མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ཚའེ་ཡེན་ཝན་ནེའུ་ཡོག་ཏུ་ཞག་སྡོད་བྱས་ཏེ་ཨ་རིའི་དཔོན་རིགས་ཚོར་ཐུག་སྲིད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཊི་རུམ་ཕི་དང་ཚའེ་ཡེན་ཝན་གཉིས་ཁ་པར་ནས་ཁ་བརྡ་བྱས་རྗེས་པེ་ཅིན་གཞུང་གིས་ཐའེ་ཝན་མཚོ་འགག་གི་གླིང་ཕྲན་ཁག་ཅིག་ནང་དྲག་པོའི་མཁའ་དམག་ཇེ་མང་དུ་བཏང་སྟེ་ཐའེ་ཝན་ལ་འཇིགས་སྣང་སྐུལ་བཞིན་ཡོད་འདུག

fef8f5c6-bc33-11e6-b1a9-d0a597083a8f_1280x720

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ཆར་པེ་ཅིན་གཞུང་གིས་ཐའེ་ཝན་མཚོ་འགག་གི་ཉེ་འགྲམ་གླིང་ཕྲན་ཁག་ཏུ་རྒྱ་ནག་མི་མང་བཅིངས་འགྲོལ་དམག་ཁུལ་གྱི་མཁའ་དམག་ཇེ་མང་དུ་བཏང་སྟེ་ཐའེ་ཝན་མཚོ་འགག་གི་གླིང་ཕྲན་ཁག་ཏུ་འཕུར་སྐྱོད་ཀྱིས་ཐའེ་ཝན་ལ་འཇིགས་སྐུལ་གཏོང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས། དེ་ནི་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་དང་སྐུ་ཞབས་ཊི་རུམ་ཕི་གཉིས་ཀྱིས་ཁ་པར་སྐུད་ལམ་ནས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་སྐོར་ལ་གླེང་མོལ་བྱས་པར། ཨ་རིའི་ཕྱོགས་ནས་དེ་སྔོན་ཐའེ་ཝན་མཚོ་འགག་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པའི་ལངས་ཕྱོགས་དེར་ད་ཆར་ལྷོད་ཡངས་འགྲོ་བཞིན་པར་རྒྱ་ནག་གཞུང་གིས་བློ་འཚུབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

གནས་ཚུལ་འདིའི་ནང་། པེ་ཅིན་དམག་དོན་དབྱེ་ཞིབ་པ་ལི་ཇི་ (Li Jie) ཟེར་བ་ཞིག་གིས། ཚའེ་ཡེན་ཝན་གཞུང་གིས་ཊི་རུམ་ཕི་ཡི་རོགས་རམ་འཚོལ་བཞིན་ཡོད་སྟབས། ཊི་རུམ་ཕི་ཡིས་ཁོང་མོའི་གཞུང་དང་མཉམ་འབྲེལ་བྱ་སྲིད་པར་པེ་ཅིན་གཞུང་ལ་བློ་འཚུབ་ལང་གི་ཡོད་པ་དང་། དེའི་རྒྱུ་མཚན་ནི། ཊི་རུམ་ཕི་ཡིས་རྒྱ་ནག་ཐོག་འཛིན་པའི་ལངས་ཕྱོགས་དེ་ཨ་རིའི་ཆབ་སྲིད་པ་གཞན་དག་དང་འདྲ་བོ་མེད་པ་དང་། ཐའེ་ཝན་གཞུང་གིས་གཞན་གྱི་དམག་རོགས་ལ་བརྟེན་ནས་རྒྱ་ནག་སྐམ་ས་ཆེན་མོར་འཇིགས་སྐུལ་སློང་གི་ཡོད་སྟབས། པེ་ཅིན་གཞུང་ཕྱོགས་ནས་ཀྱང་རང་རྒྱལ་གྱི་མངའ་ཁོངས་མཚོ་ཁུལ་ཁག་ཏུ་དྲག་པོའི་དམག་སྦྱོང་བྱས་ཏེ་ཚའེ་ཡེན་ཝན་གྱི་རང་བཙན་ལངས་ཕྱོགས་ལ་ཡ་ལན་རྣོ་ངར་ལྡན་པ་ཞིག་སྤྲོད་སྲིད། ཅེས་བཤད་འདུག

རྒྱ་ནག་བཅིངས་འགྲོལ་དམག་ཁུལ་གྱི་མགྲིན་ཚབ་པ་ཧྲིན་ཅིན་ཁི་ (Shen Jinke) ཟེར་བ་ཞིག་གིས། འཛམ་གླིང་དམག་ཆེན་གཉིས་པའི་གྲང་དམག་རྗེས་སུ། ཨ་རིའི་མཁའ་དམག་ཉི་ཧོང་དང་ཐའེ་ཝན་གྱི་གླིང་ཕྲན་ཁག་ཅིག་དང་འབྲེལ་བའི་ཨེ་ཤ་ཡའི་ཤར་རྒྱུད་གླིང་ཕྲན་ (First Island Chain) སྟེང་དུ་བཅའ་སྡོད་བྱས་ཡོད་སྟབས། ད་ལོའི་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་རྒྱ་ནག་གི་འགད་རྫས་དང་མེ་ཤུགས་འཕུར་མདེལ། དྲག་ཆས་སྐྱེལ་འདྲེན་གནམ་གྲུ་སོགས་ཁྱོན་མཁའ་དམག་གནམ་གྲུ་ ༤༠ ལྷག་གིས་གླིང་ཕྲན་དེའི་སྟེང་དུ་དྲག་པོའི་དམག་སྦྱོང་བྱས་ཡོད། ཅེས་བཤད་འདུག

ཨོ་མན་ (Macau) རང་སྐྱོང་ཁུལ་གྱི་དམག་དོན་རྟོགས་ཞིབ་པ་ཝོང་ཏུང་ (Wong Dong) ཟེར་བ་ཞིག་གིས། དེ་སྔོན་རྒྱ་ནག་མི་མང་བཅིངས་འགྲོལ་དམག་ཁུལ་གྱི་མཁའ་དམག་གིས་ཐའེ་ཝན་གྱི་གླིང་ཕྲན་ཁག་ཏུ་རྟོགས་ཞིབ་བྱེད་དོན་ནི། ཐའེ་ཝན་མཚོ་འགག་ལ་ཨུ་རུ་སུའི་ (Tu-154M) ལྟ་བུའི་གསང་ཉུལ་གནམ་གྲུ་ཡོད་པས་ཡིན་ནའང་། ད་ཆར་པེ་ཅིན་གཞུང་ལ་དེ་ལས་ལྷག་པའི་སྔོན་ཐོན་མཁའ་དམག་དྲག་ཆས་འབོར་ཆེན་ཡོད་པ་རེད། ཅེས་འཇིགས་སྐུལ་བཏང་ཡོད་འདུག

རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། འབྱུང་འགྱུར་ཕྱི་ཟླ་ ༡ ཚེས་ ༡༡ ནས་ ༡༢ ཉིན་གཉིས་རིང་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་ཨ་རིའི་དབུས་རྒྱུད་རྒྱལ་ཁབ་གྷུ་ཊི་མ་ལ་ (Guatemala) ནང་བསྐྱོད་དེ། རྒྱལ་ཁབ་དེའི་སྲིད་འཛིན་ཇེ་མེ་མོ་ར་ལི་ (Jimmy Morales) ལགས་སུ་ཐུག་འཕྲད་དང་བསྟུན་ཏེ། ལམ་བར་དུ་ཁོང་མོ་ནེའུ་ཡོག་གྲོང་ཁྱེར་དུ་ཞག་སྡོད་བྱས་ཏེ། གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་མཇལ་འཕྲད་བྱ་འཆར་ཡོད་པ་དང་། གནས་ཚུལ་དེའི་ཐད་ཕྱི་ཚེས་ ༥ ཉིན་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མར་ཁི་ཊོ་ནིར་ (Mark Toner) ཟེར་བ་ཞིག་གིས། ཨ་རིའི་ཕྱོགས་ནས་ལྕམ་ཚའེ་ཡེན་ཝན་ཨ་རིའི་དབུས་རྒྱུད་དུ་སྐོར་སྐྱོད་སྐབས། ཁོང་མོ་ཨ་རིའི་དཔོན་རིགས་ཚོར་ཐུག་འཕྲད་བྱ་འཆར་ཡོད་པའི་གསལ་བསྒྲགས་ད་སྔ་གང་ཡང་སྤེལ་མེད་ཀྱང་། ཐའེ་ཝན་དང་ཨ་རི་གཉིས་བར་གྱི་དུས་ཡུན་རིང་བོའི་འབྲེལ་འདྲིས་དང་བསྟུན་ཏེ། ལྕམ་ཚའེ་ཡེན་ཝན་སྐབས་དེར་གཞུང་འབྲེལ་མ་ཡིན་པའི་ཐོག་ནས་ནེའུ་ཡོག་གྲོང་ཁྱེར་དུ་ཞག་སྡོད་ཀྱིས་ཨ་རིའི་དཔོན་རིགས་ཚོར་འབྲེལ་འདྲིས་བྱ་སྲིད་སྐོར་བརྗོད་ཡོད་པ་རེད། ཁ་སང་ཕྱི་ཚེ་ ༦ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས། ཨ་རིའི་གཞུང་ཕྱོགས་ནས་ལྕམ་ཚའེ་ཡེན་ཝན་གྱི་སྐོར་སྐྱོད་སྐབས་ནེའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བྱེད་དུ་བཅུག་སྟེ་ཨ་རིའི་དཔོན་རིགས་ཚོར་ཐུག་འཕྲད་བྱེད་འཆར་ཡོད་པ་དེ་ནི་རྒྱ་ནག་གི་ཚོར་བ་རྣོ་བའི་གནད་དོན་ཞིག་ལ་ཐེ་གཏོགས་བྱེད་ཀྱིན་ཡོད་སྟབས། ཐེངས་འདིའི་ཚའེ་ཡེན་ཝན་གྱི་སྐོར་སྐྱོད་སྐབས་ཨ་རིའི་དཔོན་རིགས་ཚོར་ཐུག་འཕྲད་མ་བྱས་ལ་ལེགས་པའི་འབོད་སྐུལ་ཞུས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 1

  1. ས་མཐའི་སྤུན་ says:
    ལོ་ 9 སྔོན།

    མང་གཙོར་གཙིགས་ཆེར་འཛིན་ཞིང་མཐའ་གཅིག་ཏུ་མང་གཙོའི་ལམ་ལ་བསྐྱོད་ཅིང་འགྲོ་བ་མིའི་ཐོབ་ཐང་དང་། གསར་འགོད་ཀྱི་རང་དབང་། འདུ་འཛོམས་ཀྱི་རང་དབང་། ཆོས་དད་ཀྱི་རང་དབང་དང་། ཁྲིམས་ཁང་དུ་ཞུ་གཏུགས་ཆོག་པའི་རང་དབང་སོགས་རྒྱ་གར་དང་། ཡུརོབ། ཨ་རི་དང་ཁེ་ན་ཌ། ཉི་ཧོང་དང་ཨོ་གླིང་སོགས་ཀྱི་གཞུང་མང་དང་མཐུན་པར་རང་དབང་ཡོད་པའི་རྒྱལ་ཁབ་ཐའེ་ཝན་དང་། རང་ས་ཤོར་ཡང་བྱེས་སུ་༧གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་དང་ལམ་སྟོན་གཞིར་བཟུང་གོང་གསལ་རྣམས་ཆ་ཚང་བཟང་སྤྱོད་ལྡན་པའི་ངང་ལོངས་སུ་སྤྱོད་མཁན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་སྒྲིག་འཛུགས་ལ་ཡང་གོང་གསལ་རྒྱལ་ཁབ་རྣམས་ཀྱིས་ངོས་ལེན་དང་རྒྱབ་སྐྱོར་སྤྱི་མཚུངས་གནང་དགོས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese