མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་མེད་སྐུར་འདེབས་བྱེད་མཁན་ཐེར་འདོན་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཚོགས་པ་ཁག་བདུན་མཉམ་འབྲེལ་གྱིས་༧གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་མཁན་རྣམས་ཐེར་འདོན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་།

15591931_1264962413561393_338701513_nདེ་རིང་སྔ་དྲོར་དྷ་ས་མེག་གྷན་དུ་ཡོད་པའི་ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་ཁང་དུ།དབུས་གཙང་ཆོལ་ཁ་དང་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་ལས་ཁང་། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས་ཁང་། མངའ་རིས་སྤྱི་མཐུན་ཚོགས་པ། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། དབུ་མའི་ལམ་མི་མང་ལས་འགུལ་ཁང་། ཚོང་ཁང་ཚོགས་པ་བཅས་ཚོགས་པ་བདུན་མཉམ་འབྲེལ་ཐོག ༸གོང་ས་མཆོག་ལ་དྲིན་བྱས་དྲིན་དུ་མ་གོ་བར་གཞི་མེད་བསྙོན་འཛུགས་གྱི་གཟུགས་མེད་གྲིབ་བཟོའི་སྐུར་འདེབས་བྱེད་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ཐེར་འདོན་བྱ་རྒྱུ་ཡིན་སྐོར་བསྒྲགས་སོང་།

དེ་ཡང་ཚོགས་པ་བདུན་གྱི་ལས་རྟགས་ཐམ་ག་བརྒྱབ་པའི་བསྒྲགས་གཏམ་དེའི་ནང་། འཕགས་མཆོག་ཕྱག་ན་པདྨོས་སངས་རྒྱས་སྟོང་གི་སྤྱན་སྔར་བོད་ཁ་བ་གངས་ཅན་གྱི་འདུལ་ཞིང་དུ་བདག་གིར་བཞེས་རྒྱུའི་ཐུགས་བསྐྱེད་དམ་བཅའ་བ་བཞིན། རྒྱལ་བློན་བྱང་ཆུབ་སེམས་པ་དང་ལྷག་པར་ངུར་སྨྲིག་གར་གྱི་རྣམ་རོལ་རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་གངས་ཅན་བོད་ཀྱི་འགྲོ་བ་རྣམས་ལ་ཆོས་སྲིད་གང་ཐད་ནས་བཀའ་དྲིན་གཞལ་མཐའ་མེད་པ་བསྐྱངས་པ་སྤྱི་དང་། ཡང་སྒོས་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་བོད་འབངས་བདེ་ཐབས་སུ་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཇི་ལྟར་བསྐྱང་པར་རིག་འཚོ་མ་ཟིན་པ་དང་སྨོན་ལམ་ལོག་པའི་དམ་སྲིས་བརྒྱུད་བསྐུལ་བའི་མི་ངན་རིགས་ཕུད། ཤེས་པ་རྣལ་དུ་གནས་པའི་སྐྱེ་བོ་ཀུན་གྱི་བློ་ངེས་སེམས་གསལ་གྱིས་བཀའ་དྲིན་རྗེས་དྲན་ཞུས་དང་ཞུ་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན། འོན་ཀྱང་། བར་ལམ་ནས་བོད་མིའི་སྤྱི་ཚོགས་ནང་ངོ་ཚ་ཁྲེལ་གཞུང་མེད་པའི་ཀླད་མེད་རེ་ཟུང་དངུལ་དངོས་ཁོ་ནར་ཞེན་ཏེ་རྒྱ་དམར་གྱི་མགྲིན་ཚབ་བྱེད་བཞིན་དྲ་ལམ་ཁག་ཏུ་འཇིག་རྟེན་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་བྱས་དྲིན་དུ་མ་གོ་བར་གཞི་མེད་བསྙོན་འཛུགས་གྱི་གཟུགས་མེད་གྲིབ་བཟོའི་སྐུར་འདེབས་ཁ་ནས་གང་ཐོན་བྱས་དང་བྱེད་མུས་ཐད།   ང་ཚོ་མིང་འཁོད་ཚོགས་པ་བདུན་གྱིས་ཐེར་འདོན་མཐའ་གཅིག་ཏུ་བྱེད་རྒྱུའི་གྲོས་དོན་ལྟར། སྤྱིའི་འགན་དབང་ཡོད་པའི་བཀའ་སྤྱི་གཉིས་དང་ཆོས་སྡེ། ཚོགས་སྐྱིད་ཁག  རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ནས་དེ་ལུགས་རང་དོན་རང་གཅེས་ཀྱིས་ཕྱར་གྲུ་མཉམ་འདེགས་དང་། བོད་མིའི་ས་ཁུལ་ཁག་ཏུ་མི་ངན་གཏེ་བོ་དེ་དག་གི་ལོ་རྒྱུས་འདྲ་པར་སོགས་ཉེས་སྤྱོད་ཐེར་འདོན་གྱི་འགན་འཁུར་སོགས་ཚོར་བ་རྣོན་པོའི་སྒོ་ནས་ཉེས་སྤྱོད་དེ་དག་ལ་གདོང་ལེན་གྱི་ལས་འགུལ་སྤྱི་དང་། ལྷག་པར་གནས་ཡུལ་སོ་སོའི་གཞུང་དང་ཁྲིམས་ཁང་ལ་ཞུ་གཏུགས་གནང་རྒྱུའི་མཚོན་གང་ལ་ཕན་ནུས་ལྡན་པའི་ལས་འགུལ་སྤེལ་ཐབས་ལ་དགོངས་བཞེས་དང་། བོད་མིའི་བདེ་རྩ་དང་ཆིག་བསྒྲིལ་གོང་འཕེལ་ཡོང་སླད་མཉམ་རུབ་འགན་འཁུར་གྱིས་ཆ་ཤས་ལེན་པའི་སྒོ་ནས་དོན་གནད་དེར་རྩ་འཛིན་ཅི་ནས་ཀྱང་གནང་གལ་ཆེ་བའི་འབོད་བསྐུལ་ཞུ། ཞེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

སྐར་མ ༡༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 2

  1. ས་མཐའི་སྤུན་ says:
    ལོ་ 10 སྔོན།

    དངོས་སུ་གདོང་ལ་ཐོན་ནས་མཚན་སྨད་ཞུ་མཁན་མིག་ལྡན་གཡང་མཆོངས་རྣམས་ཕལ་ཆེར་ཚང་མས་ཤེས་ཀྱི་ཡོད་ཀྱང་ནང་ལ་གདུག་འདྲེ་བསྟེན། ཕྱིར་བསྟེན་གྱི་མེད་ཚུལ་གླེང་ནས་ཕར་ཕྱོགས་དང་ཚུར་ཕྱོགས་གཉིས་ཀར་འབྲེལ་བ་ཡོད་པ་དེ་འདྲ་ཡང་ཡོད་པ་འདྲ་བས་དེ་རྣམས་ངོ་ཐག་ཆོད་ན་ཡག་པོ་ཡོང་བ།

    Reply
  2. ཐོས་པ་དགའ། says:
    ལོ་ 10 སྔོན།

    ངོ་མ་ཡག་པོ་འདུག ངས་ཁྱེད་རྣམ་པར་མི་ཞིག་རྩིས་སྤྲད་དགོས། ངོ་དེབ་ཐོག སྔར་ནས་ད་བར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་མཁན་༼ དབང་ཆེན་ ཉི་མ་༽ ཟེར་པ་དེ་ངེས་པ་དུ་ཐེར་འདོན་བྱེད་དགོས་འདུག མྱུར་མྱུར་མྱུར། ཁྱེད་ཅག་ལ་འབྲེལ་བ་ཞུ་ས་ཞིག་དྲ་ཐོག་ལ་བཞག་ན་ཡོད་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese