མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་བར་དོཊ་ཟོན་བཀག་འགོག་དགོས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཀྲེ་ཅང་ཞིང་ཆེན་ནང་ཆོས་མཐུན་ཚོགས་ཟེར་བས་ཀྲེ་ཅང་ནང་བོད་བརྒྱུད་ནང་བསྟན་དར་སྤེལ་ལ་དོགས་ཟོན་བཀག་འགོག་བྱས་ཏེ་རྒྱ་བརྒྱུད་ནང་བསྟན་སྤེལ་བར་སྐུལ་འདེད་དགོས་པའི་བཀའ་རྒྱ་བསྒྲགས་འདུག

Untitled-1འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ཀྲེ་ཅང་ཞིང་ཆེན་ནང་ཆོས་མཐུན་ཚོགས་ཟེར་བ་དེས། ཞིང་ཆེན་དེའི་གྲོང་ཁྱེར་ཁག་གི་ནང་ཆོས་མཐུན་ཚོགས་ཁག་དང་། རི་བོ་གྲུ་འཛིན་ནང་ཆོས་མཐུན་ཚོགས་བཅས་ལ་བཀའ་རྒྱ་བསྒྲགས་ཏེ། ཏང་གི་ཆོས་ལུགས་སྲིད་བྱུས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལག་ལེན་ནན་ཏན་དགོས་པ་མ་ཟད། ནང་ཆོས་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོབ་ཤུགས་སྣོན་བྱེད་དགོས་སྟབས།། ཀྲེ་ཅང་ཞིང་ཆེན་མི་རིགས་ནང་ཆོས་ལས་དོན་ཁང་ནས་ཞིང་ཆེན་དེའི་ནང་བོད་བརྒྱུད་ནང་བསྟན་ཁྲིམས་འགལ་གྱིས་དར་སྤེལ་གཏོང་བའི་གནད་དོན་ལ་དོགས་ཟོན་བཀག་འགོག་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་བརྗོད་འདུག

བོད་བརྒྱུད་ནང་བསྟན་དར་འཕེལ་སྔོན་འགོག་དགོས་པའི་སྐོར་ལ་དོན་ཚན་དྲུག་བཏོན་ཡོད་པའི་དང་པོ། གོང་རིམ་གྱི་ཆོག་མཆན་མེད་ན། བོད་བརྒྱུད་ནང་བསྟན་གྱི་གྲྭ་བས་ཀྲེ་ཅང་ཞིང་ཆེན་ནང་ཆོས་འཆད་ཉན་བརྒྱུད་སྤེལ་གྱི་བྱེད་སྒོ་གཙོ་གཉེར་དང་མཉམ་ཞུགས་མི་ཆོག་ལ། བཀའ་དབང་གནང་སྟེ་སློབ་མ་བསྡུ་འགུག་དང་མར་མེ་མཆོད་འབུལ་སོགས་ནང་ཆོས་ཀྱི་བྱེད་སྒོ་རིགས་སྤེལ་མི་ཆོག

གཉིས་པ། ཆོག་མཆན་མེད་ན་ཀྲེ་ཅང་ཞིང་ཆེན་ནང་ཆོས་མཐུན་ཚོགས་དང་ནང་ཆོས་ཀྱི་བྱེད་སྒོ་སྤེལ་ས། ནང་ཆོས་སློབ་གཉེར་ཁང་སོགས་རྩ་འཛུགས་ཁག་གིས་ནང་ཆོས་དོན་གཉེར་བ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་དང་བསྟན་བཅོས་འཆད་འཁྲིད་མི་ཆོག་ལ། བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་རིགས་སྤེལ་མི་ཆོག

གསུམ་པ། ཀྲེ་ཅང་ཞིང་ཆེན་གྱི་རྒྱ་སྐད་ཚན་པའི་ནང་ཆོས་དགོན་པའི་གྲྭ་པ་ཚོས་རྒྱ་བརྒྱུད་ནང་ཆོས་ཀྱི་བསྟན་བཅོས་འདུལ་ཁྲིམས་སྒྲིག་ལྟར་ནང་ཆོས་ཉམས་ལེན་སློབ་གཉེར་དགོས་པའི་སློབ་གསོ་གཏོང་དགོས།

བཞི་པ། ཞིང་ཆེན་ཕྱི་ནས་ནང་ཆོས་འཆད་འཁྲིད་དགེ་རྒན་དང་ལས་བྱེད་གདན་འདྲེན་ཞུས་ཏེ། ནང་ཆོས་ཀྱི་བྱེད་སྒོ་གཙོ་གཉེར་དང་ནང་ཆོས་འཆད་འཁྲིད་ཀྱི་ལས་འགན་འཁུར་ཆོག་ཀྱང་། འབྲེལ་ཡོད་ནང་ཆོས་མཐུན་ཚོགས་ཀྱི་ཆོག་མཆན་ཡོད་དགོས་པ་མ་ཟད། ཞིང་ཆེན་ནང་ཆོས་མཐུན་ཚོགས་ཀྱིས་ཞིང་ཆེན་མི་མང་ཆོས་ལུགས་ལྷན་ཁང་ལ་སྙན་གསེང་ཐོ་འགོད་དགོས་པ།

ལྔ་པ། ཆོག་མཆན་མེད་ཚེ་ཆོས་ལུགས་འཆད་འཁྲིད་བྱེད་མཁན་དགེ་རྒན་དང་ལས་བྱེད་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་ས་མ་ཡིན་པར་གཙོ་འགན་འཁུར་མི་ཆོག་ལ། ཆོས་ལུགས་བྱེད་སྒོ་རིགས་རྩ་འཛུགས་བྱེད་པ་དང་མཉམ་ཞུགས་མི་ཆོག

དྲུག་པ། འདུ་འཛོམས་ཀྱི་ཆོས་ལུགས་བྱེད་སྒོ་རྣམས་ཁྲིམས་ལྟར་ཐོ་འགོད་ཟིན་པའི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་། རྫོང་རིམ་པ་ཡན་གྱི་ཆོས་ལུགས་ལས་དོན་ཁང་གི་ཆོག་མཆན་ཡོད་པའི་ཁྱབ་ཁོངས་ནང་སྤེལ་དགོས་པ་བཅས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 1

  1. ས་མཐའི་སྤུན་ says:
    ལོ་ 9 སྔོན།

    སྟོན་པ་ཐུབ་པའི་དབང་པོའི་རྗེས་འབྲངས་ཡིན་པ་མཚུངས་ཀྱང་འཆམ་མཐུན་གོང་བུ་ཆིག་བསྒྲིལ་ཡོང་རྒྱུའི་ཚབ་ཏུ་བོད་བརྒྱུད་ནང་བསྟན་དང་རྒྱ་བརྒྱུད་ནང་བསྟན་ཞེས་ཁ་འབྲལ་གཏོང་མཁན་སུ་ཡིན་ཟུར་བལྟས་ལེབ་མཐོང་རེད་བཞག མི་རིགས་འཆམ་མཐུན་མི་ཡོང་བའི་རྩ་བ་ཡང་བསམ་ཤེས་མེད་པའི་གུ་དོག་གི་སྲིད་བྱུས་དང་མི་རིགས་དབྱེ་འབྱེད་སོགས་དྲང་བདེན་གྱིས་དབེན་པ་ལ་ཐུག་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese