མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུའི་མི་སྣ་ ༣༥ ཨ་རི་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། ཆུ་ཚོད་ ༧༢ ནང་ཚུན་ལ་ཨ་རིའི་ནང་ཡོད་པའི་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ ༣༥ དང་ཁོ་ཚོའི་ནང་མི་དང་བཅས་ཨ་རི་ནས་ཁ་འབྲལ་དགོས་སྐོར་བརྗོད་འདུག

དེ་རིང་སེ་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་ནང་ཡོད་པའི་གསང་མྱུལ་བར་དོགས་གཞི་ཡོད་པའི་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ ༣༥ ཙམ་ཨ་རི་ནས་ཕྱིར་འཕུད་གཏོང་རྒྱུ་དང་། ཨུ་རུ་སུའི་གསང་བའི་མི་སྣ་གཉིས་ཀྱི་ལས་དོན་ཐོག་དམ་དྲགས་བྱ་རྒྱུ་ཡིན་པ། ཕྱིར་འཕུད་གཏོང་འཆར་ཡོད་པའི་ཨུ་རུ་སུའི་མི་སྣ་དེ་དག་ཆུ་ཚོད་ ༧༢ ནང་། སོ་སོའི་ནང་མི་དང་བཅས་ཨ་རི་ནས་འཐོན་དགོས་སྐོར་སོགས་བརྗོད་འདུག

ཨུ་རུ་སུའི་མི་སྣ་དེ་དག་གི་གྲས་སུ་ཨུ་རུ་སུའི་ཕྱི་འབྲེལ་ལས་ཁུངས་ (GRU) ཀྱི་དཔོན་རིགས་ཀོ་རོ་བྷོ་ཝ་ (Korobov) དང་། ཨུ་རུ་སུའི་དམག་དོན་གསང་བའི་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་གྷེ་ཙུ་ནོ་ཝ་ (Gizunov)། དམག་དོན་གསང་བའི་ལས་ཁུངས་ཀྱི་གཙོ་འཛིན་གཞོན་པ་ཟུར་བ་ཀོ་སི་ཊ་ཡུ་ཀོ་ཝ་ (Kostyukov) དང་ཨ་ལེ་ཀ་སི་ཡུ་ཝ་ (Alekseyev) སོགས་ཚུད་ཡོད་པ་མ་ཟད། ད་དུང་ཨ་རིའི་ནང་གི་ཨུ་རུ་སུའི་རྫོར་བདེ་འཇགས་ལས་ཁུངས་ (Zor Security) དང་། དམིགས་བསལ་འཕྲུལ་ལས་རིག་རྩལ་ལྟེ་གནས་ཁང་ (STC)། དེ་བཞིན། གཞུང་འབྲེལ་ཁེ་ལས་མ་ཡིན་པའི་དེང་རབས་འཕྲུལ་ཆས་གསར་སྐྲུན་གྱི་ཆེད་ལས་ལྷན་ཚོགས་ (NOPADDPS) སོགས་ཀྱི་ཐོག་ལའང་དམ་དྲགས་བྱ་རྒྱུ་ཡིན་འདུག

གསལ་བསྒྲགས་དེའི་ནང་ཨོ་བྷ་མས། ཨུ་རུ་སུ་དྲ་ཐོག་གསང་ཉུལ་བ་ཚོས་ཨ་རིའི་སྲིད་འཛིན་འོས་བསྡུའི་ལས་རིམ་ནང་ཐེ་གཏོགས་བྱས་ཏེ་འོས་བསྡུར་ཤན་ཤུགས་ཚབས་ཆེན་བཟོས་ཡོད་པ་མ་ཟད། ཨ་རིའི་ནང་སྲིད་ཀྱི་སྡེ་ཚན་མང་པོ་ཞིག་ལ་སྣང་ཆུང་དང་ལས་དོན་ལ་གཏོར་བརླག་བྱས་ཡོད་སྟབས། ཨ་རིའི་གཞུང་གིས་གནད་དོན་འདི་དང་ལེན་དང་བཟོད་བསྲན་བྱེད་ཐབས་མེད། འདི་ནི་ཨུ་རུ་སུའི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་ཏེ། ཨ་རིའི་ཁེ་ཕན་ལ་གཏོར་བརླག་བྱས་པའི་གནད་དོན་ལ་བརྡ་ལན་གསལ་བོ་སྤྲད་པ་ཡིན། ཨུ་རུ་སུའི་གསང་བའི་མི་སྣ་ཚོས་ཨ་རིའི་ཁེ་ཕན་ལ་ཁྲིམས་འགལ་བཙན་ཤེད་ཀྱི་བྱ་སྤྱོད་མང་པོ་སྤེལ་ཡོད། ཨ་རིའི་གཞུང་གིས་ཡུལ་དུས་དང་བསྟུན་ནས་མུ་མཐུད་དུ་ཨུ་རུ་སུའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ཐོག་དམ་དྲགས་ལས་འགུལ་སྣ་ཚོགས་སྤེལ་ངེས་ཡིན། ཞེས་བརྗོད་ཡོད་འདུག

ཨུ་རུ་སུའི་གཞུང་ཚབ་ཁང་གིས། ཨོ་བྷ་མའི་གཞུང་ནས་ཨུ་རུ་སུའི་གཞུང་གིས་ཨ་རིའི་འོས་བསྡུ་ལ་ཐེ་གཏོགས་བྱས་སོང་ཟེར་བ་དེར་ངོས་ལེན་བྱེད་ཐབས་མེད་ལ། ཨུ་རུ་སུའི་གཞུང་གིས་ཨ་རི་ལ་དྲ་ཐོག་གསང་ཉུལ་གྱི་གནད་དོན་ཡང་བཟོས་མྱོང་མེད། ཅེས་བརྗོད་འདུག

རྩོད་རྙོག་དེའི་ཐད་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ཡིས། ཨུ་རུ་སུས་ཨ་རིའི་འོས་བསྡུ་ལ་ཐེ་གཏོགས་བྱས་པར་དོགས་གཞི་ཡོད། ཨ་རིའི་ཕྱོགས་ནས་གནད་དོན་དེའི་ཐོག་རྟོགས་ཞིབ་བྱེད་པའི་དུས་ལ་བབ་ཡོད། ཨ་རིའི་རྒྱལ་ཁབ་དང་ཨ་རིའི་མི་མང་གི་ཁེ་ཕན་ཆེད་དུ། གཟའ་འཁོར་རྗེས་མར་ང་ཨུ་རུ་སུའི་གསང་བའི་དཔོན་རིགས་ཚོར་ཐུག་འཕྲད་བྱས་ཏེ། རྩོད་རྙོག་འདིའི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

གནས་ཚུལ་འདིའི་ནང་ད་དུང་། སྲིད་འཛིན་ཨོ་བྷ་མའི་གཞུང་གིས། མི་འགྱངས་པར་ཨུ་རུ་སུའི་གསང་བའི་མི་སྣ་ཚོས་དྲ་ཐོག་ནས་ཨ་རིའི་འོས་བསྡུ་ལ་ཐེ་གཏོགས་བྱས་པའི་བདེན་དཔང་ཕྱིར་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། ཨུ་རུ་སུའི་ཕྱོགས་ནས་ཀྱང་། མི་འགྱངས་པར་ཨ་རིའི་གྲོང་ཁྱེར་མ་རེ་ལན་ཊི་དང་ནེའུ་ཡོག་གྲོང་ཁྱེར་གཉིས་ནང་ཡོད་པའི་ཨུ་རུ་སུའི་གཞུང་འབྲེལ་ལས་ཁུངས་གཉིས་སྒོ་རྒྱག་རྒྱུ་ཡིན་སྐོར་བརྗོད་ཡོད་ཚུལ་སོགས་བཀོད་འདུག

གཞན། ཆབ་སྲིད་དབྱེ་ཞིབ་པ་ཚོས། ཐེངས་འདིའི་དམ་དྲགས་ཀྱི་ལས་འགུལ་དེ་ནི་ཨ་རིས་དྲ་ཐོག་གསང་ཉུལ་གྱི་གནད་དོན་ཐོག་སྤེལ་བའི་ལས་འགུལ་ཤུགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་ནའང་། འཆར་ལོའི་ཕྱི་ཟླ་ ༡ ནང་སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་དབང་འོག ཨུ་རུ་སུ་དང་ཨ་རི་གཉིས་བར་གྱི་འབྲེལ་ལམ་ཅུང་གུ་ཡངས་ཆགས་སྲིད་པར་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese