མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོགས་ཡོད་ཉེས་ཅན་ ༧༤ རྒྱ་ནག་ལ་རྩིས་སྤྲད།

བོད་ཀྱི་དུས་བབ།
༢༠༡༦/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

མ་ལེ་ཞི་ཡའི་ཉེན་རྟོག་པས་ཐའེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་དྲ་ལམ་དང་ཁ་པར་སྐུད་ལམ་ནས་དངུལ་གཡོ་ལེན་བྱས་པའི་དོགས་ཡོད་ཉེས་ཅན་ ༧༤ འཛིན་བཟུང་བྱས་ཏེ་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་འདུག

fraud-taiwan-1

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་མ་ལེ་ཞི་ཡའི་ཉེན་རྟོག་པས་དངུལ་གཡོ་ལེན་བྱས་པའི་དོགས་ཡོད་ཉེས་ཅན་རྒྱ་རིགས་ ༧༤ འཛིན་བཟུང་བྱས་ཏེ་ཕྱིར་རྒྱ་ནག་ཉེན་རྟོག་པར་རྩིས་སྤྲད་ཡོད་པ་དང་། རྒྱ་རིགས་དེ་དག་གིས་དྲ་ལམ་དང་ཁ་པར་སྐུད་ལམ་ནས་ཁྱོན་བསྡོམས་རྒྱ་སྒོར་ས་ཡ་ ༦༠ གཡོ་ལེན་བྱས་ཡོད་འདུག

གནས་ཚུལ་དེའི་ཐད་རྒྱ་ནག་གཞུང་གིས། མི་དེ་དག་ལས་ ༢༡ ཙམ་ཐའེ་ཝན་མཚོ་འགག་ནས་ཡིན་པ་དང་གཞན་མི་ ༥༣ སྐམ་ས་ཆེན་མོ་རང་ནས་ཡིན་སྐོར་དང་། མི་དེ་དག་གིས་ཁྲིམས་འགལ་ཐོག་དྲ་ལམ་དང་ཁ་པར་སྐུད་ལམ་ནས་དངུལ་གཡོ་ལེན་བྱས་པའི་དོན་རྐྱེན་ ༥༠༠ ནང་ཚུད་ཡོད་པ་མ་ཟད། ཁྱོན་རྒྱ་སྒོར་ས་ཡ་ ༦༠༠ གཡོ་ལེན་བྱས་ཡོད་པ་དང་། མ་ལེ་ཞི་ཡ་དང་རྒྱ་ནག་སྐམ་ས་ཆེན་མོའི་སྤྱི་བདེ་ཉེན་རྟོག་པ་མཉམ་འབྲེལ་ཐོག་མ་ལེ་ཞི་ཡའི་ནང་རྟེན་གཞི་བྱས་པའི་དངུལ་གཡོ་ལེན་བྱེད་མཁན་གྱི་ནག་ཚོགས་ཁག་ལ་ཁ་གཏད་གཅོག་གི་ཡོད་ལུགས་བཤད་སོགས་བཤད་འདུག

ཐའེ་ཝན་ཕྱི་འབྲེལ་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། མ་ལེ་ཞི་ཡས་ཐའེ་ཝན་གྱི་ཡུལ་མི་ ༢༡ རྒྱ་ནག་གཞུང་ལ་རྩིས་སྤྲད་པའི་བྱ་སྤྱོད་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། བྱ་སྤྱོད་དེས་ཐའེ་ཝན་མཚོ་འགག་དང་མ་ལེ་ཞི་ཡ་གཉིས་བར་གྱི་མཛའ་འབྲེལ་ལ་དོ་ཕོག་ཆེན་པོ་བཟོས་ཡོད་པ་དང་། ཐའེ་ཝན་ཉེན་རྟོག་པས་མ་ལེ་ཞི་ཡའི་ཉེན་རྟོག་པར་འབྲེལ་གཏུགས་བྱས་ཡོད་ནའང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་མ་ལེ་ཞི་ཡའི་ཉེན་རྟོག་པས་ཐའེ་ཝན་གྱི་ཡུལ་མི་དེ་དག་རྒྱ་ནག་ལ་རྩིས་སྤྲད་པ་རེད། ཅེས་བརྗོད་འདུག

གནས་ཚུལ་དེའི་མཇུག་ཏུ། ཐའེ་ཝན་རྒྱ་ནག་ལས་དོན་ཁང་གིས། རྒྱ་ནག་གཞུང་གི་བྱ་སྤྱོད་དེས་རྒྱལ་ཁབ་སོ་སོའི་བདེ་སྲུང་ལས་ཁུངས་ཕན་ཚུན་བར་གྱི་བསམ་ཤེས་དང་མཉམ་འབྲེལ་གྱི་གཞི་རྩར་དོ་ཕོག་བཟོས་ཡོད་ཚུལ་བཤད་ཡོད་ཀྱང་། མ་ལེ་ཞི་ཡ་གཞུང་གིས་རྒྱ་ནག་རྒྱལ་ཁབ་གཅིག་གི་ལམ་ལུགས་འོག་ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་ཆ་ཤས་གླིང་ཕྲན་ཞིག་ཡིན་པར་ངོས་འཛིན་བྱས་ཏེ། མ་ལེ་ཞི་ཡའི་ཕྱི་འབྲེལ་ལྷན་ཁང་ནས་གནད་དོན་དེའི་ཐད་གསལ་བཤད་གང་ཡང་བྱས་མེད་སྐོར་དང་། ན་ནིང་ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་ཤར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁིན་ཡ་དང་ཁམ་བྷོ་ཌེ་ཡ། ལའོ་སི་དང་མ་ལེ་ཞི་ཡ། ཨིན་ཌོ་ནི་ཤི་ཡ་སོགས་ཀྱི་ཉེན་རྟོག་ཁང་དང་མཉམ་འབྲེལ་གྱིས་རྒྱལ་ཁབ་དེ་དག་ནང་དངུལ་གཡོ་ལེན་བྱེད་མཁན་ཚོགས་ཁག་ ༦༠ རྩ་གཏོར་བཏང་བ་དང་དོགས་ཡོད་ཉེས་ཅན་པ་ ༡༠༠༠ འཛིན་བཟུང་བྱས་ཡོད་ལུགས་སོགས་བཀོད་འདུག

གཞན། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཁ་སང་རྒྱ་ནག་ཀུང་ཏུང་ཞིང་ཆེན་མའོ་མེན་ (Maoming) གྲོང་ཁྱེར་དུ་ཁ་པར་སྐུད་ལམ་ནས་དངུལ་གཡོ་ལེན་བྱེད་མཁན་དོགས་ཡོད་མི་སྣ་ ༢༧༠ འཛིན་བཟུང་བྱས་ཡོད་པ་དང་། མི་དེ་དག་གིས་ཁྱོན་བསྡོམས་རྒྱ་སྒོར་ས་ཡ་ ༣.༤ གཡོ་ལེན་བྱས་ཡོད་པ་མ་ཟད། ད་དུང་ཀུང་ཏུང་དང་ཧྲན་ཏུང་། ཀེ་ཀྲུའུ་དང་ཧུའུ་པེ། གུང་ཞི་དང་ཧུ་ནན། ལོ་ནན་དང་ཆི་ཨན། ཧེ་ནན་སོགས་ཞིང་ཆེན་ ༩ དང་། དེ་བཞིན། ཐེན་ཅིན་དང་པེ་ཅིན་གྲོང་ཁྱེར་གཉིས་ནང་ཁ་པར་སྐུད་ལམ་ནས་འབྲེལ་གཏུགས་བྱས་པའི་ཡིག་ཚགས་ས་ཡ་མང་པོ་ལག་སོན་བྱུང་ཡོད་ལུགས་བཤད་འདུག

taiwan-s-fraud-suspects-are-caught-in-a-tug-of-war-between-the

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese