མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བ་དང་རྒྱ་རིགས་ཚོས་ཊི་རུམ་ཕི་ལ་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནང་གི་ཡུ་གུར་བ་དང་རྒྱ་རིགས་ཁག་གཅིག་གིས་ཨ་རིའི་གཞུང་གསར་བས་ཚོང་ལས་ཁེ་ཕན་གཅིག་པུར་མི་དམིགས་པར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དཀའ་ངལ་ཐེར་འདོན་བྱེད་དགོས་པའི་འབོད་སྐུལ་ཞུས།

hqdefaultདེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་ནང་སྐྱབས་བཅོལ་དུ་སྡོད་མཁན་ཡུ་གུར་བ་དང་རྒྱ་རིགས་རང་དབང་དམངས་གཙོ་དོན་གཉེར་བ་ཁ་ཅིག་གིས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སྒོ་མདུན་དུ། གསར་དུ་བདམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་གསར་བ་སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་སེལ་ཐབས་ལ་འབད་བརྩོན་དང་། ཐའེ་ཝན་མཚོ་འགག་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པར་ངོས་ལེན་རྒྱབ་སྐྱོར་གནང་དགོས་པ་དང་། སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་ཐོག་ཕྱི་འབྲེལ་སྲིད་ཇུས་སྲིད་ཇུས་མཁྲེགས་པོ་འཛིན་དགོས་པ་སོགས་ཀྱི་ཐད་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་འདུག

ཨ་རིར་གནས་སྡོད་ཡུ་གུར་མི་རིགས་སྐྱབས་བཅོལ་བའི་འགན་འཛིན་ལྕམ་ར་བྷེ་ཡ་ཁ་ཌིར་ (Rebiya Kadeer) ལགས་ཀྱིས། གལ་ཏེ་ཨ་རིའི་གཞུང་གིས་ཁེ་ལས་ལ་དམིགས་ཏེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དཀའ་རྙོག་སྣང་མེད་བཏང་བ་ཡིན་ན། དེ་ནི་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ལ་ཆེད་དུ་གོ་སྐབས་སྤྲད་པ་ཞིག་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༡༩༨༩ ལོར་རྒྱ་ནག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། དམངས་གཙོའི་ལས་འགུལ་སློང་མཁན་སྐུ་ཞབས་ཡཱང་ཅིན་ལི་ (Yang Jianli) ལགས་ཀྱིས། སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིའི་དམངས་གཙོའི་རིན་ཐང་ལྟ་སྤྱོད་གཞིར་བཟུང་སྟེ་རྒྱ་ནག་གཞུང་གི་ཉེས་སྐྱོན་ཐེར་འདོན་བྱས་ཏེ། རྒྱ་ནག་དེང་རབས་དམངས་གཙོ་ཅན་དུ་འགྱུར་ཐབས་སུ་སྐུལ་འདེད་གཏོང་དགོས་པ་མ་ཟད། ད་དུང་ཧོང་ཀོང་གྲོང་ཁྱེར་གྱི་རང་དབང་དམངས་གཙོའི་ལས་འགུལ་ལའང་རྒྱབ་སྐྱོར་གནང་དགོས། ཞེས་བརྗོད་འདུག

བོད་ནང་བཙུགས་ཡོད་པའི་རྒྱ་ནག་གི་ཐང་དཀར་མའི་བཙོན་ཁང་ནང་ལོ་ངོ་ ༡༨ རིང་བཙོན་འཇུག་བྱས་མྱོང་བའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝི་ཅིན་ཧྲིན་ (Wei Jingsheng) ལགས་ཀྱིས། རྒྱ་ནག་ལ་ཚོན་ན། ཨ་རིའི་དཔལ་འབྱོར་ཁྲོམ་ར་མེད་མི་རུང་བ་ཞིག་མིན་སྟབས། སྐུ་ཞབས་ཊི་རུམ་ཕི་གཞུང་གིས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་ཐད་ཚོང་ཁྲལ་འགེལ་རྒྱུའི་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་ཡིན་ན། ཨ་རྒྱ་གཉིས་བར་གྱི་ཚོང་དོན་དམག་འཁྲུག་ལས་ཨ་རི་ལ་རྒྱལ་ཁ་འཐོབ་སྲིད། ཅེས་བརྗོད་འདུག

གཞན། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཆ་རེ་སི་མེ་ཐི་ (Chris Smith) ལགས་ཀྱིས། རྒྱ་ནག་ནང་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་དཀའ་རྙོག་ཐད་ལ་ཨ་རིའི་མ་འོངས་གཞུང་གསར་བའི་ངོས་ནས་གྲུབ་འབྲས་ལྡན་པའི་སྲིད་ཇུས་ལག་བསྟར་བྱ་འོས། ཞེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese