མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཚོཊ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཚོགས་བཞིན་ཡོད་འདུག

Damcha4ཆོས་རིག་ལས་ཁུངས་ནས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ༸གོང་ས་མཆོག་གི་བཀའ་དགོངས་ལྟར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གཙོ་འགན་བཞེས་ཏེ། ཕྱི་ལོ་ ༢༠༡༢ ལོར་བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་ནས་གཞུང་ཆེན་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་མཚན་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཞེས་པ་གསར་དུ་གཏན་ལ་ཕབ་སྟེ། ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་རྒྱུགས་སྤྲོད་ཀྱི་ལས་རིམ་རྣམས་ཚགས་ཚུད་བཟོས་གནང་སྟེ། ཁ་སང་ཕྱི་ཚེས་ ༡༢ ཉིན་ནས་ཉིན་གྲངས་བཞིའི་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ། དགེ་བཤེས་མའི་སློབ་པ་མཐར་སོན་གྱི་ཡོད་པའི་བཙུན་མ་ ༢༠ ཡིས་དགེ་བཤེས་མའི་གྲྭ་བསྐོར་དམ་བཅའ་འཚོགས་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་འབྲས་སྤུངས་བླ་སྤྱིར་༸གོང་ས་མཆོག་ནས་དགེ་བཤེས་མའི་མཚན་རྟགས་ཞུ་མཁན་བཙུན་མ་རྣམས་ལ་ཕྱག་འཁྱེར་གནང་རྒྱུ་ཡིན་འདུག

ཆོས་རིག་ལས་ཁུངས་དང་། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས། དེ་བཞིན་བཙུན་དགོན་བྱང་ཆུབ་ཆོས་གླིང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ༸སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་དམ་བཅའི་ཚོགས་མགོན་དུ་༸ཞབས་སོར་བཀའ་དྲིན་བསྐྱངས་ཡོད་པ་དང་། དམ་བཅའ་དབུ་འཛུགས་ཀྱི་ཉིན་དང་པོར་བྱང་ཆུབ་ཆོས་གླིང་གི་བཙུན་མ་ཕུན་ཚོགས་སྒྲོལ་དཀར་ལགས་དང་། བཙུན་མ་ངག་དབང་ཆོས་སྐྱིད་ལགས། འཇམ་དབྱངས་ཆོས་གླིང་གི་བཙུན་མ་བསྟན་འཛིན་བདེ་ལྡན་ལགས། སྒྲོལ་མ་གླིང་གི་བཙུན་མ་བདེ་ལེགས་སྒྲོལ་མ་ལགས་དང་། བཙུན་མ་བདེ་ལེགས་དཔལ་མོ་ལགས་བཅས་ནས་ཚད་མ་དང་དབུ་མ་ཕར་ཕྱིན། འདུལ་མཛོད་བཅས་ཀྱི་དམ་བཅའ་ཕུལ་ཡོད་པ་དང་། དེ་བཞིན་ཉིན་རེར་བཙུན་མ་ལྔ་རེ་བྱས་ནས་དམ་བཅའ་འབུལ་གྱི་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༩ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 3

  1. ན་ག་སངས་རྒྱས་བསྟན་དར། says:
    ལོ་ 10 སྔོན།

    རྗེས་སུ་ཡི་རང་ཞུ། དངོས་འབྲེལ་བྱས་ན་དགེ་བཤེས་མའི་ཕྱག་ཁྱེར་སྩོལ་བཞེས་གནང་བར་དུས་རབས་ཉེར་གཅིག་གི་ལོ་ངོ་བཅུ་ཕྲག་གཉིས་ལ་མངོན་དུ་ཕྱོགས་ཕྱོགས་བར་སྒུག་སྡོད་པ་ཞིག་གཏན་ནས་མིན། གང་ལགས་ཟེར་ན་དགེ་བཤེས་མའི་ལག་ཁྱེར་དེ་ཡོན་ཚད་ལས་སྡོམ་པ་དང་གནས་རིམ་ཅན་གྱི་ས་དམིག་དེ་འདྲ་གང་ཡང་མ་རེད། ཡིན་ན་ཡང་ང་ཚོའི་སྤྱི་ཚོགས་ཀྱིས་གང་ཞིག་ལག་ཁྱེར་ཡིན་པ་དང་གང་ཞིག་གནས་རིམ་ཅན་གྱི་ས་དམིག་ཡིན་པ་གཉིས་ཀྱི་ཁྱད་པར་དེ་ད་ལྟ་ཡང་གསལ་པོ་ཞིག་ཆགས་ཐུབ་ཀྱི་མེད་པ་རེད། pgt དང་tgt ཟེར་ན་གནས་རིམ་ཅན་གྱི་ས་དམིག་གི་མིང་རེད། MA B Ed དང་ BA B Ed ཟེར་ན་ལག་ཁྱེར་གྱི་མིང་རེད། ན་གས་བྲིས།

    Reply
  2. Gyal tsen says:
    ལོ་ 10 སྔོན།

    ཡག་པོ་རེད། ད་དུང་ཕྱོགས་ཡོངས་ནས་ང་ཚོའི་བོད་པའི་བུ་མེད་རྣམས་ལ་ཤེས་ཡོན་དང་ཐོབ་ཐང་གོ་སྐབས་ཡོད་ཚད་སྤྲོད་དགོས།
    ང་ཚོའི་བོད་པའི་བུ་མེད་རིགས་ལ་འཇོན་ཐང་དང་ནུས་པ་ཇི་ཙམ་ཡོད་པ་དེ་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་དགོས།
    ང་ངོ་མ་དགའ་ནི་ཡིན། ང་རང་དགེ་བཤེས་ཡིན་ཙང་བཙུན་མ་རྣམས་འདི་འདྲ་གཟེངས་སུ་ཐོན་པ་དེ་དགའ་བ་ཚད་མེད་སྐྱེས་
    བྱུང་། ལྷག་པར་དུ་༧གོང་ས་ཡི་བཞིན་ནོར་པའི་བཀའ་དྲིན་ཉིད་གཅིག་རེད། དེ་ནི་ང་ཚོ་བོད་པའི་དགེ་སློང་ཕ་མ་གཉིས་ཀྱིས་
    བརྗེད་མི་རུང་བ་ཞིག་ཡིན།། གཟེངས་སུ་ཐོན་པའི་བཙུན་མ་༢༠ཐ་པ་ལབཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. གངས་ཅན་ཕོ་ཉ། says:
    ལོ་ 10 སྔོན།

    དང་པོ་རྒྱ་ཆེ་ཐོས་པ་མང་དུ་འཚལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པ་ཤར། ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་ལེན། བཤད་སྒྲུབ་བསྟན་པ་ཡུན་རིང་གནས་གྱུར་ཅིག བསྟན་པ་ཕྱོགས་ཀུན་རྒྱས་པའི་བཀྲ་ཤིས་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese