མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༦ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་གསར་པ་བསླེབ་ལ་ཉེ་བ་དང་བསྟུན་ཏེ་འདི་ག་བོད་ཀྱི་དུས་བབ་གསར་ཁང་གིས་རྫོགས་ལ་ཉེ་བའི་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱི་ཐོག་གི་གནས་ཚུལ་ཆེ་ཁག་བཅུ་འདིར་ཕྱོགས་བསྡུས་བྱས་ཡོད།

༡༽ ཐའེ་ཝན་སྲིད་འཛིན་འོས་འདེམས།

11-Tseyinཕྱི་ཟླ་ ༡ ཚེས་ ༡༧ ཉིན། ཐའེ་ཝན་སྲིད་འཛིན་རྒྱལ་ཡོངས་འོས་འདེམས་ཀྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པར། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་ཡེན་ཝིན་ལ་འོས་གྲངས་ལས་བརྒྱ་ཆ་ ༥༦།༡ དང་། ཐའེ་ཝན་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཨེ་རིག་ཆོ་ལེ་ལུན་ལ་འོས་གྲངས་བརྒྱ་ཆ་ ༣༡ བཅས་ཐོབ་སྟེ། ཐེངས་འདིའི་སྲིད་འཛིན་འོས་འགྲན་ཁྲོད་ལྕམ་ཚའེ་ཡེན་ཝིན་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་ནི་ཐའེ་ཝན་ལོ་རྒྱུས་ནང་གི་བུད་མེད་སྲིད་འཛིན་ཐོག་མ་ཆགས་ཡོད་པ་མ་ཟད། ཐའེ་ཝན་རང་བཙན་ལངས་ཕྱོགས་འཛིན་མཁན་ལ་རྒྱལ་ཁ་ཐོབ་པ་ཞིག་ཀྱང་ཆགས་ཡོད་སྟབས་རྒྱ་ནག་དང་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན།

༢༽ དབྱིན་ཇི་ཡུ་རོབ་མཐུན་ཚོགས་ལས་ཕྱིར་བུད།

2-Cameronཕྱི་ཟླ་ ༦ ཚེས་ ༢༣ ཉིན། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཁོངས་མུ་མཐུད་སྡོད་མིན་ལ་མང་མོས་འོས་བསྡུ་གནང་བའི་ཁྲོད་མི་ ༤༦༠༠༠༠༠༠ ལྷག་གིས་འོས་བསྡུའི་ཆ་ཤས་བླངས་ཏེ། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་སུ་མུ་མཐུད་མཉམ་གནས་བྱེད་པར་འོས་གྲངས་བརྒྱ་ཆ་ ༤༨ དང་། ཕྱིར་འབུད་པར་འོས་གྲངས་བརྒྱ་ཆ་ ༥༢ ཐོབ་སྟེ། དབྱིན་ཇི་ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་ནས་ཕྱིར་འབུད་པར་མང་མོས་ཐག་གཅོད་བྱུང་ཡོད་པ་དང་། དེ་ནི་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་ནས་རྒྱལ་ཁབ་ཅིག་ཕྱིར་བུད་པ་ཐོག་མ་དེ་ཆགས་ཡོད་པ་དང་། གནས་ཚུལ་དེ་དང་འབྲེལ་ཏེ་དབྱིན་ཇིའི་སྲིད་བློན་ཁ་མི་རོན་གྱིས་སྲིད་བློན་ལས་གནས་ནས་དགོངས་པ་ཞུས་ཏེ། ཁོའི་ཚབ་ཏུ་ལྕམ་མཱེ་ལགས་དབྱིན་ཇིའི་སྲིད་བློན་དུ་བདམས།

༣༽ འཇིགས་སྐུལ་བའི་འཇབ་རྒོལ།

3-nanicཕྱི་ཟླ་ ༧ ཚེས་ ༡༥ ཉིན། ཧྥ་རན་སིའི་ལྷོ་རྒྱུད་གྲོང་ཁྱེར་ནི་སི་(Nice)ནང་། རྒྱལ་ཡོངས་དུས་ཆེན་ལ་རོལ་བཞིན་པའི་མི་ཚོགས་ཁྲོད། གློ་བུར་དུ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཞིག་གིས་དོས་སྐྱེལ་རླངས་འཁོར་ཆེན་པོ་ཞིག་བསྐོར་ཏེ། མི་ ༨༦ ཙམ་རླངས་འཁོར་འོག་མནན་ཏེ་བསད་ཡོད་པ་དང་གཞན་མི་ ༤༣༤ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་མ་ཐག་སྐོར་སྲུང་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་རླངས་འཁོར་ཁ་ལོ་བ་དེ་ཡུལ་དངོས་ནས་བསད་ཡོད་པ་དང་། རླངས་འཁོར་ནང་མེ་མདའ་དང་འབར་རྫས་སོགས་འཁྱེར་ཡོད་འདུག

༤༽ འཛམ་གླིང་ཨོ་རྩལ་འགྲན་ཚོགས།

ཕྱི་ཟླ་ ༨ ཚེས་ ༥ ནས་ ༢༡ ཉིན་བར་བྷིར་རྫིལ་རྒྱལ་ས་རུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཐེངས་ ༣༡ པ་ཚོགས་ཏེ། ཨ་རིའི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༤༦ ཐོབ་སྟེ་ཨང་དང་པོ་དང་། དབྱིན་ཇིའི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༢༧ ཐོབ་སྟེ་ཨང་གཉིས་པ། རྒྱ་ནག་གི་རྩེད་འགྲན་རུ་ཁག་ལ་གསེར་གྱི་རྟགས་མ་ ༢༦ ཐོབ་སྟེ་ཨང་གསུམ་པ་ཆགས་ཡོད། འདི་ལོའི་ཨོ་རྩལ་འགྲན་ཚོགས་ཐོག་རྒྱལ་ཁབ་ ༢༠༥ ཡི་རྩེད་འགྲན་པ་ ༡༡༡༧༨ མཉམ་ཞུགས་བྱས་ཡོད་པ་དང་། སྐབས་རྗེས་མའི་ཨོ་རྩེད་འགྲན་ཚོགས་དེ་ཉི་ཧོང་ནང་འཚོགས་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་ཡོད།

༥༽ ཁ་ཆེ་བའི་དམར་མཆོད།

5-washingtonpostཕྱི་ཟླ་ ༩ ཚེས་ ༡༠ ནས་ ༡༡ ཉིན་བར། བྷང་ལ་ཌེ་ཤིའི་རྒྱལ་ས་ཌ་ཀ་ (Dhaka)ཡི་གྲོང་ཁྱེར་ནང་ཁ་ཆེ་ཆོས་ལུགས་ཀྱི་དམར་མཆོད་དུས་ཆེན་ (Eid al-Adha)ཞེས་པ་སྲུང་གཙི་ཞུས་ཏེ་ར་ལུག་དང་བ་གླང་། མ་ཧེ་དང་རྔ་མོང་སོགས་ཁྱོན་སེམས་ཅན་ ༡༠༠༠༠༠ ལྷག་དམར་མཆོད་བྱས་སྟབས། ཉིན་དེ་གར་གྲོང་ཁྱེར་དེར་ཆར་བ་ཆེན་པོ་བབ་སྟེ་གྲོང་ཁྱེར་གྱི་སྲིང་ལམ་དང་སྤྱི་གླིང་ཁག་ཡོངས་ཁྲག་གིས་དམར་པོར་གྱུར་བའི་ཆར་ཆུ་དང་རྒྱུག་ཆུའི་ཁེངས་ཏེ། ཡུལ་མི་དང་ཕྱོགས་ཡོང་འགྲུལ་བ་ཚང་མ་ཁྲག་གི་འཇིག་རྟེན་ཞིག་ཏུ་འགྲོ་འདུག་བྱེད་བཞིན་པའི་པར་མང་པོ་བརྒྱུད་ལམ་ཁག་ཏུ་ཁྱབ་སྟེ་འཛམ་གླིང་མི་མང་དང་ལྷག་པར་དུ་དུད་འགྲོའི་རང་དབང་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་བྱས།

༦༽ རྒྱ་གར་དངུལ་ལོ་གསར་རྗེ།

6-modiཕྱི་ཟླ་ ༡༡ པའི་ ༨ ཉིན་གྱི་དགོང་མོར་རྒྱ་གར་སྲིད་བློན་ན་རེན་ཌི་ར་མོ་ཌེ་ཡིས་ཛ་དྲག་གསལ་བསྒྲགས་སྤེལ་ཏེ། དགོང་མོ་དེའི་ཆུ་ཚོད་ ༡༢ རྗེས་སུ། ཧིན་སྒོར་སྟོང་ལོ་དང་ལྔ་བརྒྱ་ལོ་གཉིས་བེད་སྤྱོད་གཏོང་མི་ཆོག་པ་དང་། མི་མང་གི་ལག་ཏུ་ཡོད་པའི་ལྔ་བརྒྱ་ལོ་དང་སྟོང་ལོ་ཚང་མ་ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་ཚུན་ལ་དངུལ་ཁང་དང་སྦྲགས་ཁང་ཁག་ནང་འཇུག་དགོས་པ་དང་། གལ་སྲིད་དུས་ཚོད་དེ་ལས་བརྒལ་ན་དངུལ་ལོ་དེ་དག་བེད་མེད་གཏོང་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་ལྔ་བརྒྱ་ལོ་དང་ཉིས་སྟོང་ལོ་གསར་པ་འགྲེམ་སྤེལ་བྱས་ཡོད་སྐོར་དང་། ལས་དོན་ལྐོག་ཟ་རུལ་སུངས་དང་། ཁྲལ་མ་སྤྲད་པའི་དངུལ་ནག་ཉར་བ་སོགས་ཀྱི་དཀའ་རྙོག་སེལ་ཆེད་ཡིན་སྐོར་བསྒྲགས།

༧༽ ནོ་བྷེལ་ཞི་བདེ་གཟེངས་རྟགས།

7-juan-manuelཕྱི་ཟླ་ ༡༠ ཚེས་ ༡༣ ཉིན། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ནོར་ཝེ་རྒྱལ་ས་ཨོ་སི་ལོ་རུ། ༢༠༡༦ ལོའི་ཞི་བདེ་གཟེངས་རྟགས་དེ་ཁོ་ལོམ་བྷི་ཡའི་སྲིད་འཛིན་སྐུ་ཞབས་ཇུན་མཱ་ནུལ་སན་ཊོ་མཆོག་ལ་ཕུལ་ཡོད་པ་དང་། ཁོང་གིས་འདས་པའི་ལོ་ངོ་ ༥༠ རིང་ཁོ་ལོམ་བྷེ་ཡའི་ནང་གྲང་དམག་ཟིང་འཁྲུག་ཞི་བའི་ཐོག་ནས་སེལ་ཐབས་ལ་འབད་བརྩོན་གནང་ཡོད་འདུག གཞན། ༢༠༡༦ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཨ་རིའི་སྲོལ་རྒྱུན་དམངས་གླུའི་སྒྱུ་རྩལ་པ་ཅན་བྷོ་བྷི་ཌེ་ལཱན་ལགས་སུ་ཕུལ་ཡོད་ཀྱང་ཁོང་གིས་གཟེངས་རྟགས་དེ་དང་ལེན་གནང་མེད།

༨༽ ཨ་རིའི་སྲིད་འཛིན་གསར་འདེམས།

8-downloadཕྱི་ཟླ་ ༡༡ ཚེས་ ༩ ཉིན། ཨ་རིའི་སྐབས་ཞེ་ལྔ་པའི་སྲིད་འཛིན་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་ཏེ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་ཁྱོན་འཐུས་མི་ ༣༥༨ ཡོད་པ་ལས་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མིར་རྒྱལ་ཁ་འཐོབ་པར་ཞབས་སྟེགས་ ༢༧༠ འཐོབ་དགོས་པ་ལས་ཐེངས་འདིར་སྤྱི་མཐུན་ཚོགས་པའི་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་འོས་ ༢༩༠ དང་། དམངས་གཙོ་ཚོགས་འོས་མི་ལྕམ་ཧེ་ལ་རེ་ལ་འོས་ ༢༡༨ བཅས་ཐོབ་སྟེ། ཨ་རིའི་སྲིད་འཛིན་སྐབས་ ༤༥ པ་དེ་སྐུ་ཞབས་ཊི་རུམ་ཕི་ལ་ཐོབ་ཡོད་པ་མ་ཟད། གྲོས་ཚོགས་གོང་འོག་གཉིས་ཀའི་ནང་སྤྱི་མཐུན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པར་འཛམ་གླིང་མི་གི་ཚོད་དཔག་ལས་བརྒལ་བའི་གནས་ཚུལ་ཞིག་ཆགས།

༩༽ འགྲུལ་སྐྱེལ་གནམ་གྲུ་བརྡབ་སྐྱོན།

Screen Shot 2016-12-30 at 3.04.44 PMཕྱི་ཟླ་ ༡༡ ཚེས་ ༢༨ ཉིན། བྷོ་ལེ་ཝེ་ཡ་རྒྱལ་ཁབ་ཀྱི་སན་ཊ་ཁི་རུ་ཛ་གནམ་ཐང་ནས་ཁོ་ལོམ་བྷེ་ཡ་རྒྱལ་ཁབ་ཀྱི་མི་ཌི་ལེན་གནམ་ཐང་དུ་འཕུར་བཞིན་པའི་ (CP-2933) རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གནམ་གྲུར་ཆག་སྐྱོན་བྱུང་སྟེ་རི་ཁུལ་ཞིག་ཏུ་བརྡབ་སྐྱོན་བྱུང་བའི་ཁྲོད། སྦར་རྫིལ་གྱི་རྐང་རྩལ་སྦོ་ལོ་བ་གྲགས་ཅན་ཊེ་གྷེ་ནོ་ལགས་གཙོས་པའི་རྩེད་འགྲན་པ་དང་གསར་འགོད་པ་མི་གྲངས་ ༧༡ རྐྱེན་འདས་དང་མི་ ༦ ཙམ་གསོན་གནས་ཐུབ་པ་བྱུང་ཡོད། ཕྱི་ཚེས་ ༢༩ སྦར་རྫིལ་གཞུང་དམངས་གིས་རྒྱལ་དར་ཕབ་པ་དང་། རྩེད་འགྲན་ཚོགས་རྭའི་ནང་རྩེད་མོ་མཚམས་འཇོག་པ་སོགས་བྱས་ཏེ་མྱ་ངན་ཞུས་ཡོད།

༡༠༽ གཞུང་ཚབ་པ་ལྐོག་གསོད།

10-adfasdཕྱི་ཟླ་ ༡༢ ཚེས་ ༢༠ ཉིན། ཊུར་ཀིའི་རྒྱལ་ས་ཨན་ཀ་ར་ཡི་སྒྱུ་རྩལ་འགྲེམས་སྟོན་ཁང་གི་དབུ་འབྱེད་མཛད་སྒོའི་སྟེང་། ཨུ་རུ་སུའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཨན་ཌི་རེ་ཀར་ལོ་ཝ་(Andrey Karlov)ལགས་ཀྱིས་གཏམ་བཤད་སྤེལ་བཞིན་པའི་སྐབས་སུ། བློ་བུར་དུ་རྒྱབ་ལོགས་ནས་ཊུར་ཀི་བ་ཞིག་གིས་མེ་མདའ་བརྒྱབ་སྟེ་ཁོང་བསད་ཡོད་པ་མ་ཟད། ཊུར་ཀི་བ་དེས་ “དཀོན་མཆོག་རླབས་ཆེན་ཡིན། ཨ་ལི་ཕོ་བརྗེད་དུ་མ་འཇུག སི་རི་ཡ་བརྗེད་དུ་མ་འཇུག” ཅེས་འབོད་ཚིག་སྒྲོག་བཞིན་མེ་མདའ་གང་བྱུང་བརྒྱབ་སྟེ་ཉེ་འགྲམ་གྱི་མི་གསུམ་ལའང་རྨས་སྐྱོན་བཟོས་ཡོད་འདུག ཨུ་རུ་སུ་དང་ཊུར་ཀའི་གཞུང་གིས་ལག་དམར་བ་དེ་ནི་སི་རི་ཡའི་ནང་གི་འཇིགས་སྐུལ་དྲག་སྤྱོད་པར་འབྲེལ་བ་ཡོད་པར་ངོས་འཛིན་བྱས་ཡོད།

གསར་འགོད་པ། པདྨ་རྒྱལ་གྱིས་ཕྱོགས་བསྡུས་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese