མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་མི་རིགས་དང་བསྡུར་ན་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཅུང་ལྷོད་ཡངས་རེད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ངོས་ནས་སོ་སོའི་བདེ་འཇགས་ཨང་དང་པོ་དང་རྒྱ་དཀར་ནག་གི་འབྲེལ་ལམ་ཨང་གཉིས་པ། བོད་དོན་དེ་ཨང་གསུམ་པར་འཛིན་གྱི་ཡོད་སྟབས། རྒྱ་གར་སྲིད་བློན་ནེ་རུ་ནས་མོ་ཌེ་བར་བོད་པ་ཚོར་དབུ་མའི་ལམ་མ་ཡིན་པའི་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་གཞན་ལག་བསྟར་བྱེད་པའི་གོ་སྐབས་བྱུང་ཡོད་པ་མ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་དབྱིན་ཡུལ་གྱི་ཝི་སི་ཊི་མེན་ས་ཊིར་གཙུག་ལག་སློབ་གྲྭའི་དམངས་གཙོ་ཞིབ་འཇུག་ཚན་པ་(University of Westminster’s Center for study of Demoracy) གཉིས་ཐུན་མོང་གི་གོ་སྒྲོག་འོག བོད་དང་རྒྱ་ནག ཧི་མ་ལ་ཡ་ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཉམས་ཞིབ་སྐོར་གྱི་བགྲོ་གླེང་ཞིག་ཚོགས་སོང་ལ། དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་འདུག

སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་སྐབས། ང་ཚོས་པེ་ཅིན་གཞུང་གི་ཁ་གཏད་གཅོག་ཐབས་གཙོ་བོ་ཤེས་ཡོན་ཞིབ་འཇུག་ཡིན་སྟབས། ཕྱིའི་རྒྱལ་ཁབ་ཁག་གི་བོད་དོན་ཉམས་ཞིབ་པ་དང་མཁས་པ་གཅིག་པུ་མ་ཡིན་པར། བོད་མིའི་ཁྲོད་དུའང་ཆེད་ལས་ཞིབ་འཇུག་པ་གང་མང་སྐྱེད་སྲིང་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་དང་། ཐེངས་འདིའི་ཞིབ་འཇུག་བགྲོ་གླེང་དེ་ནི་རྒྱ་གར་དང་རྒྱལ་སྤྱིའི་ནང་ཡོད་པའི་ན་གཞོན་བོད་དོན་ཉམས་ཞིབ་པ་ཚོར་བློ་བསྐྱེད་དང་། ཉམས་ཞིབ་ཀྱི་ཉམས་མྱོང་གོང་མཐོར་ཡོང་ཐབས་བཅས་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་ཡིན་ཞིང་། ད་ལྟའི་ཆར་འདི་གའི་ཉམས་ཞིབ་གནང་མཁན་ཚོར་བོད་རྒྱའི་གནད་དོན་སྐོར་ལ་མཐོང་རྒྱ་ཆེན་པོ་མེད་སྟབས། ན་གཞོན་ཉམས་ཞིབ་པ་ཚོས་ཞིབ་འཇུག་པ་རྒན་པ་ཚོ་དང་ལྷན་དུ་བགྲོ་གླེང་གནང་སྟེ། སོ་སོའི་ཞིབ་འཇུག་གི་གྲུབ་འབྲས་དེ་ཕ་རོལ་བོས་མགོ་ཚོས་པ་དང་ཕ་རོལ་བོའི་བསམ་བློར་འགྱུར་བ་གཏོང་ཐུབ་པའི་བཟོ་ལྟ་འདྲ་བོ་བཟོ་དགོས་ཀྱི་ཡོད་སྟབས། ཚང་མས་དེའི་ཐོག་ལ་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་བརྗོད་སོང་།

སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ལོ་ངོ་ལྔ་དང་ལྔ་བཅུའི་ལས་འཆར་གྱི་དམིགས་འབེན་གཙོ་བོ་བོད་རྒྱ་གཉིས་བར་འབྲེལ་ལམ་ཡར་རྒྱས་བཏང་སྟེ་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་ཡོང་ཐབས། བོད་མི་ཚོར་ཞི་བའི་ཐོག་ནས་རང་བཙན་མ་ཡིན་པའི་ཚད་མཐོའི་རང་སྐྱོང་རག་ཐབས། དེ་བཞིན། བོད་མིའི་དམངས་གཙོའི་ལམ་ལུགས་དང་བོད་དོན་འཐད་རྩོད་བཅས་ཀྱི་ནུས་སྟོབས་གོང་མཐོར་གཏོང་རྒྱུ་སོགས་ཡིན་སྟབས། རྒྱལ་སྤྱིའི་འབྲེལ་ལམ་དང་བོད་དོན་ཞིབ་འཇུག་ཚགས་ཚུད་ཡོང་ཐབས་སུ། བོད་ཀྱི་སྲིད་བྱུས་མཉམ་ཞིབ་ཁང་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ང་ཚོས་ཚོར་བ་གཅིག་པུ་ཙམ་མ་ཡིན་པར་ཉམས་ཞིབ་ཀྱི་ཐོག་ནས་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཁུངས་སྐྱེལ་རྒྱུ་གལ་ཆེན་པོ་ཡིན། ཞེས་སོགས་གསུངས་བ་དང་འབྲེལ་ཏེ་རྒྱ་གར་ནང་བོད་རིགས་འབུམ་རམས་པ་ཚོ་ཕྱིའི་རྒྱལ་ཁབ་ཁག་ཏུ་བོད་དོན་ཞིབ་འཇུག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་བྱ་བའི་གོ་སྐབས་རག་པ་ཡིན་ན། ལམ་གྲོན་བོད་མིའི་སྒྲིག་འཛུགས་ནས་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེའི་རྗེས། ཉམས་ཞིབ་པ་སྐུ་ཞབས་ཌེབ་ཡི་ཤཱ་ཨ་ནན་ཌི་ (Dibyesh Anand) ལགས་ཀྱིས་རྒྱ་ནག་གི་མི་སེར་སྤེལ་བའི་རིང་ལུགས་སྐོར་ལ། སྤྱིར་བཏང་མི་སེར་སྤེལ་པའི་རིང་ལུགས་ནི་རྒྱལ་ཁབ་གཅིག་གིས་གཅིག་ལ་དབང་བསྒྱུར་ཏེ། རྒྱལ་ཁབ་དེའི་རྒྱལ་མཚམས་དང་ཆབ་སྲིད་དཔལ་འབྱོར་བཅས་ཀྱི་ཁེ་ཕན་ཆ་ཚང་སྟངས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གིས་ཀྱང་ཁོ་རང་ཚོའི་ཁེ་ཕན་ལ་དམིགས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོས་མེད་ནའང་། ཆབ་སྲིད་དང་འབྲེལ་བའི་ཐོག་ནས་བོད་མིའི་ཆོས་དང་རིག་གཞུང་ལ་སྟངས་འཛིན་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད། བོད་ཀྱི་དངོས་བྱུང་ལོ་རྒྱུས་ལ་འགྱུར་བ་བཏང་ནས་རྒྱ་ནག་ཁོ་རང་ཚོའི་ཁེ་ཕན་ཁོ་ན་སྒྲུབ་ཀྱི་ཡོད་པ་མ་ཟད། དྲག་པོའི་སྲིད་ཇུས་ཀྱང་ལག་བསྟར་བྱེད་ཀྱིན་ཡོད་པ་རེད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་བཤད་ན། ཡུ་གུར་གྲངས་ཉུང་མི་རིགས་དང་བསྡུར་ན། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཅུང་ལྷོད་ཡངས་ཡོད། བོད་ཁུལ་དུ་ཕྱིའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད། དེ་ནི་༧གོང་ས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་བོད་དོན་ཐོག་དོ་སྣང་ཤུགས་ཆེན་ཡོང་གི་ཡོད་པ་རེད། སྔོན་ཆད་རྒྱ་ནག་གི་རིག་གནས་གསར་བརྗེ་སྐབས་སུ་བོད་མིའི་མི་འབོར་ཉུང་དུ་ཕྱིན་པའི་དཀའ་རྙོག་དང་། དེང་སྐབས་བོད་མིར་འཕྲད་བཞིན་པའི་དཀའ་རྙོག་གཉིས་འདྲ་གི་མ་རེད། ད་ཆར་རྒྱ་ནག་གི་རྒྱལ་ཁ་ཆེས་ཤོས་དེ་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཁག་བར་གྱི་འབྲེལ་ལམ་རེད། དེའི་རྒྱུ་མཚན་ནི། རྒྱལ་ཁབ་དེ་དག་གིས་སོ་སོའི་ཁེ་ཕན་ལ་བལྟས་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་སོང་།

བོད་ཕྱི་ནང་གཉིས་ཀྱི་བོད་དོན་འཐབ་རྩོད་གནང་སྟངས་སྐོར་ནས་ཁོང་གིས། བཙོན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་ལམ་བར་རྩོད་རྙོག་འབྱུང་གི་ཡོད་ནའང་། བོད་ནང་གི་བོད་མིའི་འཐབ་རྩོད་དེ་མིའི་ཆེ་མཐོང་དང་རིན་ཐང་གི་འཐབ་རྩོད་ཅིག་རེད། ཡིན་ནའང་བོད་ཕྱི་ནང་གཉིས་ཐུན་མོང་གི་མངོན་འདོད་གཙོ་བོ་དེ་མིའི་ཆེ་མཐོང་ཐོབ་རྒྱུ་དང་། སོ་སོ་བོད་མི་ཞིག་ཡིན་པའི་ངོ་བོ་མ་བརླག་པའི་ཐོག་ནས་འཚོ་གནས་ཐུབ་རྒྱུ་དེ་རེད། ང་རང་སྒེར་ངོས་ནས་རྒྱལ་ཁབ་གང་ཞིག་ཡིན་ཡང་དེའི་རང་བཙན་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་ཡང་། རྒྱ་གར་གྱི་ངོས་ནས་སོ་སོའི་བདེ་འཇགས་ཨང་དང་པོ་དང་། རྒྱ་དཀར་ནག་གི་འབྲེལ་ལམ་ཨང་གཉིས་པ། བོད་དོན་དེ་ཨང་གསུམ་པར་འཛིན་གྱི་ཡོད་སྟབས། རྒྱ་གར་སྲིད་བློན་ནེ་རུ་ནས་མོ་ཌེ་བར་བོད་པ་ཚོར་དབུ་མའི་ལམ་མ་ཡིན་པའི་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་གཞན་ལག་བསྟར་བྱེད་པའི་གོ་སྐབས་བྱུང་ཡོད་པ་མ་རེད། ཨ་རི་གཙོས་པའི་རྒྱལ་ཁབ་གཞན་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱས་སྟབས། དབུ་མའི་ལམ་ནི་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་ལེགས་ཤོས་དེ་ཆགས་ཡོད། བོད་རྒྱ་འོག་ཏུ་ཚོད་པ་དེས་རྒྱ་གར་དང་ཝེ་ཋི་ནམ་གཉིས་གཙོས་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལའང་ཆུ་དང་མཐའ་མཚམས། ཁོར་ཡུག་དང་མངའ་ཁོངས་བདག་དབང་སོགས་ཀྱི་ཐོག་དཀའ་རྙོག་འཕྲད་བཞིན་ཡོད་པ་དང་། ཆབ་སྲིད་དང་དཔལ་འབྱོར་ཐད་ནས་རྒྱ་ནག་ལ་ཁེ་ཕན་བརྒྱ་ཆ་ ༩༨ དང་རྒྱ་གར་ལ་བརྒྱ་ཆ་ ༢ ཙམ་མ་ཐོབ་ཀྱི་མེད། ཅེས་སོགས་བརྗོད་སོང་།

WeChat_1482842415

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. Doring Tenzin says:
    ལོ་ 9 སྔོན།

    དེ་འདྲ་ཨ་ཡིན་བསམ་ཀྱ྄ི་འདུག། གང་ལ་ཟེར་ན་ཉེ་ཆར་ཡུ་གུར་འགོ་ཁྲིད་གསར་པ་བོད་རང་སྐྱོང་ལྗོང་གི་འགོ་ཁྲིད་བཀོད་པ་འདིས་ཡུ་གུར་དམ་དྲག་ཆེ་རོ་དགོས་པའི་རྒྱུ་མཚན་ཡིན་འདུག་

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    བོད་ཀྱི་གནས་སྟངས་ཡུ་གུར་དང་བསྡུར་ན་ཅུང་ལྷོད་ཡངས་ཡོད་ན་སང་ཉིན་བཀའ་ཤག་སྒོ་བརྒྱབ་ནས་བོད་དུ་ལོག་འགྲོ་དགོས་སམ། སྲིད་སྐྱོང་ལགས།

    Reply
  3. གངས་སེང། says:
    ལོ་ 9 སྔོན།

    (Dibyesh Anand) ལགས་ཀྱིས་རྒྱ་ནག་གི་མི་སེར་སྤེལ་བའི་རིང་ལུགས་སྐོར་ལ། སྤྱིར་བཏང་མི་སེར་སྤེལ་པའི་རིང་ལུགས་ནི་རྒྱལ་ཁབ་གཅིག་གིས་གཅིག་ལ་དབང་བསྒྱུར་ཏེ། རྒྱལ་ཁབ་དེའི་རྒྱལ་མཚམས་དང་ཆབ་སྲིད་དཔལ་འབྱོར་བཅས་ཀྱི་ཁེ་ཕན་ཆ་ཚང་སྟངས་འཛིན་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་གིས་ཀྱང་ཁོ་རང་ཚོའི་ཁེ་ཕན་ལ་དམིགས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོས་མེད་ནའང་།

    བཟོས་མེད་ནའང་ཟེར་ན་ཁྱད་མཚར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese