མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲོལ་མ་མཚོ་བཙོན་གྲོལ་ཐོབ་པ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༤ ཉིན་གྱི་མཚན་མོའི་ཆུ་ཚོད་༩ ཡས་མས་སུ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་ལོ་ངོ་གསུམ་ལ་ཁྲིམས་ཐག་བཅད་པའི་བཙོན་འཇུག་དུས་ཡུན་ཚང་ནས་ཕྱིར་རང་ཁྱིམ་དུ་བསྐྱལ་འདུག སྐབས་དེར་སྒྲོལ་མ་མཚོ་ལ་གཉེན་ཉེ་དང་ཡུལ་མི། བོད་མི་ཉིས་བརྒྱ་ལྷག་གིས་ཁ་བཏགས་གཡོགས་ནས་ཕེབས་བསུ་བྱས་འདུག

IMG_1365ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་རྐྱེན་གྱིས་བཙན་བཟུང་བྱས་ཏེ་ཟླ་བ་ ༡༡ རིང་ལ་བཀག་ཉར་ཁང་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་ཞིང་། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ལ་ཁྲིམས་ཐག་བཅད་ནས་སི་ཁྲོན་མེ་ཡན་བཙོན་ཁང་ནང་བཅུགས་པ་རེད། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ནང་ལ་ཁྲིམས་ཁང་རང་ནས་ཡི་གེ་སྔ་ཕྱི་གཉིས་ཁྱིམ་བདག་ཚོར་སྤྲད་དེ། སྒྲོལ་མ་མཚོར་ཛ་དྲག་གི་གཤག་བཅོས་གཏོང་དགོས་སྐོར་འཁོད་ཡོད་པ་དང་ཁྱིམ་བདག་ཚོས་མིང་རྟགས་འགོད་དགོས་ཚུལ་བཙན་བཀའ་གཏོང་སྐབས། ཁྱིམ་བདག་ཚོས་ཁྲིམས་ཁང་ལ་ཁ་པར་བཏང་སྟེ་སྒྲོལ་མ་མཚོ་ལ་དངོས་སུ་ཐུག་བཅུག་ན་སྒྲོལ་མ་མཚོའི་གནས་བབ་གང་ཞིག་ཡིན་པ་ཤེས་རྟོགས་ཡོང་བས། དངོས་སུ་ཐུག་འཇུག་པའི་རེ་འདུན་བཏོན་ཡང་ཐུག་བཅུག་མེད་པ་མ་ཟད། སྒྲོལ་མ་མཚོས་ཁྲིམས་ཁང་ནས་ཁྱིམ་བདག་ཚོར་སྐར་མ་ལྔའི་རིང་ཁ་པར་བཏང་སྟེ་བཙོན་སྲུང་བ་ཚོས་ང་ལ་ན་ཚ་ཞིག་ཡོད་པས་གཤག་བཅོས་གཏོང་དགོས་པའི་བཙན་སྐུལ་ཡང་ཡང་བྱས་ཀྱང་། ངའི་ངོས་ནས་ཁས་ལེན་རྩ་བ་ནས་བྱས་མེད། ཁྱོད་ཚོས་ཀྱང་ཁས་ལེན་རྩ་བ་ནས་མ་བྱེད་ཅེས་བརྗོད་འདུག

ད་སྐབས་སྒྲོལ་མ་མཚོའི་གནས་སྟངས་དེ་མགོ་ཡུ་འཁོར་བ་དང་གཉིད་མི་ཡོང་། གཟུགས་པོ་སྐྱོ་བོ་ཆགས་པ། སྔར་གྱི་གཤིས་ཀར་འགྱུར་བ་ཐེབས་པ། སྙིང་ཁམས་མི་བདེ་བ་སོགས་ཀྱི་གནས་སྟངས་ཆགས་ཡོད་སྟབས། མ་འོངས་པའི་མོ་རང་གི་འཕྲོད་བསྟེན་ཐད་ནང་མི་ཚོས་སེམས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག

སྒྲོལ་མ་མཚོ་ནི། རྔ་བ་རྫོང་རྨེའུ་རུ་མའི་དགེ་ཚང་གི་ཡིན་ཞིང་། ཕ་དགེ་རིག་དང་མ་དོན་ཁོ་གཉིས་ཡིན་འདུག ཁོང་མོ་ལ་ལོ་ ༡༤ ཅན་གྱི་བུ་མོ་ཚུལ་ཁྲིམས་སྒྲོལ་མ་ཟེར་བ་ཞིག་ཡོད་འདུག ཅེས་ཨོ་སི་ཊོ་ལི་ཡར་གནས་སྡོད་རྨེའུ་དཀོན་རྒྱམ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་ཞིང་། ཁོང་མོ་དང་རྨེའུ་དཀོན་རྒྱམ་གཉེན་འབྲེལ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

མཆན། 1

  1. ས་མཐའི་སྤུན་ says:
    ལོ་ 10 སྔོན།

    སྒྲོལ་མ་མཚོ་རང་གི་ཁྱིམ་དུ་ཕེབས་པར་དར་དཀར་པོ་དྲི་མ་མེད་པས་དགའ་བསུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese