མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ལ་ངོས་ལེན་མེད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་རྒྱ་ནག་གཞུང་དམངས་ལ་གུས་བརྩི་ཞུ་ཐབས་མེད་སྐོར་དང་བོད་མི་བཀྲ་ཤིས་དབང་ཕྱུགས་འཛིན་བཟུང་བྱེད་དོན་གང་ཡིན་སོགས་གླེང་འདུག

དེ་རིང་ཨེ་ཕེ་གསར་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་གནས་ཚུལ་ཕྱོགས་བསྡུས་ཤིག་བཀོད་ཡོད་པའི་ནང་། ཟླ་འདིའི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་ཏེ། རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་མ་ཁི་སི་བྷུ་ཁུ་སི་ (Max Baucus) ལགས་དང་རྒྱ་ནག་ནང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་བཅས་ཀྱིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པའི་སྐོར་བརྗོད་ཡོད་ཚུལ་བཀོད་འདུག

སྐུ་ཞབས་བྷུ་ཁུ་སི་ལགས་ཀྱིས། “རྒྱ་ནག་གི་རྩ་ཁྲིམས་ཆེད་བསྒྲགས་བྱས་པའི་ནང་། རྒྱ་ནག་ནང་གི་མི་སེར་ཚང་མས་སོ་སོའི་ཕ་སྐད་བཤད་པ་དང་སོ་སོའི་ཡི་གེ་འབྲི་བའི་རང་དབང་ཡོད་ལུགས་བཤད་འདུག དེས་ན་ངས་རྒྱ་ནག་གཞུང་ལ་འདྲི་རྒྱུར། རྒྱ་ནག་གི་མི་སེར་ཡིན་པའི་བོད་རིགས་ཤེས་ཡོན་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས། ཞི་བའི་ཐོག་ནས་བོད་སྐད་ཡིག་སློབ་གསོའི་རང་དབང་མེད་པའི་གནད་དོན་ཁྲིམས་རྩོད་ཞུ་གཏུག་བྱས་པའི་རྐྱེན་གྱིས་ཁོང་འཛིན་བཟུང་བཙོན་འཇུག་བྱེད་དོན་ཅི་ཡིན།” ཞེས་བརྗོད་འདུག

སྐུ་ཞབས་བྷུ་ཁུ་སི་ལགས་ཀྱིས། “འགྲོ་བ་མིའི་ཐོབ་ཐང་གླེང་སྐབས་ངས་རྒྱ་ནག་གཞུང་དམངས་གཉིས་ལ་བརྩི་བཀུར་དང་ཆེ་མཐོང་བྱེད་ཐབས་མི་འདུག ངས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ལ་ངོས་ལེན་བྱེད་ཐབས་མི་འདུག འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་། རྒྱལ་སྤྱིའི་གནས་བབ་དང་བསྟུན་ཏེ་འཛམ་གླིང་རྒྱལ་ཁབ་ཚང་མས་སོ་སོའི་མི་སེར་རྣམས་ལ་ལྟ་ཚུལ་ཇི་ལྟར་འཛིན་དགོས་པ་གསལ་བོར་བསྟན་ཡོད་པ་རེད།” ཅེས་བརྗོད་འདུག

དེ་བཞིན། རྒྱ་ནག་ནང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་པའི་ངོས་ནས་<<འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་>>ཉིན་མོ་སྲུང་གཙི་དང་འབྲེལ་ཏེ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “འདས་པའི་ལོ་ངོ་འདི་དག་རིང་། སྨྲ་བརྗོད་རང་དབང་དང་ཚོགས་སྦྲེལ་རང་དབང་ལ་བརྩི་འཇོག་མ་བྱས་པར་ཉམས་རྒུད་དུ་ཕྱིན་པའི་གནས་སྟངས་འོག ང་ཚོར་དཀའ་རྙོག་ཧ་ཅང་ཕྲད་སོང་། དམ་དྲག་དེ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་དང་། ཁྲིམས་རྩོད་པ། ཆོས་དད་རང་དབང་བརྩོན་ལེན་གནང་མཁན་ཚོ་འཛིན་བཟུང་དང་བཀག་བསྐྱིལ་བྱས་ཡོད་པ་རེད།” ཅེས་བཀོད་འདུག

གནས་ཚུལ་དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་ལས་ཁུངས་ནས་<<འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་>>ཉིན་མོར་སྤེལ་བའི་གསལ་བསྒྲགས་ཤིག་ལུང་འདྲེན་བྱས་ཡོད་པའི་ནང་། “འགྲོ་བ་མིའི་ཐོབ་ཐང་ནི་བླ་ན་མེད་པའི་ཕུགས་བསམ་ཞིག་ཡིན་པ་ལས་མགྲིན་དབྱངས་གཅིག་ཏུ་གྲགས་པའི་ལམ་ཁ་ཞིག་ཏུ་གྱུར་མེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགྲོ་འོང་ཁྲོད་དུ་རྒྱལ་ཁབ་ཁག་གིས་ངེས་པར་དུ་༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་༽ (UN Charter) ནང་གསལ་བའི་དགོངས་དོན་དང་རྩ་འཛིན་ཁག་གིས་མཚོན་པའི་རྒྱལ་སྤྱིའི་འབྲེལ་ལམ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས། རྒྱལ་ཁབ་ཕན་ཚུན་བར་དུ་བདག་དབང་། རང་བཙན་དང་རྒྱལ་ཁོངས་ཆ་ཚང་བཅས་བརྩི་སྲུང་དང་། སྲིད་དོན་གནད་དོན་དུ་བསྒྱུར་བ་དང་ཚད་གཞི་མ་འདྲ་བའི་བྱེད་ཐབས་དོར་དགོས། འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་རང་བཞིན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནས་སྟངས་མཉམ་སྒྲིལ་གྱིས། མི་དམངས་ཀྱི་དཔལ་འབྱོར། སྤྱི་ཚོགས་དང་རིག་གཞུང་ཁེ་དབང་གིས་མཚོན་པའི་སྤྱི་དམངས་དང་ཆབ་སྲིད་ཁེ་དབང་སོགས་ཕྱོགས་ཡོངས་ནས་དོ་མཉམ་ངང་འཕེལ་རྒྱས་གཏོང་བར་ཧུར་བརྩོན་བྱེད་ཀྱིན་ཡོད་པ་མ་ཟད། ད་དུང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་བུ་ཞིག་མགོ་འཛུགས་བྱས་ཡོད།” ཅེས་བཀོད་འདུག

གནས་ཚུལ་འདིའི་མཇུག་ཏུ། “རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ནང་བོད་སྐད་ཡིག་སློབ་འཁྲིད་བྱེད་རྒྱུ་བཀག་བསྡོམས་བྱས་ཏེ། སློབ་གྲྭ་ཁག་ནང་བོད་ཡིག་གི་སློབ་ཚན་འཁྲིད་པ་ནི་ཕྱི་སྐད་ལྟ་བུར་ངོས་འཛིན་བྱེད་ཀྱིན་ཡོད་པའི་སྣང་ཚུལ་བྱུང་འདུག བཀྲ་ཤིས་དབང་ཕྱུགས་ལགས་ཀྱི་ཉེས་དོན་གཙོ་བོ། ཁོང་གིས་རྒྱ་ནག་གི་དབང་འཛིན་དཔོན་རིགས་ཚོར་ཁོང་གི་ཚ་མོ་གཉིས་གཙོས་པའི་བོད་རིགས་སློབ་མ་ཚོར་བོད་སྐད་ཡིག་གི་ཤེས་ཡོན་སློབ་གསོ་སྤྲོད་དགོས་པའི་ཞུ་གཏུག་ཡིག་ཆ་ཕུལ་བ་དེ་རེད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་འཁྲིད་བཀག་བསྡོམས་བྱས་ཏེ་རྒྱ་ཡིག་རྒྱ་སྐད་ཁྱབ་སྤེལ་གཏོང་བཞིན་ཡོད། དེ་བས་བོད་རིགས་མི་མང་གི་ཁྲོད་དུ་བོད་སྐད་བོད་ཡིག་འབྲི་ཀློག་ཐུབ་མཁན་བརྒྱ་ཆ་ ༢༠ ལས་དམའ་རུ་འགྲོ་བཞིན་ཡོད། མི་མང་པོ་ཞིག་གིས་རྒྱ་ཡིག་རྒྱ་སྐད་ལ་དགའ་མོས་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་མི་རིགས་སློབ་ཆེན་ཁག་གི་ཡིག་རྒྱུགས་ཚང་མ་རྒྱ་ཡིག་ཐོག་ནས་གཏོང་གི་ཡོད་པ་ལྟར། གཅིག་བྱས་ན་པེ་ཅིན་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་ཀྱིན་ཡོད་ངེས་རེད།” ཅེས་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese