མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་ཕྱུགས་ལགས་ཀྱི་ཁྲིམས་བཤེར་དུས་ཡུན་ཕྱིར་འགྱངས་གནང་རོགས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་ཁྲིམས་གཏུགས་བྱེད་མཁན་ཁ་ཅིག་གིས་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ལ་བཀྲ་ཤིས་དབང་ཕྱུགས་ཀྱི་ཁྲིམས་བཤེར་དུས་ཡུན་ཇེ་རིང་ལ་བཏང་ནས་ཁོའི་ཉེས་དོན་ཐོག་མུ་མཐུད་ཞིབ་འཇུག་བྱེད་དགོས་ཟེར།

Screen Shot 2016-12-29 at 10.56.33 AM (1)

ཁ་སང་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་ཕྱུགས་ལགས་ཀྱི་གནད་དོན་ལ་བསྐྱར་དུ་ཁྲིམས་གཏུགས་བྱེད་མཁན་རྒྱ་རིགས་ཁྲིམས་རྩོད་པ་ཚོས་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚོར་ཉེས་གྱོད་དོན་དེར་ཞིབ་དཔྱོད་བྱ་བའི་དུས་ཡུན་ཇེ་རིང་དུ་གཏང་དགོས་ལུགས་བཤད་ཡོད་འདུག

གནས་ཚུལ་ནང་། ལིན་ཆི་ལི་ (Lin Qilei) ཟེར་བའི་ཁྲིམས་རྩོད་པ་ཞིག་གིས་གསར་འགོད་པའི་དྲི་བར། ཁྲིམས་གཏུགས་བྱེད་མཁན་ཚོས་བཀྲ་ཤིས་དབང་ཕྱུགས་ཀྱི་ཉེས་དོན་ཐད་ཞིབ་འཇུག་བྱ་བའི་དུས་ཡུན་ཇེ་རིང་དུ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། སྤྱིར་བཀྲ་ཤིས་དབང་ཕྱུགས་ཀྱི་ཉེས་དོན་ཐད་སྤྱི་བདེ་ཉེན་རྟོག་པས་ཞིབ་བཤེར་བྱས་པ་བརྒྱུད་འཆར་ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན་ཉེས་དོན་ཐག་གཅོད་བྱ་འཆར་ཡོད་པ་རེད། ཅེས་བཤད་འདུག

ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚུའུ་ (Cui) ཟེར་བ་ཞིག་གིས། ཁྲིམས་གཏུགས་བྱེད་མཁན་ཚོས་ཟླ་འདིའི་ནང་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བཀྲ་ཤིས་དབང་ཕྱུགས་ཀྱི་ཉེས་དོན་དེ་ཕྱིར་ཁོང་ཚོར་སྤྲད་ནས། ཉེས་དོན་དེའི་ཐོག་མུ་མཐུད་ཞིབ་འཇུགས་བྱེད་དུ་འཇུག་དགོས་པའི་རེ་བ་བཏོན་ཡོད། ཅེས་བཤད་འདུག

བཀྲ་ཤིས་དབང་ཕྱུགས་ལགས་ཀྱི་ཁྲིམས་རྩོད་པ་ལིང་ཞོ་ཅིན་ (Liang Xiaojun) ཟེར་བ་ཞིག་གིས། འདི་ལོའི་ཕྱི་ཟླ་དགུ་བའི་ནང་། ནེའུ་ཡོག་དུས་བབ་གསར་ཁང་གིས་བཀྲ་ཤིས་དབང་ཕྱུགས་ལ་བཅར་འདྲི་ཞུས་པར་བརྟེན་ཏེ། ཁུལ་ཉེན་རྟོག་པས་བཀྲ་ཤིས་དབང་ཕྱུགས་ལ་ཞིབ་བཤེར་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་ད་དུང་ནེའུ་ཡོག་དུས་བབ་གསར་ཁང་གིས་བཏོན་པའི་བཀྲ་ཤིས་དབང་ཕྱུགས་སྐོར་གྱི་བརྙན་ཐུང་དེ་དམིགས་འབེན་གཙོ་བོར་བཟུང་འདུག ཅེས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོའི་ནེའུ་ཡོག་དུས་བབ་གསར་ཁང་གི་བཅར་འདྲིའི་སྐབས་སུ། བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས། ངས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱིན་མེད། རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིམས་གཞིར་བཟུང་གིས། ངས་ནི་བོད་སྐད་ཡིག་སློབ་གསོའི་གནས་བབ་ཡར་རྒྱས་གཏོང་དགོས་པ་དང་། བོད་ཁུལ་དུ་བོད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་རེ་འདུན་ཞུ་ཡི་ཡོད། ཅེས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཉིན་མོར། རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་མ་ཁི་སི་བྷུ་ཁུ་སི་ (Max Baucus) ལགས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དམངས་གཙོ་དོན་གཉེར་བ་མང་པོ་འཛིན་བཟུང་བྱས་ཡོད་པའི་གྲས་སུ། ད་དུང་བཀྲ་ཤིས་དབང་ཕྱུགས་ལགས་ཀྱང་ཡོད་པ་དང་། བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས། བོད་སྐད་ཡིག་སློབ་གསོའི་གནས་བབ་ཡར་རྒྱས་གཏོང་དགོས་པའི་ཞི་འབོད་བྱས་པར་བརྟེན་ནས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

གནས་ཚུལ་ལྟར་ན། ནེའུ་ཡོག་དུས་བབ་གསར་ཁང་གིས་བཀྲ་ཤིས་དབང་ཕྱུགས་ལགས་ལ་བོད་སྐད་ཡིག་སློབ་གསོའི་གནས་སྟངས་སྐོར་ལ་བཅར་འདྲི་ཞུས་པ་དང་། ཕྱིས་སུ་བཅར་འདྲི་དེ་བརྙན་ཐུང་བཟོས་ནས་ཟླ་བ་གཉིས་ཙམ་འགོར་བའི་རྗེས་ཏེ། ཕྱི་ཟླ་ ༡ དང་པོའི་ནང་ཡུལ་ཤུལ་ཁུལ་ཉེན་རྟོག་པས་བཀྲ་ཤིས་དབང་ཕྱུགས་ལགས་རང་ཡུལ་ནས་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག ཁོང་འཛིན་བཟུང་བཀག་བསྐྱིལ་བྱས་ཏེ་བདུན་ཕྲག་ཁ་ཤས་རིང་གསང་རྒྱ་བྱས་ཡོད་སྟབས། ཁོང་གི་ནང་མི་ཚོས་ཕྱི་ཟླ་ ༣ ཚེས་ ༢༤ བར་ཡུལ་ཤུལ་ཁུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མེད་པ་རེད། ཡུལ་ཤུལ་ཁུལ་ཉེན་རྟོག་པས་ཁོང་གི་ནང་མི་ཚོར། བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྡོག་རོལ་བཏང་བ་མ་ཟད། བཀྲ་ཤིས་དབང་ཕྱུགས་ཀྱིས་ཁ་བྲལ་རིང་ལུགས་པར་ངན་སྐུལ་བྱས་ཡོད་སྟབས། ཁོང་ལ་མི་ལོ་ ༡༥ ཁྲིམས་ཐག་གཅོད་རྒྱུ་ཡིན་ལུགས་སོགས་བཤད་ཡོད་འདུག

གཞན། ན་ནིང་ལོ་མགོར་བཀྲ་ཤིས་དབང་ཕྱུགས་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བསྐྱོད་ནས། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་སྒྲིག་འཛུགས་ཁག་ (Chinese state news organizations)ལ། ཡུལ་ཤུལ་ཁུལ་རིམ་པའི་དཔོན་རིགས་ཚོས་བོད་སྐད་ཡིག་སློབ་གསོའི་ཐོག་དམ་དྲག་བྱེད་ཀྱིན་པའི་དངོས་ཡོད་གནས་ཚུལ་རྒྱང་བསྒྲགས་བྱེད་དགོས་པའི་ཞུ་གཏུགས་ཀྱང་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. trimleng says:
    ལོ་ 9 སྔོན།

    དེའི་ཕྱིར་བཀྲ་ཤིས་དབང་ཕྱུག་ལ་གཏའ་གྲོལ་༼取保候审དང་ཡང་ན་བསྡོད་གནས་ལྟ་རྟོག་༼监视居住༽གི་ཆ་རྐྱེན་ཚང་བས་ང་ཚོས་ཁོ་རང་འཛིན་བཟུང་ལས་གློད་ནས་རང་ཁྱིམ་དུ་ཁྲིམས་བཤེར་ལ་ངང་སྒུག་བྱེད་པའི་ཐོབ་ཐང་དེ་རྒྱ་གཞུང་གིས་ཁག་ཐེག་བྱེད་པར་འབོད་སྐུལ་ཤུགས་དྲག་བྱེད་དགོས། ཁྲིམས་གླེང་གིས།

    Reply
  2. trimleng says:
    ལོ་ 9 སྔོན།

    ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དུས་ཡུན་ནང་ཁྲིམས་བཤེར་བྱེད་མི་ཐུབ་ན། བཀྲ་ཤིས་དབང་ཕྱུག་འཛིན་བཟུང་ལས་གློད་དགོས་བའམ། དྲག་ཤུལ་ཐབས་ཚུལ་བརྗེ་རེས་བྱས་ནས་རང་དབང་ངང་ཁྲིམས་བཤེར་ལ་ངང་སྒུག་བྱས་ན་ཆོག བརྩད་གཅོད་ལས་ཁུངས་ལ་ཧེ་བག་ལས་འདས་བའི་དཔང་རྟགས་༼beyond reasonable doubt༽མེད་ན་ཁོང་བཀག་ཉར་མུ་མཐུད་དུ་བྱས་ན་ཁྲིམས་དང་འགལ། ཁྲིམས་གླེང་ནས། trimleng.com

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese