མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་གཞུང་ཚབ་པ་ལྐོག་གསོད་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཊུར་ཀིའི་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་ལྭ་ནག་གྱོན་ཞིང་ལག་ཏུ་མེ་མདའ་ཐོགས་པའི་ཊུར་ཀི་བ་ཞིག་གིས་ཨུ་རུ་སུའི་གཞུང་ཚབ་པ་ཀར་ལོ་ཝ་ལྐོག་གསོད་བྱས་ཡོད་འདུག

ནེའུ་ཡོག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་དགོང་མོ་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨན་ཀ་ར་ (Ankara) ཡི་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་གི་དབུ་འབྱེད་མཛད་སྒོའི་ཐོག་ལག་ཏུ་མེ་མདའ་ཐོགས་པའི་ཊུར་ཀི་བ་ཞིག་ཞིག་གིས“དཀོན་མཆོག་རླབས་ཡིན། ཨ་ལི་ཕོ་བརྗེད་དུ་མ་འཇུག སི་རི་ཡ་བརྗེད་དུ་མ་འཇུག”ཅེས་འབོད་ཚིགས་སྒྲོག་བཞིན་ཨུ་རུ་སུའི་གཞུང་ཚབ་པ་ཨན་ཌི་རེ་ཀར་ལོ་ཝ་ (Andrey Karlov) ལ་མེ་མདའ་བརྒྱབ་ནས་བསད་ཡོད་པ་མ་ཟད། ཉེ་འགྲམ་གྱི་མི་གསུམ་ལའང་རྨས་སྐྱོན་བཟོས་ཡོད་པ་དང་། དེའི་རྗེས་ཊུར་ཀའི་དམིགས་བསལ་དྲག་ཆས་དམག་གིས་ལྐོག་གསོད་པ་དེ་ཡུལ་ངོས་དེ་གར་མེ་མདའ་བརྒྱབ་སྟེ་བསད་ཡོད་པ་དང་། ཨུ་རུ་སུ་དང་ཊུར་ཀའི་སྲིད་གཞུང་གཉིས་ནས་ལག་དམར་དེ་ནི་འཇིགས་སྐུལ་དྲག་སྤྱོད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག

139509292224558809496644

ཨུ་རུ་སུའི་ཕྱོགས་ནས་མི་གསོད་དོན་རྐྱེན་དེའི་ཐོག་ཛ་དྲག་གི་ཚོགས་འདུ་བསྡུས་ཏེ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ (Putin) གྱིས“དོན་རྐྱེན་འདིའི་བརྡ་ལན་ནི། ང་ཚོས་འཇིགས་སྐུལ་དྲག་སྤྱོད་པར་འཐབ་འཛིང་བྱེད་ཀྱིན་ཡོད་སྟབས། རྐུན་ཇག་ཚོས་གནས་ཚུལ་དེ་ཚོར་གྱི་ཡོད་པ་རེད།” ཅེས་བརྗོད་འདུག

ཊུར་ཀིའི་སྲིད་འཛིན་ཨར་ཌོ་གྷན་ (Erdogan) གྱིས། མི་གསོད་དོན་རྐྱེན་དེ་ནི་ཨུ་རུ་སུ་དང་ཊུར་ཀི་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་དང་རྒྱལ་ནང་གི་དུས་ཟིང་ཐད་ཀྱི་མཉམ་ལས་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། འཇིགས་སྐུལ་དྲག་སྤྱོད་པའི་དམིགས་འབེན་གཙོ་བོ་ནི། ཨུ་རུ་སུ་དང་ཊུར་ཀི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་གཏོར་བཤིག་གཏོང་རྒྱུ་དེ་རེད། ཡིན་ནའང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་དེས་ཨུ་རུ་སུའི་གཞུང་དང་ཊུར་ཀི་སྤྱི་མཐུན་སྲིད་གཞུང་གཉིས་བར་གྱི་མཉམ་འབྲེལ་ལ་འགོག་རྒོལ་ཐེབས་མི་སྲིད། ཅེས་བརྗོད་འདུག

སུ་རུ་ཡའི་ལས་འགུལ་བ་ཨལ་ཤཱེ་བྷ་ལེ་ (al-Shibli) ཟེར་བ་ཞིག་གིས། “ཨན་ཌི་རེ་ཀར་ལོ་ཝ་ལྐོག་གསོད་ཐེབས་པའི་གནས་ཚུལ་དེ་གོ་བས། ང་རང་ཧ་ཅང་དགའ་བོ་བྱུང་། འདི་ནི་སི་རི་ཡའི་མི་མང་ལ་དྲང་བདེན་གྱི་རྒྱལ་ཁ་འཐོབ་པའི་གོམ་པོ་དང་པོ་རེད། ཨུ་རུ་སུའི་གཞུང་ཚབ་པ་ཁོ་ཉེས་ཅན་པ་ཞིག་རེད། ཁོ་ཨུ་རུ་སུའི་མི་གསོད་ཁྲག་སྦྱོར་དང་འབྲེལ་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྐུ་ཚབ་ཡིན་སྟབས། ཁོ་རང་ལྐོག་གསོད་བྱས་པ་རེད། ད་ནི་ང་ཚོས་སུ་རུ་ཡའི་རྒྱལ་ནང་གི་མི་གསོད་ཁྲག་སྦྱོར་དང་འབྲེལ་བའི་མི་ཚོར་དགྲ་ཤ་ལེན་རྒྱུར་སྒུག་ཡོད།” ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། ཊུར་ཀིའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་པ་ཀར་ལོ་ཝ་ལགས་ནི་ཕྱི་ལོ་ ༡༩༧༦ ལོ་ནས་ཨུ་རུ་སུའི་གཞུང་ཚབ་པའི་ལས་ཀར་ཞུགས་ཏེ། ལོ་ངོ་བཅུ་ཕྲག་གཉིས་རིང་བྱང་ཀོ་རི་ཡའི་ནང་ཨུ་རུ་སུའི་གཞུང་ཚབ་བྱས་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༧ ནས་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ནང་ཨུ་རུ་སུའི་གཞུང་ཚབ་པའི་འགན་ཁུར་ཡོད་འདུག

གཞུང་ཚབ་པ་ཀར་ལོ་ཝ་ལགས་ལྐོག་གསོད་བྱེད་སྐབས། ཁོས་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཨན་ཀ་ར་ (Ankara) ཡི་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་གི་དབུ་འབྱེད་མཛད་སྒོའི་གཏམ་བཤད་སྤེལ་སྐབས། ལྭ་ནག་གྱོན་ཞིང་ལག་ཏུ་མེ་མདའ་ཐོགས་པའི་ལྐོག་གསོད་པ་དེས་རྒྱབ་ཕྱོགས་ནས་ཁོ་ལ་མེ་མདའ་ཐེངས་བརྒྱད་ལ་བརྒྱབ་སྟེ་བསད་ཡོད་འདུག

ཨུ་རུ་སུའི་གཞུང་ཚབ་པ་ལྐོག་གསོད་མ་ཐེབས་པའི་སྔ་ཉིན། ཊུར་ཀིའི་མི་མང་ཁ་ཅིག་གིས་སི་རི་ཡའི་དུས་ཟིང་ཁྲོད་དུ། ཨུ་རུ་སུའི་གཞུང་གིས་སི་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཊི་ (Bashar al-Assad) སྲིད་གཞུང་ལ་དམག་རོགས་བྱས་ཏེ། སི་རི་ཡའི་ཨ་ལི་ཕོ་གྲོང་ཁྱེར་ནང་འབྱུང་བཞིན་པའི་དམར་གསོད་དང་གཏོར་རྒོལ་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་མ་ཟད། ཨུ་རུ་སུའི་གཞུང་ཚབ་པ་ལྐོག་གསོད་བྱས་པའི་དགོང་མོ་དེར་ཡང་མི་མང་ལས་འགུལ་བ་བརྒྱ་ཕྲག་ལྷག་གིས། ཊུར་ཀིའི་ནང་ཡོད་པའི་ཨུ་རུ་སུའི་དོན་གཅོད་ཁང་གི་སྒོ་འགྲམ་དང་སྲང་ལམ་ཁག་ཏུ་འདུ་འཛོམས་ཀྱིས། ཁྲག་མདོག་གི་ཚོན་རྩི་བྱུགས་པའི་འཕྲེད་དར་དང་སི་རི་ཡའི་དར་ཆ་སོགས་འཕྱེར་ཏེ་ཨ་ལི་ཕོ་གྲོང་ཁྱེར་དུ་བསླངས་པའི་དུས་ཟིང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག

ཁ་སང་ཨུ་རུ་སུའི་གཞུང་ཚབ་པ་ཨན་ཌི་རེ་ཀར་ལོ་ཝ་མེ་མདས་བསད་པ་དེ་ནི་ཕྱི་ལོ་ ༡༩༢༧ ལོར་པོ་ལན་ཊིའི་ནང་ཡོད་པའི་ཨུ་རུ་སུའི་གཞུང་ཚབ་པ་ཝེ་ཀོ་ཝ་ (Voykov) ལྐོག་གསོད་བྱས་པའི་རྗེས་ཀྱི་ཨུ་རུ་སུའི་གཞུང་ཚབ་པ་ལྐོག་གསོད་ཐེབས་པའི་དོན་རྐྱེན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

ཨན་ཌི་རེ་ཀར་ལོ་ཝ་ལྐོག་གསོད་བྱས་པའི་དོན་རྐྱེན་དང་འབྲེལ་ཏེ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས་ཊུར་ཀིའི་སྲིད་འཛིན་ཨར་ཌོ་གྷན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཚབ་པ་ཨན་ཌི་རེ་ཀར་ལོ་ཝ་ལྐོག་གསོད་བྱས་པའི་གནད་དོན་ལ་ཞིབ་བཤེར་བྱེད་རྒྱུ་མ་ཟད། སྲིད་གཞུང་གཉིས་མཉམ་འབྲེལ་གྱིས་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་རྒྱུར་གྲོས་མོལ་ཡང་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༧ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༢༠ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese