མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕི་དང་ཚའེ་ཡེན་ཝན་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མ་འོངས་སྲིད་འཛིན་ཊི་རུམ་ཕི་དང་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེན་ཝན་གཉིས་ཀྱིས་ཁ་པར་སྐུད་ལམ་ནས་རྒྱལ་ཁབ་གཉིས་ཀྱི་མ་འོངས་ཆབ་སྲིད་དང་དཔལ་འབྱོར་བདེ་འཇགས་བཅས་ཀྱི་སྐོར་ལ་བཀའ་མོལ་གནང་ཡོད་འདུག

2222

དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་དང་གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་རྣམ་གཉིས་ཀྱིས་ཁ་པར་སྐུད་ལམ་ནས་ཕན་ཚུན་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པར་འཚམ་འདྲི་ཞུས་པ་དང་ཆབས་ཅིག་རྒྱལ་ཁབ་གཉིས་བར་གྱི་མ་འོངས་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་ཐད་ལ་བཀའ་མོལ་བྱུང་ཡོད་པ་དང་། འདི་ནི་ཕྱི་ལོ་ ༡༩༧༩ ལོར་ཨ་རི་དང་ཐའེ་ཝན་མཚོ་འགག་གཉིས་བར་གྱི་འབྲེལ་ལམ་ཆད་པ་ནས་བཟུང་ཨ་རིའི་སྲིད་འཛིན་ནས་ཐའེ་ཝན་མཚོ་འགག་ལ་ཐད་ཀར་འབྲེལ་མོལ་བྱུང་བ་ཐེངས་དང་པོ་དེ་ཆགས་ཡོད་འདུག

སྐུ་ཞབས་ཊི་རུམ་ཕི་ཡི་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་དང་ཨ་རིའི་མ་འོངས་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་གཉིས་བར་ཁ་པར་སྐུད་ལམ་ནས་སྔ་རྗེས་སུ་ཕྱོགས་གཉིས་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པར་འཚམ་འདྲི་ཞུས་ཡོད་པ་མ་ཟད། གླེང་མོལ་སྐབས་སུ་སྲིད་འཛིན་རྣམ་གཉིས་ནས་ཨ་རི་དང་ཐའེ་ཝན་མཚོ་འགག་གཉིས་བར་གྱི་མ་འོངས་པར་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་སྲིད་ཇུས་སྐོར་ལ་གླེང་མོལ་བྱས་ཡོད་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་ཕྱོགས་གཉིས་བར་གླེང་མོལ་བྱུང་ནས་ཆུ་ཚོད་གཅིག་གི་རྗེས་སུ། སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་གི་ཊི་ཝིར་ཊི་ (tweeted) བརྒྱུད་ལམ་ཐོག་གནས་ཚུལ་ཞིག་སྤེལ་ཏེ། ཨ་རིའི་གཞུང་གིས་ཐའེ་ཝན་མཚོ་འགག་ལ་ཨ་སྒོར་ཐེར་འབུམ་མང་པོའི་དྲག་ཆས་མཁོ་འཚོང་བྱེད་ཀྱིན་ཡོད་ནའང་། དེ་ལ་ཁོ་རང་མོས་མཐུན་མེད་སྐོར་ཡང་བརྗོད་ཡོད་པ་རེད།

དེ་རིང་ཞོགས་པར་ལྕམ་ཚའེ་ཡེན་ཝན་གྱི་ལས་ཁུངས་ནས་ཀྱང་གསལ་བསྒྲགས་ཤིག་སྤེལ་ཏེ། སྐུ་ཞབས་ཊི་རུམ་ཕི་དང་ལྕམ་ཚའེ་ཡེན་ཝན་གཉིས་ནས་ཕྱོགས་གཉིས་ཀྱི་མ་འོངས་འབྲེལ་ལམ་གཙོས་པའི་ཨེ་ཤ་ཡའི་མཚོ་ཁུལ་དུ་འབྱུང་བཞིན་པའི་རྩོད་རྙོག་ཐད་ལ་གྲོས་མོལ་བྱས་ཡོད་པ་དང་། ཕྱོགས་གཉིས་ཀས་མ་འོངས་ཉོ་འཚོང་མཉམ་ལས་དང་འབྲེལ་ལམ་ཡར་རྒྱས་ཡོང་བར་རེ་ལྟོས་བྱས་ཡོད་པ་དང་། མ་འོངས་པར་ཨ་རིའི་གཞུང་གསར་བས་ཐའེ་ཝན་མཚོ་འགག་རྒྱལ་སྤྱིའི་ལས་དོན་ནང་མཉམ་ཞུགས་བྱ་བར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་དགོས་པ་དང་། དེ་བཞིན། ཐའེ་ཝན་གྱི་དཔལ་འབྱོར་གོང་སྤེལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲ་བརྟན། མི་མང་དཀྱུས་མའི་འཚོ་གནས་ཡར་རྒྱས་གཏོང་ཐབས་བཅས་ལའང་གླེང་མོལ་བྱས་ཡོད་སྐོར་བརྗོད་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་ཨེ་ཤ་ཡ་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་སློབ་སྟོན་པ་ལྕམ་བྷོན་ནི་གྷི་ལ་སིར་ (Bonnie Glaser) ཟེར་བ་ཞིག་གིས། སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱལ་ཁབ་ཕན་ཚུན་བར་གྱི་རྩོད་རྙོག་ལ་བསམ་བློ་མི་གཏོང་བར། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཁ་པར་སྐུད་ལམ་བརྒྱུད་དེ་ཁོ་རང་གི་སྲིད་འཛིན་རྒྱལ་ཁར་འཚམ་འདྲི་ཞུས་སྐབས། ཁོས་དོགས་གཟབ་མི་བྱེད་པར་ཁ་པར་ལེན་རྐྱང་བྱེད་ཀྱིན་ཡོད་པ་དང་། དེ་ནི་སྔར་བྱུང་མ་མྱོང་བའི་གནས་ཚུལ་ཞིག་ཡིན་པ་མ་ཟད། ཕྱི་འབྲེལ་སྲིད་ཇུས་ལ་རྒྱུས་མྱོང་གང་ཡང་མེད་པའི་མངོན་རྟགས་ཤིག་ཡིན་པ་དང་། ཐེངས་འདིར་སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་གཞུང་ལ་ཨ་རིས་ཐའེ་ཝན་མཚོ་འགག་ཐོག་འཛིན་པའི་སྲིད་ཇུས་ལངས་ཕྱོགས་ཐོག་འགྲེལ་བཤད་ཅིག་རྒྱག་དགོས་སྐོར་སོགས་བརྗོད་འདུག

གནས་ཚུལ་ལྟར་ན། ཕོ་བྲང་དཀར་པོའི་ཕྱོགས་ནས་སྐུ་ཞབས་ཊི་རུམ་ཕི་དང་ལྕམ་ཚའེ་ཡེན་ཝན་གཉིས་བར་འབྲེལ་མོལ་བྱུང་བའི་གནས་ཚུལ་དེ་རྗེས་སུ་མ་གཏོགས་ཤེས་རྟོགས་ཐུབ་མེད་པ་དང་། དེང་སྐབས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་དེ་ཅུང་རྣོ་ངར་ཅན་ཞིག་ཏུ་འགྱུར་བཞིན་ཡོད་སྟབས། སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱལ་ཁབ་ཕན་ཚུན་བར་གྱི་རྩོད་རྙོག་ལ་བསམ་བློ་མ་བཏང་བར་ཐད་ཀར་ཐའེ་ཝན་ལ་བཀའ་མོལ་གནང་བ་དེ་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག

གནས་ཚུལ་ལྟར་ན། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིའི་ཨ་རི་དང་ཐའེ་ཝན་མཚོ་འགག་གཉིས་བར་བྱུང་བའི་འབྲེལ་མོལ་དེས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

གཞན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་རྒྱལ་ས་པེ་ཅན་གྱི་མི་མང་ཚོགས་ཁང་ཆེན་མོའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་བ་ཧིན་རེ་ཀེ་སེ་གྷིར་ (Henry Kissinger) དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་སྲིད་འཛིན་འོས་བསྡུ་ཚུགས་ཟིན་པ་ལྟར། ད་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་གནས་སྟངས་ཀྱང་གནད་འགག་གི་དུས་རིམ་གསར་པ་ཞིག་ཏུ་བསླེབས་ཡོད་པ་དང་། ད་ལྟའི་བར་རྒྱ་ཕྱོགས་ནས་ཨ་རིའི་ཆབ་སྲིད་གནས་སྟངས་ལ་དོ་སྣང་བྱས་ཡོད་པ་དང་། ད་ལྟ་ཨ་རིའི་སྲིད་འཛིན་འཕོ་འགྱུར་གྱི་གནས་སྐབས་སུ་ཁེལ་ཡོད་སྟབས། རྒྱ་ནག་ཕྱོགས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྲ་བརྟན་ཡུན་གནས་ཡོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་ལུགས་སོགས་བཤད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese