རིམ་ནས་བསྒྲགས་པའི་སྤྱི་ཚོགས་བདེ་འཇགས་ཀྱི་བཀའ་ཁྱབ་ཅིག་ཡིན་ལུགས་སོགས་བཤད་འདུག

རང་མིང་བརྗོད་མེད་པའི་ཡུ་གུར་བ་ཞིག་གིས། ང་རང་ཕྱི་ལོགས་སུ་གུང་གསེང་ལ་འགྲོ་ཐེངས་རེ་རེར་ས་གནས་སྲིད་གཞུང་གི་དམ་དྲག་དང་བཀའ་ཁྱབ་འོག་ཕྱི་སྐྱོད་ལག་འཁྱེར་རག་ཐབས་སུ་དངུལ་དང་ཆུ་ཚོད་མང་པོ་གཏོང་དགོས་སྟབས་དཀའ་ངལ་ཆེན་པོ་འདུག གལ་ཏེ་རྒྱ་ནག་གི་མི་སེར་ཚོར་གཞི་རྩའི་ཐོབ་ཐང་འདི་ཙམ་ཡང་མེད་ན། ང་ཚོས་རྗེས་ཕྱོགས་ཀྱི་འཚོ་བ་ཅི་ལྟར་རོལ་དགོས་སམ། དབུས་གཞུང་ནས་གནད་དོན་འདིའི་ཐོག་བསམ་ཤེས་གནང་བའི་རེ་བ་ཡོད། ཅེས་དང་། ཡུལ་མི་གཞན་ཞིག་གིས། དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཤིན་ཅང་ཡུ་གུར་མི་མང་གི་གནས་སྟངས་རྒྱུས་ལོན་དཀའ་བ་ཞིག་ཏུ་འགྱུར་འདུག ཅེས་བརྗོད་འདུག

པེ་ཅིན་གཞུང་ཕྱོགས་ནས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་ཡུ་གུར་བ་ཚོ་ཕྱི་ཕྱོགས་ཀྱི་ཊུར་ཀི་སི་ཐན་ཁ་ཆེ་ལས་འགུལ་ (ETIM) ཞེས་པའི་ཁ་བྲལ་རིང་ལུགས་པ་ཚོ་དང་འབྲེལ་བ་ཡོད་ལུགས་བཤད་དེ། ཡུ་གུར་བ་ཚོའི་འགྲོ་འདུག་རང་དབང་དང་ཆོས་ལུགས་བྱེད་སྒོ་ཁག་གི་ཐོག་དམ་དྲག་བྱེད་ཀྱིན་ཡོད་ནའང་། ཕྱི་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཚོགས་སྡེ་ཁག་གི་ཆེད་ལས་ཞིབ་འཇུག་པ་ཚོས། རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་དང་ཤིན་ཅང་ས་ཁུལ་གྱི་ཡུ་གུར་མི་མང་བར་འབྲེལ་བ་གང་ཡང་མེད་པ་དང་། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་རང་བྱུང་ཐོན་ཁུངས་ལ་དམིགས་ཏེ་ས་ཁུལ་དེའི་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ནས་ས་གནས་མི་མང་ཐོག་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༦ པ་ནས་བཟུང་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་མཐའ་མཚམས་སུ་འཁེལ་བའི་ཀ་ཛ་ཀ་ (Kazakh) ཡུལ་མི་ཚོ་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་པར་ངེས་པར་དུ་ས་ཁུལ་དེའི་ཉེན་རྟོག་ཁང་གི་ཞིབ་བཤེར་ཡིག་ཆ་དང་མཛུབ་ཐིལ། སྐད་ཆའི་སྒྲ་ཐག དེ་བཞིན་པར་མགོ་གསུམ་བཅས་སྤྲད་ནས་ཕྱི་སྐྱོད་ཡིག་ཆ་དང་ཕྱི་སྐྱོད་ལག་འཁྱེར་ཞུ་དགོས་ཀྱི་ཡོད་འདུག

ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་དུ་ཁ་ཆེ་ཡུ་གུར་བ་ས་ཡ་ ༡༠ ལྷག་ཡོད་པ་ཚང་མས་རྒྱ་ནག་གཞུང་གིས་ཁོ་ཚོའི་ཕྱི་སྐྱོད་ལག་འཁྱེར་ཙམ་མ་ཟད། ཁོ་ཚོའི་ཆོས་ལུགས་རིག་གཞུང་གི་བྱེད་སྒོ་ཁག་གི་ཐོག་དམ་དྲག་བྱས་ཏེ་མི་རིགས་དབྱེ་འབྱེད་བྱེད་བཞིན་པར་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག གཞན། བོད་ཕྱི་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་རྒྱ་གཞུང་གིས་མཚོ་སྔོན་དང་རེབ་གོང་། བླ་བྲང་ཕྱོགས་ནས་བོད་མི་གནས་མཇལ་དུ་ཡོང་མཁན་ཚོར་ཐོག་མར་ཕྱི་སྐྱོད་ལག་འཁྱེར་སྤྲད་ཡོད་ནའང་། ཕྱིས་སུ་བོད་མི་དེ་ཚོ་རྒྱ་གར་དུ་གནས་མཇལ་ལ་ཡོང་སྐབས། གནམ་ཐང་ཁག་ནས་གློ་བུར་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ད་དུང་ས་གནས་འགའ་ཞིག་ནང་བོད་མི་གནས་མཇལ་དུཡོང་མཁན་ཚོའི་ཕྱི་སྐྱོད་ལག་འཁྱེར་ཕྱིར་བསྡུ་ཡང་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese