མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་མིལ་ན་ཐུ་ཡི་སྤྱི་ཁྱབ་བློན་ཆེན་འདས་བརྡ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སྔོན་སྤྱི་ཟླ་ ༡༢ ཚེས་ ༤ ཉིན། རྒྱ་གར་གྱི་ཏཱ་མིལ་ནཱ་ཐུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་ཇཱ་ཡཱ་ལཱ་ལི་ཐཱ་(jayalalitha)འདས་གྲོངས་སུ་ཕྱིན་ཡོད། ཁོ་མོ་ནི་རྒྱ་གར་ནང་སྙན་གྲགས་ཆེ་ཤོས་ཀྱི་བུད་མེད་ཆབ་སྲིད་པ་ཞིག་ཡིན་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་གསར་ལམ་ཁག་ཏུའང་ཁོང་མོའི་སྐོར་ལ་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་སྟབས་འདིར་སྦི་སྦི་སི་ཡི་གསར་གནས་ཤིག་བོད་བསྒྱུར་ཞུས་ཡོད།

སྦི་སྦི་སི་ཡི་གསར་གནས།
ཚེ་རིང་དོན་གྲུབ་ཀྱི་བསྒྱུར།

Tibettimes1

ཇཱ་ཡཱ་རཱམ་ཇཱ་ཡ་ལཱ་ལི་ཐཱ་ནི་འགའ་ཞིག་གིས་གུས་བརྩི་དང་འགའ་ཞིག་གིས་སྐྱོན་བརྗོད་བྱེད་པའི་རྒྱ་གར་ནང་གི་ཆེས་ཡ་མཚན་དང་རྩོད་གཞི་ཆེ་བའི་ཆབ་སྲིད་པ་ཞིག་ཆགས་ཡོད་པ་རེད།

ཁོ་མོར་དགའ་མོས་བྱེད་མཁན་ཚོས་བརྗོད་ན་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཏཱ་མིལ་ནཱ་ཐུ་ཡི་དཔལ་འབྱོར་ཡར་རྒྱས་གཏོང་བའི་ནང་བྱས་རྗེས་ཆེ་ཤོས་འཇོག་མཁན་ནི་ཁོ་མོ་ཡིན་པར་བརྗོད། ཡང་ཁོ་མོར་སྐྱོན་བརྗོད་བྱེད་མཁན་ཚོས་བརྗོད་ན་མངའ་སྡེ་དེའི་ནང་ཁོ་མོས་རང་ཉིད་ཀྱི་གཟུགས་བརྙན་ལ་ཆེ་བསྟོད་དང་དད་གུས་ཞུ་རྒྱུར་སྐུལ་འདེད་དང་། ལྐོག་ཟ་རུལ་སུངས་ཀྱི་ལམ་ལུགས་རྒྱ་ཁྱབ་ཏུ་སྤེལ་ཡོད་པར་བརྗོད།

ཁོ་མོ་ནི་རྒྱ་གར་ནང་གྲུབ་འབྲས་ཆེས་གཟེངས་སུ་ཐོན་པའི་གློག་བརྙན་འཁྲབ་སྟོན་པ་མ་ཡིན་ཞིང་། ཁོ་མོའི་ཆབ་སྲིད་འཚོ་བའི་བརྒྱུད་རིམ་ནང་ཁོས་མོས་རང་ཉིད་དཔལ་འབྱོར་གྱི་ཆ་ནས་ཕྱུག་ཏུ་བཏང་སྟེ་རྒྱས་སྤྲོས་ཆེ་བའི་འཚོ་བ་ལ་རོལ་གྱིན་ཡོད་པའི་ཉེས་འཛུགས་ཀྱིས་ཁེངས་ཡོད།

AIADMK ཆབ་སྲིད་ཚོགས་པའི་མགོ་གཙོ་ཡིན་པའི་ཆ་ནས་ཁོ་མོ་ནི་ཏཱ་མིལ་ནཱ་ཐུ་ཡི་སྤྱི་ཁྱབ་བློན་ཆེན་དུ་དུས་ཡུན་བཞིའི་རིང་འདེམས་བསྐོ་བྱས་ཡོད། སྐབས་དེ་དག་གི་རིང་ཁོ་མོའི་ཐོག་ཏུ་འགེལ་བའི་ནག་ཉེས་ཀྱི་བཅད་ཁྲ་དང་བཙོན་འཇུག་གི་འགོག་རྐྱེན་ལས་གྲོལ་ཏེ་བློན་ཆེན་ལས་ཁུངས་སུ་བསྐྱར་དུ་བསླེབས་ཐུབ་པ་བྱུང་ཡོད།

tibettimes5ཇཱ་ཡཱ་ལཱ་ལི་ཐཱ་ནི་ ༡༩༤༨ ཟླ་ ༢ ཚེས་ ༢༤ ཉིན་སྐབས་འདིའི་མེ་སོར་མངའ་སྡེ་རུ་སྐྱེས། ཁོ་མོའི་ཕ་ནི་ཁྲིམས་རྩོད་པ་ཞིག་ཡིན་ཡང་། ཁྱིམ་ཀྱི་རྒྱུ་ནོར་མང་ཆེ་བ་བག་མེད་ལོངས་སྤྱོད་ཀྱི་སྒོ་ནས་ཆུད་ཟོད་དུ་བཏང་ཞིང་ཁོ་མོ་ལོ་ན་གཉིས་ལ་སོན་སྐབས་ཕ་འདས།

སློབ་གྲྭའི་ནང་ཁོ་མོས་ཕུལ་དུ་བྱུང་བའི་སྦྱངས་འབྲས་བླངས། ཁོ་མོས་རོལ་དབྱངས་དང་ཞབས་བྲོར་སློབ་སྦྱོང་བྱས་རྗེས་གློག་བརྙན་འཁྲབ་སྟོན་མའི་སྦྱོང་བརྡར་བྱེད་མགོ་ཚུགས། རྗེས་ཀྱི་ལོ་ངོ་བཅུ་ཕྲག་གསུམ་ཙམ་ཀྱི་རིང་ཁོ་མོས་གློག་བརྙན་ ༡༤༠ ལས་བརྒལ་བའི་ནང་འཁྲབ་སྟོན་བྱས་ཏེ་རྒྱ་གར་ནང་དགའ་མོས་ཆེ་ཤོས་བྱེད་ས་ཞིག་དང་མིང་གྲགས་ཆེ་ཤོས་ཀྱི་གློག་བརྙན་སྒྱུ་རྩལ་བ་གཅིག་ཏུ་གྱུར།

ཁོ་མོར་རང་བཞིན་གྱི་ཆ་ནས་ཡིད་དབང་འཕྲོག་གི་ཤུགས་རྐྱེན་ལྡན་ཡོད་པས་དེ་སྔོན་ཁོ་མོ་དང་ལྷན་དུ་གློག་བརྙན་མང་དག་ཅིག་གི་ནང་མཉམ་དུ་འཁྲབ་སྟོན་བྱེད་མྱོང་བའི་འཁྲབ་སྟོན་མི་སྣ་ནས་སྤྱི་ཁྱབ་བློན་ཆེན་དུ་གྱུར་བ་ཨེམ་ཇི་རཱ་མཱ་ཙནྲན་(MG Ramachandran)གྱིས་ཁོ་མོ་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་ངོ་སྤྲོད་བྱས།

༡༩༨༩ ལོར་ཁོ་མོ་ཏཱ་མིལ་ནཱ་ཐུ་ཡི་གྲོས་ཚོགས་ཀྱི་ཚོགས་མིར་འདེམས་ཐོན་བྱུང་བས་ཁོ་མོས་AIADMK(All India Anna Dravida Munnetra Khazagham)ཆབ་སྲིད་ཚོགས་པའི་ཚོགས་གཙོ་བྱས། དེ་ནི་བུད་མེད་ཅིག་གིས་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་བྱས་པ་ཐེངས་དང་པོ་ཆགས་ཡོད། ལོ་གཅིག་གི་རྗེས་ཁོ་མོ་ཐེངས་དང་པོར་སྤྱི་ཁྱབ་བློན་ཆེན་དུ་གྱུར།

Tibettimes2
ཁོ་མོ་ནི་རྒྱ་གར་ནང་སྐད་གྲགས་ཆེ་ཤོས་ཀྱི་ཆབ་སྲིད་པ་གཅིག་ཆགས་ཡོད།

ཁོ་མོས་གྲོང་ཁྱེར་དང་གྲོང་གསེབ་ཁུལ་གྱི་ཉམ་ཐག་མི་སེར་ལ་དམིགས་ཏེ་ཟས་དོད་ཀྱི་རིན་གོང་ཆག་ཡང་གཏོང་བའི་ཟ་ཁང་གསར་འཛུགས་དང་། སློབ་ཕྲུག་སྟོང་ཕྲག་མང་པོར་རིན་མེད་ཀྱི་ཐོག་ནས་ལག་འཁྱེར་གློག་ཀླད་སྦྱིན་གཏོང་བྱས་པ། དེ་བཞིན། དུད་ཁྱིམ་མང་དག་ཅིག་ལ་ཟས་རིགས་སྲེ་སྦྱོར་འཕྲུལ་ཆས་དང་ཞིབ་མོར་འཐག་བྱེད་ཀྱི་འཕྲུལ་ཆས་སྦྱིན་གཏོང་བྱེད་པ་ལྟ་བུ་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་པའི་ལས་འགུལ་མང་དག་ཅིག་སྤེལ་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཁུལ་ཀྱི་ཉམ་ཐག་མང་ཚོགས་ཀྱི་འཚོ་བར་རོགས་སྐྱོར་བྱས་ཡོད།

ཏཱ་མིལ་ནཱ་ཐུའི་ནང་རོགས་དངུལ་མཁོ་སྦྱོར་བྱེད་པའི་ལས་འཆར་ལྟ་བུ་གཞུང་གིས་མ་དངུལ་སྦྱར་ཡོད་པའི་ལས་འཆར་མང་དག་ཅིག་གི་ཐོག་ཁོ་མོའི་མིང་བཀོད་ཡོད། ཟ་ཁང་ཁག་གིས་ཟས་དོད་ཀྱི་རིན་གོང་ཆག་ཡང་གཏོང་བའི་ཟས་རིགས་མཁོ་སྤྲོད་བྱེད་པའི་ལས་འཆར་དེ་ཡང་རོགས་དངུལ་མཁོ་སྦྱོར་བྱེད་པའི་ལས་འཆར་གྱི་ཁོངས་གཏོགས་ཤིག་རེད།

ཟ་ཁང་དེ་རིགས་ལ་ཨ་མ་ཟ་ཁང་ཞེས་འབོད་ཅིང་། ཨ་མ་ཞེས་པ་ནི་ཏཱ་མིལ་ནཱ་ཐུ་མངའ་སྡེའི་ནང་ཁོ་མོའི་རྗེས་འབྲང་པ་ཚོས་ཁོ་མོར་ཆེ་བསྟོད་དང་དད་གུས་མཚོན་བྱེད་དུ་འབོད་སྲོལ་ཆགས་ཡོད། དེ་བཞིན། ཨ་མ་འགྱིག་ཐམ་འཐུང་ཆུ་དང་། ཨ་མ་ཚྭ། ཨ་མ་སྨན་ཚོང་ཁང་། རོགས་དངུལ་མཁོ་སྦྱར་གྱི་ཨ་མ་ཨར་འདམ་སོགས་པ་ཡང་ཡོད་པ་རེད།

ཁོ་མོར་རྒྱབ་སྐྱོར་བྱེད་མཁན་སྣ་ཚོགས་པ་ཞིག་ཡོད་ཅིང་ཁག་ཅིག་ནི་ཡ་མཚན་དང་དགོད་བྲོ་བ་ཡང་ཡོད་པ་རེད། ཁོ་མོའི་རྗེས་འབྲང་པ་ཁག་ཅིག་གིས་རྡོ་སོལ་ཚ་བོའི་སྟེང་དུ་གོམ་པ་སྤོས་ཏེ་བསྐྱོད་པ་དང་། ཡང་སོ་སོའི་ཁྲག་གིས་ཁོ་མོའི་འདྲ་རིས་བྲིས་པ་སོགས་ཀྱི་སྒོ་ནས་རང་ཉིད་ཀྱིས་ཁོ་མོར་བཅངས་པའི་དད་གུས་དང་ལྷག་བསམ་མཚོན་ཐབས་བྱེད་ཀྱི་ཡོད་ཅིང་། ཡང་ཁོ་མོའི་ལས་བྱེད་པ་རྣམས་ཀྱིས་ཁོ་མོའི་རྐང་པར་ཕྱག་འབུལ་ཞུ་ཡི་ཡོད་པའི་གནས་ཚུལ་ཡང་ཡོད་པ་རེད།

ཁོ་མོར་ཆབ་སྲིད་ཀྱི་ཐོག་ནས་བར་ཆད་འཕྲད་སྐབས་སུ་ཁོ་མོར་དད་གུས་བྱེད་མཁན་ཚོས་རང་ལུས་མེར་བསྲེགས་གཏོང་བའི་དོན་རྐྱེན་ཡང་རྒྱུས་མངའ་མེད་པའི་གནས་ཚུལ་ཞིག་མ་རེད། ཁོ་མོས་རང་ཉིད་ཀྱི་གཟུགས་བརྙན་ལ་ཆེ་བསྟོད་དང་དད་གུས་ཞུ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཤུགས་སྣོན་མང་དག་ཅིག་བརྒྱབ་ཡོད་ཅིང་། ཁོ་མོའི་གཟུགས་བརྙན་གྱི་ཆ་ཤས་ཆེན་པོ་ཞིག་གིས་ཏཱ་མིལ་ནཱ་ཐུ་ཡི་གནམ་ས་དབང་དུ་བསྒྱུར་ཡོད་པ་རེད།

༡༩༩༦ ལོར་ཁྲིམས་བཟོ་ལྷན་ཚོགས་ནང་ཁོ་མོའི་ཆབ་སྲིད་ཚོགས་པར་རྐུབ་སྟེགས་བཞི་ལས་ཐོབ་མེད་ཅིང་། ཁོ་མོས་འོས་འགྲན་བྱེད་སའི་བྷར་གུར་ས་ཁུལ་དུ་ཁོ་མོར་ཕམ་ཉེས་བྱུང་བས་ཁོ་མོའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཡུན་དང་པོ་དེ་ནི་གློ་བུར་དུ་མཇུག་བསྒྲིལ་དགོས་བྱུང་།

གཞུང་འཛིན་ཆབ་སྲིད་ཚོགས་པ་གསར་པ་དེས་ཁོ་མོའི་རྒྱས་སྤྲོས་ཆེ་བའི་འཚོ་བ་རོལ་སྟངས་ཀྱི་ཐོག་ནས་དོགས་ཆར་བྱུང་བའི་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་ལ་རྩད་ཞིབ་བྱ་རྒྱུའི་ནང་དུས་ཚོད་ཉུང་ཤས་ཤིག་ཆུད་ཟོས་སུ་བཏང་།

Tibettimes3
ཁོ་མོ་ནི་ངོ་རྒོལ་བྱེད་མཁན་མང་དག་ཅིག་གི་དམིགས་འབེན་ཡང་ཡིན།

༡༩༩༦ ལོར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱུང་རྗེས་སུ་ཁོ་མོའི་སྡོད་ཁང་དུ་གློ་བུར་དུ་སྔོག་གཤེར་བྱས་པའི་ནང་ཉེན་རྟོག་པས་བརྗོད་ན་ཕ་ལམ་གྱིས་ཕྲ་བཏབ་པའི་གསེར་གྱི་རྒྱན་ཆ་འབོར་ཆེན་ཞིག་དང་སང་རས་ཀྱི་གོས་ ༡༠,༠༠༠ དང་ལྷམ་ཆ་ ༧༥༠ བཅས་རྙེད་སོན་བྱུང་ཡོད་འདུག

མཐར་ས་གནས་གྲོང་གསེབ་ཀྱི་ཡུལ་མི་རྣམས་ལ་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་ ༤༠,༠༠༠ ལས་མང་བ་ཉོ་བའི་ལས་འཆར་ཞིག་གི་ནང་ཁོ་མོས་དཔལ་འབྱོར་གྱི་ཁེ་ཕན་བླངས་ཡོད་པའི་ནག་ཉེས་ཕོག་སྟེ་བཙོན་ཁང་དུ་ཉིན་ ༣༠ རིང་སྡོད་དགོས་བྱུང་།

ཡང་ཁོ་མོ་ ༢༠༠༡ ལོའི་འོས་བསྡུའི་ནང་ལངས་རྒྱུར་བཀག་སྡོམ་བྱུང་། གང་ལགས་ཞེ་ན་ཁོ་མོས་སྲིད་གཞུང་གིས་བདག་ཏུ་བཟུང་བའི་ས་ཁང་ཁག་ཅིག་ཁྲིམས་འགལ་ཐོག་བདག་བཟུང་བྱས་པའི་ཉེས་འཛུགས་བྱས་ཏེ། ཁོ་མོར་ལོ་ལྔའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད།

དེ་ལྟར་ནའང་ཁོ་མོའི་ཆབ་སྲིད་ཚོགས་པར་སླར་ཡང་སྲིད་དབང་གི་རྒྱལ་ཁ་ཐོབ་སྟེ། ཁོ་མོ་མངའ་སྡེའི་གྲོས་ཚོགས་ནང་འདེམས་ཐོན་བྱུང་མེད་ནའང་སྤྱི་ཁྱབ་བློན་ཆེན་གྱི་གོ་སར་བསྐྱར་དུ་བསྐོ་བཞག་བྱུང་།

ཁོ་མོའི་བློན་ཆེན་གྱི་ལས་ཡུན་དེ་ནི་མགྱོགས་མྱུར་ངང་མཇུག་བསྒྲིལ་ནའང་ཁོ་མོའི་བློན་ཆེན་གྱི་རྒྱུད་འཛིན་པ་དེ་ནི་ཁོ་མོའི་སྟངས་འཛིན་འོག་གནས་ཡོད་པ་རེད། ༢༠༠༣ ལོར་ཁོ་མོའི་ནག་ཉེས་ཀྱི་བཅད་ཁྲ་ཕྱིར་བསྡུ་བྱུང་བས་ཁོ་མོས་ནུས་ཤུགས་ཆེན་པོའི་སྒོ་ནས་གྲོས་ཚོགས་ཀྱི་རྐུབ་སྟེགས་སྟོང་པ་ཞིག་ལ་འགྲན་རྩོད་བྱས་ཏེ་ཁོ་མོ་སླར་ཡང་ཏཱ་མིལ་ནཱ་ཐུ་ཡི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་།

ལས་ཡུན་གསུམ་པ།

འོན་ཀྱང་རྩོད་རྙོག་གིས་ཁོ་མོའི་རྗེས་སུ་སྙེག་བཞིན་ཡོད། ཁོ་མོས་རང་ཉིད་ཀྱི་དགའ་མོས་བྱེད་པའི་ལས་འཆར་མང་དག་ཅིག་ལ་མ་དངུལ་མཁོ་གཏོང་བྱ་རྒྱུར་ཏཱ་མིལ་ནཱ་ཐུ་ཡི་ཁྲོམ་རྭའི་སྤྱི་ཁྱབ་( Tamil Nadu Marketing Corporation )བེད་སྤྱད་ཡོད་པའི་ཉེས་འཛུགས་བྱུང་ཡོད། མངའ་སྡེ་དེའི་ནང་ཨ་རག་ཚོང་གཉེར་བྱེད་ཆོག་པའི་ཁེར་སྤྱོད་ཀྱི་དབང་ཆ་ནི་ཀམ་པ་ཎི་དེ་ལ་ཡོད་པ་རེད།

མུ་མཐུད་དེ་འབྱུང་བཞིན་པའི་ཉེས་འཛུགས་རྣམས་ཀྱིས་ཁོ་མོའི་ཡིད་དབང་འཕྲོག་ཤུགས་ཀྱི་གཟི་བརྗིད་ཀྱི་འོད་སྣང་མོག་པོར་གཏོང་རྒྱུ་དང་། མང་ཚོགས་ཀྱིས་ཁོ་མོར་དགའ་མོས་བྱེད་པའི་རྣམ་པ་ཆུང་ངུ་གཏོང་རྒྱུར་ནུས་པ་ཅུང་ཟད་ཙམ་ལས་མ་ཐོན། ༢༠༡༡ ཟླ་ ༤ པའི་ནང་གི་འོས་བསྡུའི་རྗེས་སུ་ཁོ་མོས་སྤྱི་ཁྱབ་བློན་ཆེན་གྱི་ལས་ཡུན་གསུམ་པའི་དམ་འབུལ་བྱས་ཡོད།

ཁོ་མོས་རྒྱལ་ནང་གི་ཆབ་སྲིད་ལས་དོན་བྱེད་སྒོ་ཆེ་བ་ཞིག་ལ་བཞུགས་རྒྱུའི་དམིགས་ཡུལ་བཅངས་ཡོད་པར་བརྗོད་ཀྱི་ཡོད། ༢༠༡༤ རྒྱ་གར་གྲོས་ཚོགས་ཀྱི་འོས་བསྡུའི་གོང་ཙམ་ལ་ཁོ་མོས་རང་ཉིད་རྒྱ་གར་གྱི་སྲིད་བློན་ཆགས་རྒྱུའི་རེ་སྨོན་བྱེད་ཀྱིན་ཡོད་པ་ཁོ་མོའི་རྗེས་འབྲང་པ་ཚོས་བསམ་ཚུལ་བརྗོད་ཡོད། དེ་ནའང་ཁོ་མོས་དེ་ནི་དངོས་ཡོད་ཡིན་པའི་ར་སྤྲོད་བྱས་མེད།

Tibettimes4
༢༠༡༤ ནང་ཁོ་མོ་ནི་ཆ་རྐྱེན་མ་ཚང་བའི་གནས་སྟངས་འོག་སྲིད་དབང་ཤོར་བའི་སྤྱི་ཁྱབ་བློན་ཆེན་ཐོག་མ་དེ་ཆགས་ཡོད།

༢༠༡༤ ལོར་ཁོ་མོས་རང་ཉིད་ཀྱི་དབང་ཆ་བེད་སྤྱད་དེ་རིན་གོང་ཆེ་བའི་རྒྱན་ཆ་དང་རླངས་འཁོར། དེ་བཞིན། ས་ཁང་བདག་དབང་རྒྱ་ཆེ་པོ་ཞིག་བསྡུ་རུབ་བྱས་ཡོད་པའི་ནག་ཉེས་ཕོག་སྟེ་ལོ་ངོ་བཞིའི་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད། དེས་ཁོ་མོ་ནི་རྒྱ་གར་ནང་ལས་གནས་ནས་ཕྱིར་འཕུད་བྱུང་བའི་སྤྱི་ཁྱབ་བློན་ཆེན་དང་པོ་དེ་ཆགས་ཡོད་པ་རེད།

དེ་ལྟར་ནའང་ཟླ་བ་བརྒྱད་ཀྱི་རྗེས་སུ་ ༢༠༡༥ ཟླ་ ༥ ནང་ནག་ཉེས་རྣམས་ཕྱིར་བསྡུ་བྱུང་སྟེ་ཉིན་ཤས་ནང་ཁོ་མོ་སླར་ཡང་ཏཱ་མིལ་ནཱ་ཐུ་ཡི་སྤྱི་ཁྱབ་བློན་ཆེན་དུ་བསྐོ་གཞག་བྱུང་།

རྗེས་ཀྱི་ལོའི་འོས་བསྡུའི་ནང་ཁོ་མོར་སྲིད་དབང་གི་རྒྱལ་ཁ་ཐོབ་སྟེ། སྤྱི་ཁྱབ་བློན་ཆེན་གྱི་གོ་ས་དེ་མུ་མཐུད་དེ་འཛིན་ཐུབ་པ་བྱུང་ཡོད། སྐབས་འདིར་ཁོ་མོས་རང་ཉིད་ཀྱི་རྐུབ་སྟེགས་དེ་བརྒྱ་ཆའི་བར་ཁྱད་ཆེན་པོ་ཞིག་གི་སྒོ་ནས་ཐོབ་ཐུབ་པ་བྱུང་ཡོད།

ཁོ་མོས་ “ཐ་ན་ཆབ་སྲིད་ཚོགས་པ་བཅུ་ཡིས་ང་ལ་ཁ་གཏད་གཅོག་པའི་ཤོག་ཁག་བསྒྲིལ་ནའང་། ང་ལ་མཉམ་སྡེབ་ཀྱི་ཤོག་ཁག་མེད་ལ། ངས་རང་ཉིད་ཀྱི་ཡིད་ཆེས་དང་དད་པ་དཀོན་མཆོག་ལ་བཅོལ་ཏེ། མི་དམངས་དང་ལྷན་དུ་མཐུན་ཕྱོགས་ཀྱི་ཤོག་ཁག་ཅིག་བཙུགས་པ་ཡིན།”ཞེས་དང་། “ མི་དམངས་ཀྱིས་ང་ལ་ཡིད་ཆེས་དང་དད་པ་ཡོད་པ་ནི་ཁ་གསལ་རེད་ལ། ངས་ཀྱང་མི་དམངས་ལ་ཡིད་ཆེས་དང་དད་པ་ཆ་ཚང་ཡོད།”ཅེས་བརྗོད་ཡོད།

ཇཱ་ཡཱ་ལཱ་ལི་ཐཱ་ཡི་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོ་མོ་ནི་ཏཱ་མིལ་ནཱ་ཐུ་རྒྱ་གར་ནང་གི་དཔལ་འབྱོར་གྱི་ཐོག་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་མངའ་སྡེ་གཅིག་ཏུ་སྐྲུན་པར། བྱས་རྗེས་འཇོག་མཁན་གཙོ་བོ་དེ་ཡིན་པར་བརྗོད་བཞིན་ཡོད། འོན་ཀྱང་ཁོ་མོར་སྐྱོན་བརྗོད་བྱེད་མཁན་ཚོས་ཁོ་མོ་ནི་ལྐོག་ཟ་རུལ་སུངས་ཀྱི་མི་སྣ་གཏེ་བོ་ཞིག་ཡིན་པ་དང་། ཁོ་མོས་སྲིད་གཞུང་ལ་ཁ་ལོ་བསྒྱུར་ཏེ་རང་ཉིད་ཁྲིམས་ལུགས་ལས་དབང་ཆེ་བ་ཞིག་ཏུ་ལྟ་གི་ཡོད་པའི་རྣམ་པ་སྐྲུན་བཞིན་ཡོད།

མ་རྩོམ་གྱི་དྲ་གནས་ཁ་བྱང་ http://www.bbc.com/news/world-asia-india-37510677

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese