མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་ཆར་རྡོར་གདན་ལ་ཚོང་དེ་ཙམ་ཡག་པོ་མི་འདུག

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

མི་མང་པོ་འབྱོར་མེད་པ་དང་རྒྱ་གར་གཞུང་གིས་དངུལ་ལ་སྟངས་འཛིན་བྱས་པ་སོགས་ལ་བརྟེན་ཏེ་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་ཐང་ཁྲོམ་ཚོང་ར་ཁག་དང་ཟ་ཁང་ཚོང་ཁང་སོགས་ལ་ཚོང་དེ་ཙམ་ཡག་པོ་མི་འདུག་ཟེར།

IMG_4304ད་ལོར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་འགྲམ་ནས་སྤྱི་ལེ་གཅིག་ཙམ་གྱི་སར་༼སྐྱབས་བཅོལ་བོད་པའི་ཐང་ཁྲོམ་ཚོང་ར༽ཞེས་པའི་བོད་མིའི་ཐང་ཁྲོམ་ཚོང་ར་ཞིག་ལོགས་སུ་བཙུགས་འདུག་པ་དང་། ཚོང་ར་དེར་བོད་མིའི་ཁྲོམ་ས་ ༡༠༠ ལྷག་ཡོད་ཀྱང་། ད་ལྟའི་ཆར་ཁྲོམ་སྟོན་པ་མང་པོ་བསླེབས་མི་འདུག་ལ། ཧིན་སྒོར་བརྗེ་འདོན་གྱི་དཀའ་ངལ་དང་མི་མང་པོ་བསླེབས་མེད་པའི་རྐྱེན་གྱིས་ཚོང་དེ་ཙམ་ཡག་པོ་མི་འདུག་ཟེར། སྐྱབས་བཅོལ་བོད་མིའི་ཚོང་ར་དེར་ཚོང་ཟོག་གཙོ་བོ་ཕྲེང་བ་དང་མཆོད་ཆས་རིགས། གྲུམ་ཙེ། གྱོན་གོས་རིགས་སོགས་འདུག་ལ། དེ་བཞིན་བོད་ཟས་དང་རྒྱ་གར་གྱི་ཟས་རིགས་ཡོད་པའི་བོད་པའི་ཟ་ཁང་ཡང་ཁག་ཅིག་འདུག

བོད་པའི་ཐང་ཁྲོམ་ཚོགས་པའི་ཚོགས་གཙོ་བསོད་ནམས་དབང་ཕྱུག་ལགས་ཀྱིས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ པའི་ནང་ནས་བཟུང་ཐང་ཁྲོམ་ཚོགས་པའི་རྒྱུན་ལས་ལྔ་ཡིས་ས་གནས་མངའ་སྡེ་གཞུང་ལ་སྙན་ཞུ་ཕུལ་ཡོད་པ་དང་། སྔ་ས་ནས་བོད་མི་ཐང་ཁྲོམ་སྟོན་མཁན་ཚོར་ལོགས་སུ་ཁྲོམ་ས་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ལོ་ལྟར་རྡོར་གདན་དུ་ཐང་ཁྲོམ་སྟོན་མཁན་སྐྱབས་བཅོལ་བོད་མི་ ༥༩ ཙམ་ཡོད་པ་དང་། ད་ལོར་བོད་རིགས་ཚོང་པ་ཚང་མ་དེའི་ནང་མཉམ་རུབ་ཡོང་ཆེད་ཁྲོམ་ས་ལོགས་སུ་ཞུས་པ་ཞིག་ཡིན་ལ། བོད་མི་ཚང་མ་རུག་རུག་བྱས་ནས་འདུག་རྒྱུ་གལ་ཆེན་པོ་ཡིན་པ་དང་། ནམ་རྒྱུན་ནས་རྡོར་གདན་གྱི་བོད་མིའི་ཁྲོམ་ས་དག་ལ་ངེས་གཏན་མེད་པར་རང་རང་སར་ཐོར་ཡོད་སྟབས། མ་འོངས་པར་བོད་མིའི་སྒྲིག་འཛུགས་ནས་དེ་ལ་གཟིགས་རྟོག་ཅིག་གནང་གལ་ཆེ་སྐོར་བརྗོད་བྱུང་།

ཚོང་རྭ་དེར་ཁྱོན་ཁྲོམ་ས་ག་ཚོད་ཡོད་པ་དང་། དུས་དབང་ཧྲིལ་པོར་ཁྲལ་ཅི་ཙམ་སྤྲོད་དགོས་སྐོར་དྲིས་པར་ཁོང་གིས། ཚོང་ར་དེར་བལ་ཡུལ་དང་ལ་དྭགས། དྷ་ས་དང་ལྡི་ལི། རྡེ་ར་ལྡུན་སོགས་ཕྱོགས་མཐའ་གང་ས་གང་ནས་ཡོད་ཅིང་། ད་ལྟའི་ཆར་ཁྲོམ་ས་ ༡༤༥ ཡོད་པ་དང་། མངའ་སྡེ་གཞུང་ལ་ཁྲོམ་ས་རེ་ནས་སྒོར་ ༣༠༠༠ རེ་འབུལ་དགོས་པའི་ཚད་གཞི་ཡོད་པ་ལྟར། ང་ཚོས་ཀྱང་དང་ཐོག་ཁྲོམ་ས་རེར་སྒོར་ ༣༠༠༠ རེ་ཕུལ་བ་རེད། ཡིན་ནའང་། ཕྱིས་སུ་ང་ཚོས་ང་ཚོ་སྐྱབས་བཅོལ་བ་ཡིན། ཚོང་རྒྱག་མཁན་ནང་ཁྱིམ་ཚང་སྐྱོ་བོ་མང་པོ་ཡོད་ཅེས་སྙན་ཞུ་ཕུལ་བར་བརྟེན་སྒོར་ ༢༠༠༠ རེ་བྱས་པ་རེད། དེ་ནས་རྒྱུན་ལས་དང་ལས་ཀ་བྱེད་མཁན་ཚོས་སྔ་ས་ནས་ས་གནས་དཔོན་རིགས་ལ་འབྲེལ་གཏུག་དང་ཁྲོམ་ས་གཙང་བཟོ། གུར་ཕུབ་པ་སོགས་གྲ་སྒྲིག་ཚང་མ་བྱས་པར་བརྟེན། ཐང་ཁྲོམ་སྟོན་མཁན་ཚང་མས་གྲོས་བསྡུས་བྱས་ཏེ་ཐག་གཅོད་གནང་བ་བཞིན་ཁྲོམ་ས་རེ་ནས་སྒོར་ ༡༠༠༠ རེ་བསྡུས་པ་དང་། ཐང་ཁྲོམ་ཚོགས་པའི་ནང་འཛུལ་ཞུགས་བྱས་པའི་ཚོགས་དངུལ་ ༣༠༠ བཅས་ཁྱོན་ཁྲོམ་ས་རེ་ནས་སྒོར་ ༤༣༠༠ རེ་བསྡུས་ཡོད་སྐོར་བརྗོད་བྱུང་།

ཐང་ཁྲོམ་ཚོགས་པའི་རྒྱུན་ལས་ཨ་ཅག་བཀྲ་ཤིས་སྲི་གནོན་ལགས་སུ། ཚོང་པ་ཚོས་ཉིན་ལྟར་སྒོར་མོ་མང་པོ་ཕར་སྤྲོད་ཚུར་ལེན་བྱེད་དགོས་སྟབས། དངུལ་ཁང་ནས་སྒོར་མོ་བརྗེ་འདོན་བྱེད་པར་དཀའ་ངལ་ཡོད་མེད་དྲིས་པར་མོས། བར་སྐབས་ཤིག་ནས་ང་ཚོར་དངུལ་གྱི་དཀའ་ངལ་ཆེ་ཙམ་འཕྲད་ཡོད་པ་རེད། ཡིན་ནའང་། ད་ལྟ་དེ་ཙམ་དཀའ་ངལ་མི་འདུག རྡོར་གདན་མཆོད་རྟེན་ཉེ་འགྲམ་དུ་ State Bank of India, HDFC, Punjab National Bank བཅས་ཀྱི་དངུལ་ཁང་ཡོད་པ་དང་། ལས་ཁུངས་ནང་བཅར་བ་ཡིན་ན་བདུན་ཕྲག་རེར་སྟོང་ཕྲག་ ༢༤ རེ་ལེན་ཐུབ་ཀྱི་འདུག་ལ། དེ་བཞིན་ SBI ལ་དངུལ་འདོན་འཕྲུལ་ཆས་ཁང་(ATM)གཅིག་དང་། པན་ཇབ་དངུལ་ལ་དངུལ་འདོན་འཕྲུལ་ཆས་ཁང་གཉིས་ཡོད་པ་དང་། (SBI)དངུལ་འདོན་བྱང་བུ་ལས་ཉིན་རེར་སྒོར་ ༢༤༠༠ རེ་འདོན་ཐུབ་ཀྱི་འདུག་སྟབས། ད་ལྟའི་ཆར་དངུལ་འདོན་མ་ཐུབ་པའི་དཀའ་ངལ་ཆེན་པོ་མི་འདུག ཡིན་ནའང་། དུས་དབང་གི་སྐབས་མི་མང་པོ་ཡོང་གི་ཡོད་སྟབས་དཀའ་ངལ་འཕྲད་སྲིད་པ་རེད། ཅེས་བརྗོད་བྱུང་།

བོད་མིའི་ཚོང་ར་ན་གྱོན་གོས་ཀྱི་ཚོང་རྒྱག་བཞིན་ཡོད་པའི་ཨ་ཅག་ཅིག་གིས། མོས་ཚོང་ར་བཤམས་ཏེ་ཉིན་ཤས་འགྲོ་ཡི་ཡོད་ཀྱང་ཚོང་ཡག་པོ་མེད་པ་དང་། ད་ལྟའི་ཆར་མི་མང་པོ་བསླེབས་མེད་པས་ཡིན་སྲིད་སྐོར་བརྗོད་བྱུང་། དེ་བཞིན་མཆོད་ཆས་རིགས་བཙོང་མཁན་སྐྱེས་པ་ཞིག་གིས་ཁོང་རྡོར་གདན་དུ་བསླེབས་ཏེ་ཟླ་གཉིས་ཙམ་འགྲོ་བཞིན་ཡོད་པ་དང་། དེ་སྔོན་མཆོད་རྟེན་ཉེ་འགྲམ་དུ་ཁྲོམ་སྟོན་སྐབས་ཚོང་ཅུང་ཡག་པོ་ཡོད་ཀྱང་། ཕྱིས་སུ་མཆོད་རྟེན་ཉེ་འཁོར་གཙང་བཟོ་བྱས་ཏེ་འདུག་མི་ཆོག་པ་བཟོས་པར་བརྟེན། བོད་མིའི་ཚོང་རར་གནས་སྤོས་རྗེས་ཚོང་ཡག་པོ་མེད་པ་དང་། ལྷག་པར་དུ་རྒྱ་གར་གཞུང་གིས་དངུལ་བཀག་པ་སོགས་ལ་བརྟེན་ཏེ་ཚོང་ལ་དོ་ཕོག་ཆེན་པོ་འགྲོ་ཡི་ཡོད་སྐོར་བརྗོད་བྱུང་།

མཆོད་རྟེན་ཉེ་འགྲམ་དུ་མོག་མོག་དང་ཇ་བཙོང་བཞིན་ཡོད་པའི་བོད་ནས་ཡོང་བའི་ཕོ་གསར་ཁག་ཅིག་གིས། ད་ལོར་ཚོང་ཁྱོན་ནས་ཡག་པོ་མེད་སྟབས། དུས་དབང་སྐབས་མ་རྩ་ཆེན་པོ་མི་དགོས་པའི་ཚོང་ག་རེ་ཡོད་མེད་ལ་བསམ་བློ་གཏོང་དགོས་སྐོར་དང་། ཁ་ཤས་ཀྱིས་མེ་ཏོག་བཙོང་ན་མ་རྩ་མི་དགོས་ཀྱང་མཚོ་ཁར་མེ་ཏོག་བཏུ་རུ་འགྲོ་དགོས་པས་ཉེན་ཁ་ཡོད་སྐོར་དང་། ཁ་ཤས་ཀྱིས་ཇ་བཙོང་ན་མ་རྩ་ཆེན་པོ་མི་དགོས་པ་མ་ཟད། བཟོ་ཤེས་དང་མ་ཤེས་པའི་དཀའ་ངལ་ཡང་མེད་སྐོར་སོགས་གླེང་གི་འདུག

པདྨ་མཚོས་གནས་མཆོག་རྡོ་རྗེ་གདན་ནས་སྤེལ།

IMG_4328 IMG_4308 Tashi Senyn Sonam wangchuk

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣

མཆན། 2

  1. འཆི་མེད། says:
    ལོ་ 10 སྔོན།

    རྒྱལ་སྒོའི་ཁ་ཡིག་ཏུ་རྒྱ་ཡིག་འདྲི་དགོས་ཨེ་ཡོད།།

    Reply
  2. ཟིལ་གནོན། says:
    ལོ་ 10 སྔོན།

    ཆོས་བྱེད་སར་ཚོང་ཡག་པོ་མེད་ཀྱང་ཨའུ་ཙམ་མིན་འགྲོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese