མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་འགན་འཛིན་དུ་བསྐོས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཧྥུལ་ལར་ཊོན་གཙུག་ལག་སློབ་ཆེན་གྱི་བོད་རིགས་སློབ་དཔོན་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་དུ་བསྐོ་བཞག་གནང་འདུག

༡༡༡༡ཟླ་འདིའི་ཕྱི་ཚེས་ ༨ ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སི་ཕི་ལོ་སི་ (Nancy Pelosi )མཆོག་ནས་མཚན་འདོན་གནང་བ་ལྟར། རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་འགན་འཛིན་ལྷན་ཚོགས་ཐོག ཨ་རིའི་ཁེ་ལི་ཧྥོར་ནི་ཡ་མངའ་སྡེའི་ཧྥུལ་ལར་ཊོན་གཙུག་ལག་སློབ་ཆེན་(California State University, Fullerton) གྱི་བོད་རིགས་སློབ་དཔོན་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ (U.S. Commission on International Religious Freedom )འགན་འཛིན་དུ་བསྐོ་གཞག་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་ཕྱག་ལས་དབུ་འཛུགས་གནང་སྟེ་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཆོས་དད་རང་དབང་གི་ཚོགས་འདུའི་ཐོག་ཁ་པར་བརྒྱུད་མཉམ་ཞུགས་གནང་རྒྱུ་དང་། དེ་བཞིན་འཆར་ལོའི་ཕྱི་ཟླ་ ༡ པོའི་ནང་ཝ་ཤིན་ཊོན་ཌི་སི་ནང་འཚོགས་འཆར་ཡོད་པའི་ཚོགས་ཆེན་ཐོག་ཁོང་དངོས་སུ་ཞུགས་ཏེ་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་དྲ་ལམ་བརྒྱུད་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་སུ། ཨ་རིའི་གཞུང་ནས་ཁོང་ལ་ཆེ་མཐོང་དང་ཐུགས་འགན་ཆེན་པོ་དེ་འདྲ་ཞིག་གནང་བར་དགོངས་ཚོར་ཅི་བྱུང་དང་། མ་འོངས་པར་རྒྱལ་སྤྱིའི་ཆོས་དད་རང་དབང་དང་། ལྷག་པར་དུ་བོད་ནང་གི་ཆོས་དད་རང་དབང་ཐད་ཕྱག་ལས་ག་འདྲ་གནང་འཆར་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་ཏུ་བསྐོ་བཞག་གཏན་འབེབས་གནང་བ་དེ་ང་རང་སྒེར་ལ་ཆེ་མཐོང་ཞིག་དང་། ལྷག་པར་དུ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་སྤྱི་ཡོངས་ནས་བོད་ནང་གི་གནས་སྟངས་ཞེ་དྲགས་དཀའ་ངལ་ཆེན་པོ་དང་ཛ་དྲག་པོ་ཞིག་ཆགས་ཡོད་པ་མ་ཟད། བོད་ནང་ཆོས་དད་རང་དབང་མེད་པ་དཔེར་ན་ད་ལྟའི་ཆར་གསེར་རྟ་བླ་རུང་སྒར་བཙན་དབང་གིས་གཏོར་བཤིག་དང་། གྲྭ་བཙུན་སྟོང་ཕྲག་མང་པོ་གནས་དབྱུང་བཏང་དང་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཆགས་བསྡད་ཡོད་སྟབས། གནད་དོན་འདི་དང་འབྲེལ་ནས་མ་འོངས་པར་བོད་ནང་གི་ཆོས་དད་རང་དབང་ཐད་ལྟ་ཞིབ་སྲུང་སྐྱོབ་དང་། དེ་བཞིན་ང་འགན་འཛིན་ཡིན་པའི་ཆ་ནས་འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མའི་ནང་གི་ཆོས་དད་རང་དབང་ཐོག་ལྟ་ཞིབ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་པ་རེད།

བོད་ཀྱི་སྣོད་བཅུད་སྐོར་བཤད་སའི་སྡིངས་ཆ་ཆེན་པོ་ཞིག་རག་ཡོད་དུས་འདི་གནད་འགག་ཆེན་པོ་རེད་དྲན་གྱི་འདུག ངས་དྭང་བླངས་ཀྱིས་ལས་ཀ་བྱེད་དགོས་དུས་ང་རང་ལ་ལས་ཀ་མང་བའི་སྒང་ལ་སྣོན་པ་འདྲ་པོ་རེད་དེ། བོད་མི་ཞིག་འདི་འདྲའི་གནས་བབ་མཐོ་བོ་ཞིག་ལ་བསླེབས་པ་དེ་རྒྱལ་རབས་ལོ་རྒྱུས་ལྟ་བུར་སོང་ཡོད་སྟབས། ང་ཚོ་བོད་པ་ཚང་མ་དགའ་བོ་ཡོང་གི་རེད་དྲན་གྱི་འདུག་ལ། ངོ་དེབ་ཐོག་ཏུ་བོད་པ་མང་པོས་འཚམས་འདྲི་དང་དགའ་བོ་བྱུང་བའི་ཚོར་སྣང་མང་པོ་གསུང་གི་འདུག་པས་ཚང་མར་བཀའ་དྲིན་ཆེ་ཞུ་བ་ཡིན། ཅེས་བརྗོད་བྱུང་།

བོད་མི་རིགས་ལ་མཚོན་ནས་བཤད་ན། ཆོས་ལུགས་དད་མོས་རང་དབང་དེ་ག་ཚོད་ཀྱིས་གལ་ཆེན་པོ་ཆགས་ཡོད་པ་དང་། དེང་སང་རྒྱ་གཞུང་གིས་ཆོས་ལུགས་གཙང་སེལ་ལ་ཁ་གཡར་ཏེ་དོ་དམ་སྟངས་འཛིན་རིགས་མང་པོ་བྱེད་ཀྱི་ཡོད་པ་དེས། བོད་ཀྱི་ཆོས་ལུགས་དང་དད་ལྡན་དོན་གཉེར་བ་རྣམས་ལ་གནོད་སྐྱོན་ག་འདྲ་བཟོ་ཡི་ཡོད་མེད་སྐོར་ལ་ཁོང་གིས། བོད་ཆོས་ལྡན་རྒྱལ་ཁབ་ལ་ཆ་བཞག་པ་ཡིན་ན། ང་རང་ཚོའི་ངོམས་སུ་ཆོག་པའི་དཔལ་ནལེནྜ་ནས་བརྒྱུད་པའི་ནང་པའི་བསྟན་པ་ཆ་ལག་ཡོངས་སུ་རྫོགས་པ་འདི་ང་རང་ཚོ་བོད་མིའི་ངོ་བོ་འཛིན་ཕྱོགས་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་མེད་དུ་མི་རུང་བའི་ནུས་ཤུགས་ཤིག་ཆགས་ཡོད་དུས། ཆོས་དད་རང་དབང་འདི་བོད་མི་རིགས་ལ་གནད་འགག་ཞེ་དྲགས་རེད། དེང་སང་རྒྱ་ནག་གཞུང་གིས་སྲིད་དོན་དགོས་མཁོ་ཞིག་ལ་དམིགས་ཏེ་བོད་ཀྱི་ཆོས་ལུགས་དག་སེལ་བྱེད་ཀྱི་ཡོད་ཟེར་ན་རེད། གང་ལྟར་བོད་ནང་གི་ཆོས་དད་རང་དབང་ལ་དོ་ཕོག་དང་བཀག་འགོག་ཞེ་དྲགས་བྱེད་ཀྱིན་ཡོད་པ་རེད། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་ཐེ་གཏོགས་དང་། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཙན་དབང་གིས་བཞག་པ་དེ་ཚོ་ཆོས་ལ་དགའ་དྲག་སྟེ་བྱེད་ཀྱི་ཡོད་པ་མ་རེད། བོད་ཀྱི་གནས་ཚུལ་ཡོངས་རྫོགས་ལ་བདག་དབང་འཛིན་པའི་ཆེད་དུ་ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ཏེ། ཆོས་ལུགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་བཞིན་ཡོད་པ་དེ་ཕྱི་གསལ་ནང་གསལ་ཆགས་བསྡད་ཡོད་པ་རེད་དྲན་གྱི་འདུག ཅེས་བརྗོད་བྱུང་།

འདས་ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་ཕི་ལོ་སི་(Nancy Pelosi )མཆོག་གིས་དབུ་འཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་ནང་དམིགས་ཆེད་གཟིགས་སྐོར་གནང་སྐབས། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་མགོ་འཁྲིད་དག་ལ་མཇལ་འཕྲད་གནང་སྟེ། བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་བཅས་སྲུང་སྐྱོབ་ཐད་ཨ་རིའི་གཞུང་ནས་སེམས་འཚབ་དང་བཅས་གལ་གནད་ཆེན་པོར་ངོས་འཛིན་ཞུ་ཡི་ཡོད་སྐོར་གསུངས་ཡོད་པ་དང་། དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་དང་བོད་ནང་ཆེད་དམིགས་རྟོག་ཞིབ་ཏུ་ཕེབས་པའི་གསར་འགོད་པ་སོགས་ཀྱིས་ཀྱང་བོད་ནང་ཆོས་དད་རང་དབང་མེད་སྐོར་གསལ་འདོན་གནང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༢ པའི་ནང་འདོན་སྤེལ་གནང་བའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་ལོ་འཁོར་སྙན་ཐོའི་ནང་དུ། བོད་ནང་གི་ཆོས་དད་རང་དབང་དམིགས་བསལ་འབུར་དུ་བཏོན་ནས་བཀོད་ཡོད་པ་དང་། སྐབས་དེར་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས་དམིགས་བསལ་འབུར་དུ་བཏོན་དགོས་པའི་རྒྱུ་མཚན་གཙོ་བོ་ནི། རྒྱ་གཞུང་གིས་ད་ལོར་དམིགས་བསལ་ཁྲིམས་གཞིའི་ངོས་ནས་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། བཀག་སྡོམ་བྱེད་ཡུལ་གཙོ་བོ་དེ་ཡང་དགོན་པ་བྱེ་བྲག་དང་མི་སྒེར་བྱེ་བྲག་ཙམ་མ་ཟད། དེའི་གནད་དོན་རེ་རེ་བཞིན་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། དགོན་པ་ནས་ཕྱིར་འཕུད་བཏང་བའི་གྲྭ་བཙུན་ཞིག་ལ་ཆ་བཞག་ན། ཕྱིར་འཕུད་བཏང་རྗེས་ད་དུང་ཁ་ལ་མ་ཉན་པ་ཡིན་ན། ཁོའི་དགོན་པ་དང་བླ་མ། ཕ་མ་དང་སྡེ་དཔོན། དེ་བཞིན། ས་གནས་ལས་བྱེད་སོགས་ཚང་མར་ཆད་པ་གཅོད་ཀྱི་ཡོད་པ་ལྟར། ཁྲིམས་ཀྱི་ངོ་བོའི་ཐོག་ནས་བཀག་སྡོམ་བྱེད་ཀྱི་ཡོད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 2

  1. ན་ག་སངས་རྒྱས་བསྟན་དར། says:
    ལོ་ 9 སྔོན།

    སློབ་དཔོན་ཆེན་པོ་བསྟན་འཛིན་རྡོ་རྗེ་ལགས་སམ་ཡང་ན་ངའི་གྲོགས་པོ་བསྟན་འཛིན་རྡོ་རྗེ་ལགས་སུ་ཨ་རིའི་གཞུང་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་ (U.S. Commission on International Religious Freedom )འགན་འཛིན་དུ་བསྐོ་གཞག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་། དོ་བདག་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་མཛད་འཕྲིན་ཇི་ལྟར་དགོངས་པ་བཞིན་འགྲུབ་པའི་སྨོན་ལམ་བརྒྱ་ཕྲག་དང་བཅས་ན་གས་ཕུལ།།

    Reply
  2. ས་མཐའི་སྤུན་ says:
    ལོ་ 10 སྔོན།

    བོད་རིགས་སློབ་དཔོན་འབུམ་རམས་པ་བསྟན་འཛིན་རྡོ་རྗེ་ལགས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་འགན་འཛིན་དུ་བསྐོ་བཞག་བྱུང་བར་བཀྲ་ཤིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese