མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུང་ཁྲན་ཏང་གིས་སྣེ་འཁྲིད་དེ་རྒྱ་ནག་ནང་ཡ་རབས་བཟང་སྤྱོད་གོང་འཕེལ་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་ནག་ནི་ལོ་རྒྱུས་ཐོག་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས་མ་འོངས་པར་གོ་སྐབས་བྱུང་ན་རྒྱ་ནག་ནང་བྱམས་སྙིང་རྗེ་གོང་འཕེལ་གཏོང་བར་ཧུར་ཐག་འབད་ཐག་གནང་རྒྱུ་ཡིན་སྐོར་གསུངས་འདུག

Untitled-3ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ལོ་ལྟར་རྒྱ་རིགས་བོད་དོན་ཐུགས་སྣང་ཅན་རྣམས་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་དྷ་རམ་ས་ལར་བོད་དོན་ཤེས་རྟོགས་སླད་ཆེད་གཏོང་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་རྒྱ་རིགས་ན་གཞོན་ཤེས་ཡོན་པ་ཁག་ཅིག་བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ་རྒྱ་ནག་ནང་མྱུར་ཚད་མཐོན་པོས་དཔལ་འབྱོར་འཕེལ་རྒྱས་ཕྱིན་ཡོད་ཀྱང་། ཡ་རབས་བཟང་སྤྱོད་ཐོག་ཉམས་རྒུད་ཤུགས་ཆེན་ཕྱིན་ཏེ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དེ་སེལ་ཐབས་ཅི་ཡོད་སོགས་བཀའ་འདྲི་དགོངས་སྐོར་ཞུས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་རྒྱ་ནག་ནི་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་རྒྱལ་ཁབ་ཅིག་ཡིན་ལ། ད་ལྟ་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་འཕྲད་ཡོང་དུས་གུང་ཁྲན་ཏང་གིས་སྣེ་འཁྲིད་དེ་བྱམས་སྙིང་རྗེ་ཡི་ཀུན་ནས་བསླངས་བའི་ཡ་རབས་བཟང་སྤྱོད་གོང་འཕེལ་དུ་གཏོང་དགོས་ལ། སྔོན་མ་རིག་གནས་གསར་བརྗེ་ཞེ་སྡང་གིས་བསླངས་ཡོད་ཀྱང་། ད་ལྟ་བྱམས་སྙིང་རྗེ་ཡིས་བསླངས་བའི་རིག་གནས་གསར་བརྗེ་བྱེད་དགོས་སྐོར་གསུངས་འདུག

མཇལ་བཅར་ཞུ་མཁན་རྒྱ་རིགས་དཔལ་འབྱོར་རིག་པའི་ཤེས་ཡོན་པ་ཆིན་ཝེ་ཕིན་ལགས་ཀྱིས། རྒྱ་ནག་ནང་དཔལ་འབྱོར་ཉམས་ཉེན་བྱུང་རྗེས་ཆབ་སྲིད་ཀྱི་ཉེན་ཁ་དང་སྤྱི་ཚོགས་ཉེན་ཁ་འབྱུང་སྲིད་པ་དང་། མུ་མཐུད་དུ་ཕྱིན་པ་ཡིན་ན་རྒྱ་ནག་གི་སྲིད་དབང་འཐོར་ཞིག་ཏུ་འགྲོ་ཉེན་ཡོད་ལ། སྲིད་དབང་འཐོར་ཞིག་ཏུ་ཕྱིན་ན་ཡུལ་གྱར་གྱི་ཉེན་ཁ་འབྱུང་སྲིད་མིན་དང་། ཡུལ་གྱར་གྱི་ཉེན་ཁ་བྱུང་ཚེ་སེལ་ཐབས་ཅི་ཡོད་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེ་འདྲ་རང་ཕལ་ཆེར་ཡོང་གི་མ་རེད། རྒྱ་ནག་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཅིག་དང་། མི་རིགས་ལ་ཆ་བཞག་ནའང་རིག་གཞུང་ཡོད་པ་དང་། དཀའ་ལས་རྒྱག་ཐུབ་མཁན་གྱི་མི་རིགས་ཤིག་རེད། རྒྱ་ནག་གི་སྐྱོན་ཆ་གཙོ་བོ་སྐྱོན་བརྗོད་ཏོག་ཙམ་བྱུང་ན་གསང་བ་ཞེ་དྲགས་བྱས་ཏེ་གསར་འགྱུར་ཕྱི་གསལ་ནང་གསལ་མེད་པ་དེ་རེད། ངས་ནམ་རྒྱུན་རྒྱ་རིགས་གྲོགས་པོ་ཚོར་རྒྱ་ནག་མི་མང་དུང་ཕྱུར་ ༡༣ ལ་དངོས་ཡོད་གནས་སྟངས་ཤེས་པའི་ཐོབ་ཐང་ཡོད་པ་རེད། དངོས་ཡོད་གནས་ཚུལ་ཤེས་པ་ཡིན་ན་བཟང་དང་ངན་གྱི་དབྱེ་བ་དེ་ཕྱེ་ཐུབ་པས། གནས་ཚུལ་ལ་གསང་བ་ཞེ་དྲགས་བྱས་ཏེ་ཕྱི་ལོགས་ཀྱི་གསར་འགྱུར་རྦད་དེ་བཀག་སྡོམ་བྱེད་བཞིན་པའི་གྲས་དེ་ཡག་པོ་མི་འདུག་ཅེས་རྟག་པར་བཤད་ཀྱི་ཡོད། དེ་བཞིན་རྒྱ་ནག་གི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ཚད་ལ་ཡར་བསླེབས་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། ད་ལྟ་གནས་ཚད་གསལ་པོ་མེད་པར་ཁྲིམས་ཀྱི་ཐོག་ནས་ཏག་ཏག་ཅིག་མེད་པ་རེད། ང་རྒྱུན་དུ་རྒྱ་མི་མང་པོར་ཐུག་གི་ཡོད་པ་རེད། ཉིན་ཞིག་ཧུའུ་ནན་ནས་ཡིན་པའི་ཞིང་པ་སྐྱོ་བོ་ཞིག་ལ་ཐུག་བྱུང་། སྐྱོ་བོ་ཞེ་དྲགས་རེད་འདུག གྱོན་གོས་དང་གདོང་སྐྱོ་བོ་འདུག་པས་ག་འདྲ་འདུག། ཁྱེད་རང་ཚོ་གྲོང་གསེབ་ལ་ག་འདྲ་འདུག་ཅེས་སྐད་ཆ་དྲིས་དུས། ཁོས་སྐྱོ་བོ་ཞེ་དྲགས་ཡོད། ས་གནས་ཀྱི་མགོ་འཁྲིད་དེ་ཚོས་སོ་སོར་དབང་ཆ་དང་ཐོབ་ཐང་ཡོད་པ་དེས་དངུལ་བཟོ་རྒྱུ་མ་གཏོགས་མི་མང་ལ་བསམ་བློ་གཏོང་གི་མི་འདུག་ཟེར།

ང་འཛམ་བུ་གླིང་འདིའི་སྒང་གི་ལུང་པ་ག་བར་བསླེབས་པ་ཡིན་ནའང་། ང་ཚོའི་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་རེད་འདུག་ལ། མིས་བཟོས་པའི་དཀའ་ངལ་དེ་སྨོན་ལམ་བརྒྱབ་ནས་སེལ་ཐབས་མེད་པས་མི་རང་གིས་སེལ་ཐུབ་དགོས་པ་རེད་ཅེས་ལབ་ཀྱི་ཡོད། ངས་མཚམས་རེར་རྩེད་མོ་བྱས་ནས་རྙོག་དྲ་ང་རང་ཚོས་བཟོས་ཏེ་དཀོན་མཆོག་ལ་གསོལ་བ་བཏབ་ནས་ཡོང་ཐབས་མེད་པར་བརྟེན། ངས་འཛམ་བུ་གླིང་བྱམས་བརྩེ་ལྡན་པ་ཞིག་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། ཚན་རིག་པ་མང་པོས་མི་རང་བཞིན་ལྷན་སྐྱེས་ཀྱི་ཐོག་ནས་བྱམས་བརྩེའི་རང་བཞིན་ཅན་ཞིག་རེད་འདུག་ཟེར་གྱི་ཡོད་པ་རེད། འཛམ་བུ་གླིང་ལ་ངས་སྐད་ཆ་དེ་བཤད་ཡོང་དུས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སེམས་ལ་འཁོར་ཡོང་གི་འདུག རྒྱ་ནག་མི་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་རེད་ལ། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ནང་པའི་རྒྱལ་ཁབ་ཅིག་ཡིན་སྟབས། དེའི་ནང་དུ་བྱམས་བརྩེ་སྤེལ་བའི་གོ་སྐབས་ཤིག་ཏན་ཏན་ཡོད་པ་རེད་དྲན་གྱི་འདུག ངས་ནུབ་ཕྱོགས་ཀྱི་ལུང་པའི་ནང་དུ་བྱམས་བརྩེའི་སྐོར་བཤད་སྐབས་མཇུག་ཏུ་ངས་བསམ་བློ་གཏོང་སྟངས་དེ་ནང་པའི་བསམ་བློ་གཏོང་སྟངས་ཏོག་ཙམ་སླེབ་ཡོང་གི་ཡོད་དུས། ང་རང་ཏོག་ཙམ་མ་བདེ་བ་ཡོང་གི་འདུག ངས་ནང་ཆོས་སྤེལ་བར་བསམ་བློ་ཁྱོན་ནས་གཏོང་གི་མེད་ཀྱང་ཆོས་ལུགས་གཞན་དག་ལ་འཚམ་པོ་ཡོང་ཁག་པོ་རེད། རྒྱ་ནག་ལ་ཆ་བཞག་ན། རྒྱ་མི་སུ་ལ་ནང་ཆོས་ཞེས་ལབ་པ་ཡིན་ནའང་རང་བཞིན་གྱིས་སེམས་ཐག་ཉེ་བོ་ཞིག་ཡོད་སྟབས། ད་ལྟའི་ཆར་རྒྱ་ནག་ནང་ལྷ་ཁང་ག་ཚོད་ཅིག་འདུག དེ་འདྲ་ཡིན་དུས་རྒྱ་ནག་ནང་བྱམས་བརྩེ་སྤེལ་བའི་ལས་འགུལ་ལ་ཏོག་ཙམ་ཤུགས་ཅིག་རྒྱག་རོགས་བྱས་ན་དྲན་གྱི་འདུག དངོས་གནས་བྱས་ན་གུང་ཁྲན་ཏང་གིས་མགོ་འཁྲིད་དེ་བྱེད་ཐུབ་པ་དང་བྱེད་འོས་པ་རེད་བསམ་གྱི་འདུག

མཱ་ཁེ་སི་རིང་ལུགས་ལ་ཆ་བཞག་ན། སྤྱི་ཚོགས་དཔལ་འབྱོར་གྱི་ཐོག་ནས་བཤད་ན་ང་མཱ་ཁེ་སི་རིང་ལུགས་པ་ཞིག་ཡིན་ཞེས་ཡོངས་གྲགས་ཀྱི་ཐོག་ནས་བཤད་ཀྱི་ཡོད། མཱ་ཁེ་སི་ཡིས་ངལ་རྩོལ་མི་མང་གི་ཐོབ་ཐང་བཤད་ཡོང་དུས་སྙིང་རྗེས་བསླངས་བ་ཞིག་རེད། སྐབས་རེར་ངས་མཱ་ཁེ་སི་རིང་ལུགས་དེ་ལེ་ཉིན་གྱིས་འཕྲོ་བརླག་ཏུ་བཏང་བ་རེད་དྲན་གྱི་འདུག ལེ་ཉིན་གྱིས་དམག་འཁྲུག་གི་ལས་ཀ་བྱས་ཏེ་དྲག་པོ་བྱས་པ་དང་། གསང་བ་ཞེ་དྲགས་བྱས་པ་དེ་དམག་ཇུས་རེད་འདུག་གཱ། དེ་འདྲ་ཡིན་དུས་ང་མཱ་ཁེ་སི་རིང་ལུགས་ལ་ཡིད་ཆེས་བྱེད་མཁན་ཞིག་དང་། ལེ་ཉིན་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན། རྒྱ་ནག་ནང་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་དེ་ཕལ་ཆེར་ལེ་ཉིན་རིང་ལུགས་དང་སི་ཏ་ལིན་རིང་ལུགས་ཏོག་ཙམ་ཤུགས་ཆེ་དྲགས་པས་རེད་དྲན་གྱི་འདུག

དཔེར་ན། ངའི་ངོ་ཤེས་པ་ཨེ་ཛི་རལ་གྱི་སྲིད་འཛིན་དམ་པ་ཞི་མོན་པིར་སི་(Shimon Peres)ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོང་སྤྱི་ཚོགས་རིང་ལུགས་པ་རེད། རྒྱ་ནག་ཀྱང་སྤྱི་ཚོགས་རིང་ལུགས་ཡིན་དུས་ཁོང་རྒྱ་ནག་དང་ཞེ་དྲགས་སེམས་ཐག་ཉེ་བོ་ཡོད་པ་རེད། ལོ་ཁ་ཤས་ཀྱི་གོང་དུ་ང་ཁོང་ལ་ཐུག་སྐབས། རྒྱ་ནག་སྤྱི་ཚོགས་རིང་ལུགས་རེད་དམ་ལབ་དུས་ཁོང་གིས་རྒྱ་ནག་སྤྱི་ཚོགས་རིང་ལུགས་མ་རེད། མ་རྩ་རིང་ལུགས་རེད་ཅེས་བརྗོད་ཀྱི་འདུག ནུབ་ཕྱོགས་ཀྱི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ལ་ཁྲིམས་ཀྱི་དབང་བསྒྱུར་ཡོད་པ་རེད། གཏམ་བརྗོད་རང་དབང་ཡོད་ཀྱང་རྒྱ་ནག་གི་མ་རྩ་རིང་ལུགས་ལ་དེའང་མེད་པས་རྙོག་དྲ་ཞེ་དྲགས་རེད་འདུག ད་ལྟ་སྲིད་འཛིན་ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་དེ་ཚོ་ཐག་གཅོད་བྱེད་པར་དཀའ་ངལ་ཞེ་དྲགས་འདུག་གཱ། ལྐོག་ཟ་རུལ་སུངས་ལ་འཐབ་རྩོད་བྱེད་སྐབས་ཡང་ལྐོག་ཟ་རུལ་སུངས་བྱེད་པའི་གོ་སྐབས་གསར་པ་དེ་འདྲ་རག་གི་འདུག་ཅེས་ང་ལ་དེ་འདྲ་བཤད་མཁན་བྱུང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་བསམ་བློ་ཏོག་ཙམ་རྒྱ་ཆེན་པོ་གཏོང་དགོས། ངས་སྔ་མོ་རིག་གནས་གསར་བརྗེ་ཆེན་མོ་གཅིག་བྱུང་བ་རེད། དེ་ཞེ་སྡང་གི་སྒང་ནས་བསླངས་འདུག ད་རིག་གནས་གསར་བརྗེ་ཆེན་མོ་ཞིག་བྱེད་དགོས་པ་དང་། དེ་སྙིང་རྗེའི་སྒོ་ནས་བྱེད་དགོས་པ་རེད་ཅེས་བཤད་ཀྱི་ཡོད། ཅེས་གསུངས་འདུག

ཡང་ཁོང་གིས་མུ་མཐུད་དུ། ང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་རེད། ནུབ་ཕྱོགས་རྒྱལ་ཁབ་གང་སར་ངས་བྱམས་བརྩེའི་སྐོར་ཞེ་དྲགས་བཤད་ཀྱི་ཡོད། རྒྱ་ནག་ནང་པའི་ལུང་པ་ཞིག་ཡིན་ཞིང་། དེར་ཤེས་རབ་སྙིང་པོ་ལུངས་དྲངས་ཏེ་བྱམས་བརྩེ་སྤེལ་བའི་གོ་སྐབས་ཤིག་བྱུང་བ་ཡིན་ན་ཧུར་ཐག་འབད་ཐག་བྱེད་དགོས་བསམ་གྱི་འདུག ང་ལ་ཐོབ་ཐང་དང་གོ་ས་སོགས་གང་ཡང་མི་དགོས། ལོ་རྒྱུས་ཀྱི་ཐོག་ནས་ཏཱ་ལའི་བླ་མ་ཟེར་དུས་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཅིག་བྱས་ཏེ་ལོ་ ༤༠༠ ཙམ་ལ་བསྡད་པ་རེད། དེ་ངས་ཕྱི་ལོ་ ༢༠༡༡ ལོ་ནས་རྦད་དེ་གཙང་མ་བཟོས་ཡིན། ཞེས་བཀའ་ལན་གནང་།

ཤེས་ཡོན་པ་ཆིན་ཝེ་ཕིན་ལགས་ཀྱིས། བྱམས་སྙིང་རྗེ་ནི་ཧ་ཅང་གལ་ཆེན་པོ་རེད། ཉེ་བའི་ལོའི་ནང་རྒྱ་ནག་ནང་གི་དཔལ་འབྱོར་ཐད་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་ཀྱང་། ཡ་རབས་བཟང་སྤྱོད་ཐོག་ལྡོག་ཕྱོགས་ཀྱི་ཉམས་ཆག་ཆེན་པོ་ཕྱིན་ཡོད་སྟབས། ༧གོང་ས་མཆོག་གིས་གསུངས་པའི་བྱམས་སྙིང་རྗེ་དེ་རྒྱ་ནག་གི་དཀའ་ངལ་སེལ་ཐབས་ཙམ་མ་ཟད། སྤྱི་ཚོགས་ཧྲིལ་པོའི་གནད་དོན་སེལ་ཐབས་ཤིག་ཡིན་པས་ང་ཚོས་ནུས་པ་ཆེན་པོ་བཏོན་ཏེ་སྐུལ་འདེད་གཏོང་དགོས་པ་ཞིག་ཡིན་ཡང་། རྒྱ་ནག་གི་སྤྱི་ཚོགས་མྱུར་ཚད་མཐོན་པོས་འཕེལ་རྒྱས་ཕྱིན་པ་དང་བསྟུན། སྤྱི་ཚོགས་གྲལ་རིམ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དེར་གཞོན་སྐྱེས་ཚོས་དོ་འཁུར་གནང་གི་ཡོད་ཀྱང་། སྤྱི་ཚོགས་གྲལ་རིམ་ཧ་ཅང་མཁྲེགས་པོ་ཆགས་ཚར་ཡོད་དུས་བསྒྱུར་བཅོས་གཏོང་བའི་ནུས་པ་མེད་སྟབས། སྤྱི་ཚོགས་ཀྱི་བཟང་ཆ་དར་སྤེལ་དང་སྤྱི་ཚོགས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་བཟོ་བར་ཐབས་ལམ་ཅི་དགོས་སྐོར་བཀའ་འདྲི་ཞུས།

༧གོང་ས་མཆོག་གིས། རྙོག་དྲ་དེ་ཚོའི་གྲས་ཀྱི་རྩ་བ་འདྲ་པོ་དེར་ང་ཚོས་འགུལ་སྐྱོད་ཅིག་གཏང་མ་ཐུབ་ན་ཁག་པོ་ཞེ་དྲགས་རེད་འདུག འཛམ་བུ་གླིང་གི་རྙོག་དྲ་དེ་རིགས་དཔེར་ན་སི་རི་ཡའི་གནས་ཚུལ་དེ་ཚོ་ཁྱོན་ནས་སེམས་ཀྱིས་མ་བཟོད་པ་ཞིག་འདུག་སྟེ། གནས་ཚུལ་དེ་ཚོ་མཐོང་ཐོས་བྱུང་སྐབས་མིག་ཆུ་བཏང་ནས་འདུག་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་མི་འདུག་གཱ། ད་ལྟའི་གནས་སྟངས་ཐབས་སྐྱོ་བོ་ཞེ་དྲགས་ཡོད་པ་དེ་མ་འོངས་པར་མི་ཡོང་བ་ཞིག་ལ་ང་ཚོས་ད་ལྟ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་ངས་བཤད་ཀྱི་ཡོད། རྒྱ་ནག་ལ་ཆ་བཞག་ན། ད་ལྟའི་གནས་སྟངས་ཀྱི་ཐོག་ནས་རིམ་གྱིས་རིམ་གྱིས་འགྱུར་བ་ཞིག་གཏོང་ཐུབ་ན་མ་གཏོགས་ཁག་པོ་ཞེ་དྲགས་རེད་ཅེས་གསུངས་འདུག

མུ་འགོད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese