མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྷ་ས་དང་ལྡི་ལི་བར་འགྲོ་མཁན་སྤྱི་སྤྱོད་རླངས་འཁོར་ལ་ཞིབ་བཤེར་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་ལགས་ཀྱིས་དངོས་སུ་འགྲིམ་འགྲུལ་ཞིབ་བཤེར་གནང་བ་བརྒྱུད་དྷ་ས་དང་ལྡི་ལི་བར་འགྲོ་འོང་བྱེད་མཁན་སྤྱི་སྤྱོད་རླངས་འཁོར་ ༧ བཀག་ཉར་བྱས་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་གཅིག་གིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་སྐོར་བརྗོད་འདུག

Untitled-1རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་གྱི་མཚན་མོ་ཆུ་ཚོད་ ༣།༣༠ ཐོག་ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་ཇི་ཨེ་སི་བྷ་ལི་(G S Bali)ལགས་ཀྱིས། མངའ་སྡེའི་འགྲིམ་འགྲུལ་ཁང་གི་དམིགས་བསལ་རུ་ཁག་ཅིག་དང་ཉེན་རྟོག་པ་ཁག་ཅིག་འཁྲིད་དེ། དྷ་ས་དང་ལྡི་ལི་བར་འགྲོ་འོང་བྱེད་མཁན་གྱི་སྤྱི་སྤྱོད་རླངས་འཁོར་རྣམས་ལ་ཞིབ་བཤེར་བྱས་པ་བརྒྱུད། སྤྱི་སྤྱོད་རླངས་འཁོར་ ༧ བཀག་ཉར་བྱས་ཡོད་པ་དང་། དེའི་ནང་ནས་སྤྱི་སྤྱོད་རླངས་འཁོར་གཅིག་གིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པ་དང་། འབྲེལ་ཡོད་འགྲིམ་འགྲུལ་ལས་བྱེད་པ་གཅིག་གནས་སྤོ་བཏང་ཡོད་འདུག

མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་ཇི་སི་བྷ་ལི་ལགས་ཀྱིས། འགྲིམ་འགྲུལ་ཞིབ་བཤེར་ལས་བྱེད་པ་ཁ་ཤས་ཀྱིས་ལྷོད་གཡེང་གཏོང་གི་ཡོད་པར་བརྟེན། ད་ལན་ཁོ་རང་གིས་དངོས་སུ་ཞིབ་བཤེར་བྱས་ཡོད་ལ། དྷ་ས་དང་ལྡི་ལི་བར་གྱི་སྤྱི་སྤྱོད་རླངས་འཁོར་རྣམས་ཁྲིམས་འགལ་ཐོག་འགྲོ་འོང་བྱས་ནས་དུས་ཡུན་རིང་པོ་ཕྱིན་ཡོད་པ་དང་། འགྲིམ་འགྲུལ་ཞིབ་བཤེར་པས་ཞིབ་བཤེར་བྱས་ཡོད་ཀྱང་དོན་ཕན་ལྡན་པ་ཞིག་བྱུང་མེད་སྟབས། ད་ལན་ཁོང་གིས་ཡིད་ཆེས་འཕེལ་བའི་ཞིབ་བཤེར་རུ་ཁག་ཅིག་རྩ་འཛུགས་བྱས་ཏེ་གློ་བུར་དུ་ཞིབ་བཤེར་བྱས་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས་བཀག་ཉར་བྱས་པའི་སྤྱི་སྤྱོད་རླངས་འཁོར་ནང་གི་འགྲུལ་བ་རྣམས་གཞུང་གི་སྤྱི་སྤྱོད་རླངས་འཁོར་ནང་བཞག་སྟེ་སོ་སོ་འགྲོ་དགོས་ས་དེར་བཏང་ཡོད་ལ། འགྲིམ་འགྲུལ་ཞིབ་བཤེར་བས་དྲ་ཐོག་བརྒྱུད་རླངས་འཁོར་དེ་ཚོའི་འཛིན་བྱང་ཚོང་མཁན་རྣམས་ལ་ཁྲིམས་ལྟར་འགོག་རྒོལ་བྱ་རྒྱུ་ཡིན་པ་དང་། དེ་ཚོས་ཁྲལ་འཇལ་གྱི་མེད་ལ་འགྲོ་ལམ་ཡང་ངེས་གཏན་མེད་པས། འགྲུལ་བ་ཚོའི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་སྟབས། སྤྱི་སྤྱོད་རླངས་འཁོར་དེ་རིགས་ནང་འདུག་རྒྱུར་ཡིད་གཟབ་དགོས་སྐོར་བརྗོད་ཡོད་འདུག

ཁོང་གིས་མ་འོངས་པར་སིམ་ལ་དང་མ་ནཱ་ལི་བར་འགྲོ་འོང་བྱེད་མཁན་སྤྱི་སྤྱོད་རླངས་འཁོར་རྣམས་ལའང་ཞིབ་བཤེར་བྱ་རྒྱུ་ཡིན་ལ། འགྲིམ་འགྲུལ་ཞིབ་བཤེར་ཐད་ལྷོད་གཡེང་གཏོང་མཁན་འབྲེལ་ཡོད་ལས་བྱེད་རྣམས་འཕྲལ་དུ་གནས་སྤོ་གཏོང་བ་དང་ས་གནས་ཀྱི་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་ཡང་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist