མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་དམག་སྦྱོང་བྱས་ཏེ་ཐའེ་ཝན་ལ་འཇིགས་སྣང་སྐུལ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་མཁའ་དམག་དང་མཚོ་དམག་མཉམ་འབྲེལ་ཐོག་བྱང་ཤར་རྒྱ་མཚོའི་ངོགས་སུ་དམག་སྦྱོང་མགོ་འཛུགས་བྱས་ཡོད་ཅིང་། སྲིད་དོན་པ་ཚོས་དེ་ནི་ཐའེ་ཝན་ལ་ཉེན་བརྡ་གཏོང་གི་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།

དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཟེར་བའི་མཁའ་དམག་དང་མཚོ་དམག་མཉམ་འབྲེལ་ཐོག་ཀོ་རི་ཡ་དང་རྒྱ་ནག་གི་བྱང་ཤར་མཐའ་མཚམས་ཀྱི་པོ་ཧྭེ་རྒྱ་མཚོའི་ (Bohai Sea) སྟེང་དུ་དྲག་ཆས་དམག་སྦྱོང་མགོ་བཙུགས་ཡོད་པ་དང་། དྲག་ཆས་དམག་སྦྱོང་ཁྲོད་དུ་མཁའ་དམག་གནམ་གྲུ་ ༡༠ དང་མཚོ་དམག་གྲུ་གཟིངས་ ༡༠ ལྷག་གིས་གོ་མཚོན་བེད་སྤྱོད་གཏོང་ཕྱོགས་ལ་སྦྱོང་བརྡར་དང་མེ་ཤུགས་འཕུར་མདེལ་དང་མེ་ཤུགས་འཕུར་མདེལ་འགོག་བྱེད་བཅས་ཀྱི་དྲག་ཆས་མང་པོར་ཚོད་ལྟ་བྱེད་ཀྱིན་ཡོད་འདུག

25741c5d79c6ba2b73d7a4d992934f9a

སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་དམག་སྦྱོང་དེ་ནི། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་གྱིས་ཐའེ་ཝན་རང་བཙན་མཁྲེགས་འཛིན་བྱས་པ་དང་། ཨ་རིའི་སྲིད་འཛིན་བདམས་འཐོན་པ་ཊི་རུམ་ཕི་ཡིས་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་མ་བྱས་པ་བཅས་ལ་བརྟེན་ཏེ། རྒྱ་ནག་གཞུང་གིས་ཐའེ་ཝན་ལ་འཇུགས་སྐུལ་དང་ཨ་རི་སོགས་འགལ་ཟླའི་རྒྱལ་ཁབ་ཁག་ལའང་བརྡ་ལན་ཞིག་སྤྲོད་ཀྱིན་ཡོད་སྐོར་བརྗོད། ཁ་སང་གཟའ་ཕུར་བའི་ཉིན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝཱང་ཡིས་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་དང་ཐུག་སྐབས། རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་རྒྱ་ནག་ལ་འབྲེལ་ལམ་འཛུགས་པའི་ཆ་རྐྱེན་ཨང་དང་པོ་དེ་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན་པ་དང་། གལ་སྲིད་རྩ་དོན་དེར་ངོས་ལེན་མི་བྱེད་མཁན་ཞིག་ཡིན་ན་རྒྱ་ནག་གིས་སྣང་མེད་དུ་འཇོག་ཐབས་མེད་སྐོར་སོགས་བརྗོད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཁང་ (CCTV) གིས། ཐེངས་འདིའི་དྲག་ཆས་སྦྱོང་བརྡར་དེ་ནི་རྒྱ་ནག་གི་མཁའ་མཚོ་གཉིས་ཀྱི་དམག་དཔུང་མཉམ་འབྲེལ་གྱི་དྲག་ཆས་དམག་སྦྱོང་ཐོག་དང་པོ་དེ་ཆགས་ཀྱི་ཡོད་ལུགས་བཤད་འདུག རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁུལ་གྱི་མཚོ་དམག་གི་དམག་སྤྱི་ཆེན་མོ་ཞུའུ་ཡེན་ (Xu Ying) ཟེར་བ་ཞིག་གིས། ཐེངས་འདིའི་མཁའ་མཚོ་གཉིས་མཉམ་འབྲེལ་དྲག་ཆས་སྦྱོང་བརྡར་ལ་བརྟེན་ནས། རྒྱ་ནག་གི་དྲག་ཆས་དམག་གི་སྟོབས་ཤུགས་ལ་བློ་སྤོབས་གསར་བ་ཞིག་བསྐྱེད་ཡོད། ཅེས་བཤད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་གིས་ལྷོ་བརྒྱུད་མཚོ་ཁུལ་ཁག་ཏུ་མཚོ་དམག་དང་མཁའ་དམག་གི་སྟོབས་ཤུགས་ཇེ་ཆེར་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་མིས་བཟོས་གླིང་ཕྲན་ཁག་ནང་དྲག་ཆས་མང་པོ་སྐྱེལ་འདྲེན་བྱས་ཏེ་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་ལ་ཚོད་འཛིན་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་འདུག

གནས་ཚུལ་འདིའི་མཇུག་ཏུ། རྒྱ་ནག་གཞུང་གིས་བྱང་ཤར་མཐའ་མཚམས་ཀྱི་པོ་ཧྭེ་རྒྱ་མཚོའི་ (Bohai Sea) སྟེང་དུ་དྲག་ཆས་དམག་སྦྱོང་བྱས་པ་དེས་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་དངངས་འཚུབ་བསླངས་མེད་ནའང་། རྒྱ་ནག་གི་ལྷོ་བརྒྱུད་མཚོ་ཁུལ་ཁག་གི་བདག་དབང་དང་ལྷག་པར་དུ་ཐའེ་ཝན་མཚོ་འགག་གི་གནད་དོན་ལ་བརྟེན་ནས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་བཟོས་ཡོད་སྐོར་བཀོད་འདུག

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁུལ་གྱི་མཁའ་དམག་དང་མཚོ་དམག་གཉིས་ཀྱིས་རྒྱ་ནག་གི་བྱང་ཤར་དང་ལྷོ་བརྒྱུད་མཚོ་ཁུལ་ཁག་ཏུ་ལའོ་ཉིན་ (Liaoning) ཞེས་པའི་དྲག་ཆས་དམག་སྦྱོང་ལ་བརྟེན་ནས་འདས་ལོ་ངོ་བཅུ་ཕྲག་རིང་གི་ཨ་རིའི་དམག་དཔང་གི་སྟོབས་ཤུགས་ལ་འགྲན་སློང་བཞིན་ཡོད་འདུག

མ་འོངས་ལོ་ངོ་ ༡༥ ནང་རྒྱ་ནག་གིས་མུ་མཐུད་དུ་མཁའ་མཚོ་གཉིས་ཀྱི་དམག་ཤུགས་ཇེ་ཆེར་བཏང་བ་ཡིན་ན། ཕྱི་ལོ་ ༢༠༢༠ བར་མཁའ་མཚོ་གཉིས་ཀྱི་དམག་དཔུང་གི་སྟོབས་ཤུགས་འཕེལ་རྒྱས་འགྲོ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས།

༢༠༢༦/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese