མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ལ་རླབས་ཆེན་གྱི་གྲུབ་འབྲས་ཐོན་པ་བསྟན་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནེའུ་ཡོག་གི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་པ་ཚོས་སྐུ་ཚབ་དོན་གཅོད་གསར་པ་ཚོགས་གཟུར་སྤེན་པ་ཚེ་རིང་ལགས་སུ་དགའ་བསུ་དང་བོད་རྒྱ་འབྲེལ་ལམ་ཡར་རྒྱས་ཀྱི་འདུ་འཛོམས་ཤིག་གནང་ཡོད་འདུག

1

ཨ་རིའི་གཟའ་པ་སངས་ཀྱི་དགོང་མོར། ནེའུ་ཡོག་དང་ནེའུ་འཇར་སི་ཁུལ་དུ་ཡོད་པའི་རྒྱ་རིགས་དམངས་གཙོ་བ་དོན་གཉེར་བ་ཐུན་མོང་གིས། གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་རྒྱ་གྲོང་(FLUSHING)དུ་སྐུ་ཚབ་དོན་གཅོད་གསར་པར་དགའ་བསུ་དང་། རྒྱ་བོད་འབྲེལ་ལམ་ཡར་རྒྱས་ཀྱི་འདུ་འཛོམས་ཤིག་གྲ་སྒྲིག་གནང་ཡོད་ཅིང་། ནེའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤ་མིང་(XIA MING)གིས་འདུ་འཛོམས་གཙོ་སྐྱོང་གནང་ཡོད་འདུག

ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གོང་གསལ་གནས་ཚུལ་སྐོར་བཏང་འབྱོར་བྱུང་བའི་ནང་། མཛད་སྒོ་དེའི་ཐོག་དགེ་རྒན་ཆེན་མོ་ཤ་མིང་ཡིས། གདན་ཞུས་ལྟར་འདུ་འཛོམས་ལ་ཕེབས་པའི་སྐུ་ཚབ་དོན་གཅོད་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས། བཀའ་ཟུར་བློ་བཟང་སྙན་གྲགས་ལགས། ནེའུ་ཡོག་དང་ནེའུ་འཇར་སི་ཁུལ་གྱི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམས་ལ་འཚམས་འདྲི་དང་དང་འབྲེལ་གསུངས་དོན། ང་ཚོ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོང་རྒྱབ་སྐྱོར་ཞུ་མཁན་ཡིན་པའི་སྐོར་དང་། རྒྱ་བོད་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་བཏང་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་དེ། དེ་རིང་འདུ་འཛོམས་བྱེད་དགོས་དོན་གཙོ་བོ་རེད། ཅེས་གསུངས།

འདུ་འཛོམས་དེར་རྒྱ་རིགས་ ༡༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཆབ་སྲིད་དཔྱད་གཏམ་ལ་གྲན་ཕོ་ཁུང་དང་། ཀོ་ལིམ་སྦི་ཡ་གཙུག་ལག་སློབ་ཆེན་གྱི་མཁས་དབང་ཝང་ཅུན་ཐའོ། པེ་ཅིན་དཔྱིད་ཀའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུའུ་ཕིང་སོགས་ནས་མི་སེམས་འགུལ་བའི་གསུང་བཤད་གནང་བའི་སྙིང་དོན། དེ་རིང་དགོང་མོའི་གནམ་གཤིས་གྲང་ངར་ཆེ་ཡང་། ཚོགས་ཁང་ནང་གི་རྣམ་པ་ནི་དཔྱིད་ཀའི་གནམ་གཤིས་ལྟར་གྱི་དྲོ་སྐྱིད་ལྡན་པའི་ཚོར་སྣང་ལས་དགུན་ཁ་ཡིན་པའི་ཚོར་བ་མི་འདུག ང་ཚོ་ཚང་མ་འདིར་མཉམ་དུ་གནས་ཐུབ་པ་འདི་ཧ་ཅང་གི་གད་གནད་ཆེན་པོ་ཡིན། ༧གོང་ས་མཆོག་གིས་རྒྱ་བོད་གཉིས་འཆམ་མཐུན་མཉམ་གནས་དགོས་སྔ་ས་ནས་བཀའ་སློབ་ལམ་སྟོན་ཕེབས་ཡོད་ཡོད་ཀྱང་། ང་ཚོ་རྗེས་ལུས་ཐེབས་པ་རེད། དེར་བརྟེན། ངས་བོད་རིགས་གྲོགས་པོ་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་ཡོད་འདུག

“དེང་སང་བྱང་ཨ་རི་ཙམ་མ་ཟད། ཡུལ་གྲུ་གང་སར་བོད་རྒྱའི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པ་དང་། བོད་རྒྱ་མི་རིགས་གཉིས་བར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་འཛུགས་ཐུབ་པ་བྱུང་ཡོད། དེའི་ཐོག་ནས་༧གོང་ས་མཆོག་གིས་བཏོན་གནང་མཛད་པའི་དབུ་མའི་ལམ་ལ་རླབས་ཆེན་གྱི་གྲུབ་འབྲས་ཐོན་པ་བསྟན་གྱི་ཡོད་པས། ང་ཚོས་གོ་སྐབས་འདི་བརྒྱུད་༧གོང་ས་མཆོག་ལ་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན།” ཞེས་བརྗོད་འདུག

སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གསུང་བཤད་གནང་སྐབས། རྒྱ་རིགས་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ད་དུང་མུ་མཐུད་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དམ་བཅའ་གསུམ་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་།

ནེའུ་ཡོག་གྲོང་ཁྱེར་གྱི་གྲོས་ཚོགས་གོང་མའི་འཐུས་མི་ (SENATOR REV. RUBEN DIZA)ལས་ཁུངས་ནས་སྐུ་ཚབ་དོན་གཅོད་ལ་ཆེ་བསྟོད་ཀྱི་ཕྱག་ཁྱེར་དང་། རྒྱ་རིགས་སྙན་ངག་པ་དང་སྒྱུ་རྩལ་བ་ཧོང་ཞང་ནས་སྙན་ངག་བྲིས་མ་དང་། སྒྱུ་རྩལ་གྱི་རི་མོ་ཕུལ་ནས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་མཚོན་པ་གནང་ཞིང་། གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་ལྷ་ས་སྐྱིད་སྡུག་གི་སྒྱུ་རྩལ་བ་རྣམས་ནས་རྒྱ་རིགས་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གནང་ཡོད་པ་རེད། བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ཆོས་རྫོང་ལགས་ནས་ཀྱང་འཚམས་འདྲིའི་གསུང་བཤད་མདོར་བསྡུས་རེ་གནང་ཡོད་པ་རེད།

20000 1000 800 500 300 2009000

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༢༠ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist