མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐར་ལོ་དང་ཐར་ལོའི་རལ་ལི།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཚོགས་མཁས་བཙུན།།

དགའ་སྐྱོ་ཆགས་སྡང་ཚོར་བས་མ་ཟིན་པའི།།
མིའི་བུ་རྐང་གཅིག་འཚོ་བའི་གནས་མ་ཡིན།།
གནས་མིན་གནས་འདིར་གནས་སྟངས་མ་འདྲ་བ།།
མིའུ་བུ་གདུང་དྲུག་མེས་རབས་ཨ་ཧོ་རྨད།།
སྐྱིད་ལ་སྡུག་གི་སྲིད་པ་ས་སྒང་འདིར།།
སྐྱིད་ལ་བསྐུར་བའི་མི་རིགས་གསོན་པོ་ཞིག།
འགྱུར་དྲུག་ཉམས་དགུའི་རོལ་བ་བསམ་མི་ཁྱབ།།
ཁ་ཐོག་དོན་སྟེང་རི་མོ་གླིང་ལ་ཁྱབ།།

སང་ཉིན་གནངས་ཉིན་ནས་ཉིས་སྟོང་བཅུ་བདུན་ལོ་ལ་སླེབས་འགྲོ། ཐར་ལོ་ཉིས་སྟོང་བཅོ་ལྔ་ཙམ་ཞིག་ནས་ལམ་ལ་ཆས་པ་འདྲ། འུ་ཚང་ལ་དེ་རིང་བར་དུ་ཐོན་མ་སོང་། དེ་ནི་སྦྲ་རྒན་ཅན་ལ་ཧབ་ལངས་ནས། རུ་མཚེས་ཅན་ལ་ཡི་ཆད་པའི་དཔེ་མི་འགྲོ། ཁྱིམ་མཚེས་རུ་སྐོར་གྱིས་ཡར་བཤད་མར་བཤད་མང་བའི་དབང་གིས་ཡིན་ནམ། ང་ཡང་ཁོ་རང་ལ་ཐུག་འདོད་པ་དེ་ཙམ་མ་བྱུང་ལ། ཁོ་ཡང་རི་ཕྱི་ལ་བུད་པ་ཞིག་ཡིན་པ་ཡོད། ཁོ་ལ་རལ་གཅིག་དང་། རྭ་ལོ། ཐར་ལོ་ཞེས་མིང་འདོགས་ཀྱི་གོ་རིམ་ནང་བཞིན། དང་པོར་རལ་གཅིག་དང་། དེ་ནས་རལ་གཟེངས། ཐ་མ་མགོ་རེགས་སྤྱི་ཐེར་ཏུ་བཏང་བའི་རིམ་པ་བཅས་ནི་བདག་ཅག་ལ་ཁ་ཚ་དགོས་གཏུགས་ཀྱི་འགྱུར་འགྲོས་སྣང་ཚུལ་ཞིག་ཡིན། ཐར་ལོས་ངའི་སྐད་ཆ་དང་ངའི་རྣམ་འགྱུར་། ངའི་སྤྱོད་ཚུལ་མང་པོ་ཞིག་རྒྱལ་ཁམས་ལ་འུར་བཞིན་སྒྲོག་བཞིན་ཡོང་ཐལ། དེ་བས་ངས་ཀྱང་ཁོའི་མགོ་རྔ་བར་གསུམ་ལ་ཞིབ་ཙམ་བལྟས་པ་ཡིན། མ་ཟད་ཁོ་ལ་ཁ་བརྡ་དང་གླེང་མོལ་སེམས་གཏམ་མང་པོ་ཞིག་འཆད་འདོད་སྐྱེས་སོང་། ཡིན་ནའང་། ཁོའང་ཁ་ཆེན་དབང་ཆེན་ཞིག་མ་རེད། དེ་བས་སྐད་ཆ་གང་ནས་མགོ་བརྩམས་ཏེ་མཇུག་ཇི་ལྟར་བསྡུ་རྒྱུའང་མི་ཤེས་ཀི།

གློག་དྲའི་གཞི་རྒྱ་དང་ཐར་ལོའི་རུ་བ་གཉིས་ཇི་འདྲའི་དོ་མི་སྙོམས་པ་ཞིག་རུ་བའི་ཀྭ་མགོར་མར་ལོག་ཅིག་སྦྱར་ཡོད་ཡོད་ལའང་ངོ་སྣུམ་མ་བྱུག་པར་བསམ་གཟས་ནས་གདོང་མདོག་སྐྱ་ཐག་ཆོད་པར་ཡོང་བ་དང་། དགུན་གྲང་སྒང་ལ་རྒྱུག་འདུར་རྒོད་པ་ནི་གཞན་གྱིས་ཉམ་ཐག་སྙིང་རྗེའི་ཡུལ་ལ་ཨེ་འཇོག་བསམ་པའམ། ཡང་ན་རི་བོ་ཐན་ཧྲན་ལས་ཀྱང་ལྗིད་ཁོག་ཅན་ཞིག་ཏུ་འགྱུར་འདོད་པ་གང་རུང་ལས་མ་འདས་མོད། ཡིན་རྒྱུ་ནི། ཁོ་ཕྱི་ཚུལ་ལ་མགོ་རྔ་ཁ་ཚང་བརྗེ་བོ་རྒྱག་ཐུབ་ཡོད་ཀྱང་། ཡང་ཉིང་སྐེ་ནས་ཕྱག་མདུད་ལོན་དཀའ་ཙམ་ཞིག་ལ། གར་སོང་གར་འདུག་ལ་འཁུར་འགྲོ་བའི་ལུ་གུ་ཁ་དྭ་དེའི་ཨ་མའི་ཚབ་བྱེད་རྒྱུ་དང་། དེ་མིན་ལུག་ཁྱུ་སྤྱང་ལུང་ལ་ཕུད་ནའང་ཤོག་སྦགས་དང་ཀི་རིང་བོ་ཞིག་གི་ཐབས་ཇུས་ལས་མེད་པའམ། གློ་ལུད་བརྒྱབ་ནས་ཉལ་བཟོད་ཀི་མེད་ཀྱང་གླུ་སྐད་སིང་སིང་བར་འདུག་པ་ནི་ཁོ་རང་ངོ་མ་དེ་ཡིན། དེ་ནི་མར་མེ་རླུང་གིས་བསྐྱོད་ན་འཛུམ་མུལ་མུལ། གཏོར་མ་ཁྱིས་འཁྱེར་ན་འཛུམ་མུལ་མུལ་གྱི་གནས་སྟངས་ལས་མ་འདས་ཀྱང་། ཁོའི་རེ་བ་ཡོད་ཚད་མཇུག་བསྡུ་ཁ་མའི་ཤོག་སྦགས་དེ་ལ་བཅོལ་ཡོད། དེ་ནི་རི་སྤྱང་སྔོན་མོར་ཐོ་དང་། ཕ་བཟང་བུ་ལ་བརྡ་དངོས་གནས་ལ་འགྱུར་བའི་རེ་བ་བརྒྱབ་པ་རེད།

གཡང་འཚོ་ནི་གཡང་ཕྱུག་འཚོ་ལས་ལྡེབ་འགྱུར་གྱིས་ཇེ་ཡག་ལ་སོང་ཡོད་ཀི། ཁོ་མོ་འགྱུར་བ་མ་འདྲ་བ་ཞིག་དང་ཁུར་རྩ་ལྗིད་མོ་ཞིག་ཁུར་ཏེ་བུད་སོང་། ཐར་ལོ་ལ་རྡུང་རྡེག་ཚབས་ཆེན་ཞིག་དང་གོ་སྐོན་ཟབ་མོ་ཞིག་ཐེབས་པ་འདྲ། སྙིང་རྗེ་མོ་རང་ཕྱིར་ཡོང་ས་ཡོད་མེད་ཀྱང་མི་ཤེས་མོད། རྡོ་རྗེ་སོའོ་ཀྲང་དང་པར་ལེན་མ་བདེ་སྐྱིད། ད་དུང་པར་ལེན་མི་དང་། མཐའ་བསྐོར་གྱི་དུ་རྐྱལ་ཆང་རྐྱལ་དག་གིས་ཀྱང་ངའི་དོན་དག་མང་པོ་ཞིག་གླེང་གི་ཡོད་པ་འདྲ། ང་ཡང་དོགས་མི་བདེ་བ་དང་། བསམ་གཞིག་དང་ཕྱིར་འདང་གི་ཀླུང་ལ་ལྷུང་སོང་། ཉེན་རྟོག་པ་དེའི་འདྲི་རྟོག་དང་ངོ་མདངས་ཀྱིས་ཐར་ལོ་དྲིན་ཆེན་པོའི་མི་ཚེ་ལ་སྡོམ་ཞིག་བརྒྱབ་ཡོད།

སྲང་ལམ་གྱི་ཡངས་དོག་དང་སྒྲ་འདྲ་མིན་གྱི་འུར་ཟིང་། ཆེ་མི་ཆེ་ཆུང་མི་ཆུང་གི་འདུ་འཛི་བཅས་ནི་ཇི་འདྲའི་བདེན་ཅོག་ཅོག་ཅིག་བསྟན་ཡོད་གི། ཡིན་ནའང་། ཐར་ལོའི་ན་ཚོད་ནི་དེ་ཙམ་ཚོད་ཐུག་པ་ཞིག་མིན། རང་གི་ལོ་ཚོད་ཀྱང་ཅི་ཙམ་ཡིན་མི་ཤེས་པ་ནི་ཁེར་རྐྱང་ཁ་ཐོར་ལ་བསྡད་དྲག་པའམ། ཡུལ་ལུང་བཅའ་གནས་ཆེ་དྲག་པས་མིན་ནམ། ཡག་ཕོ་སྒོ་མེད་པ་མིན་ཡང་མིང་འདོགས་ཉེས་དང་དཔྱད་བཅོས་ཉེས་འདི་འདྲར་ལུས་སོང་།  མིང་སུས་བཏགས་མ་ཤེས་ཀྱང་སྐྱོན་མེད་ཀི། གང་ཞིག་གི་ཁ་དབང་ལག་འོག་ནས་ཐར་ལོའི་དོན་མི་འགྲོ། པར་ལེན་བཟའ་མི་གཉིས་ཀྱིས་བོད་ཆས་ནུབ་ཆས་ཡ་མ་ཟུང་དུ་བརྗེ་བ་དང་། བདེ་སྐྱིད་ཀྱང་སྦྲགས་སྐད་ལ་ཡ་ང་མེད་པ་བཅས་ནི་ཡང་བསྐྱར་སོན་རྩ་ཞིག་གི་མགོ་འབུས་ཙམ་ཡིན་པ་ཤེས།

ཐར་ལོ་རྒྱུ་བདག་ལ་ངོ་ལོག་པ་ནི་མ་བདག་བདག་ཚུལ་གྱིས་ལུག་བདག་རང་གི་བགྱིས་པས་ཡིན། དྲིན་ལ་འོ་བརྒྱལ་མེད་པའི་གཡང་བླ་རྡོ་ཁ། ཐལ་ལྕག་གསུམ་གྱིས་ལུག་རྫི་ཙམ་ཞིག་གི་ངོ་སྤྲད་པས་ཁོ་རང་གཞི་ནས་རྟོག་པ་སད་སོང་། སློབ་ཚན་མང་ཤས་ཀྲུའུ་ཞིའི་གསུང་བཏུས་དང་། ཡང་ན་གསུང་བཏུས་དང་འདྲ་བར་ཡོད་པ་དོན་དངོས་རེད། སློབ་གྲྭར་སོང་མ་སོང་ཀུན་དང་། ན་ཚོད་སོན་མིན་ཐམས་ཅད་ནས་ཀྲུའུ་ཞིའི་གསུང་བཏུས་བློ་ལ་ཤར་ཤར་ཐོན་མིན་ནི། ཁོ་དང་ཁོ་རང་ལྟ་བུ་དུས་ཐོག་དེའི་མི་སོགས་ཀུན་པོའི་བསོད་ནམས་དང་དབང་ཐང་ཆེ་ཆུང་ལ་བརྩི་་བ་རེད། མའོ་ཀྲུའུ་ཞིས་ཀྱང་རང་གི་མེས་པོ་གོང་མ་ཚོར་ལད་ཟློས་བྱ་སྲིད་པ་ཞིག་བདག་གིས་ཐོག་དང་པོར་ཐར་ལོའི་ཁ་ནས་ཐོས་པ་ཡིན་ཞེས་པ། ཕོ་གཏམ་ངོ་དང་། དྲེག་ནག་ཆུ་ཡིན། ཐ་མ་ཐར་ལོས་བསྐྱར་ཏུ་པར་ལེན་དགོས་བྱུང་བ་དང་། མའོ་ཀྲུའུ་ཞིའི་གསུང་བཏུས་ཀྱང་བློ་ཐོག་ནས་མ་ཐོན་པ་དེ། ཐར་ལོ་སེམས་འཁྲུགས་པས་མ་ཡིན་པར་དུས་ཀྱིས་དེད་པའི་ཁོའི་འགྱུར་བ་ཆེས་ཤས་དེ་ཡིན་ནོ།ཞེས་ཚོར་ཤུགས་ཕལ་བའི་ར་བ་ལས་འགོང་བའི་སྒྱུ་རྩལ་ལ་སྒྱུ་རྩལ་དཔྱོད་ཤེས་ཀྱིས་ཚད་ཐིག་ཅིག་བླངས་པ་འདི་ནི། རང་རེར་བུ་སྐྱེས་འགོ་ཞིག་གི་དོན་སྒོར་སྒང་བསང་ཞིག་གི་ཚབ་་ཏུ་ཨ་ཚོགས་མཁས་བཙུན་གྱིས་གནའ་མཁར་ཟི་ལིང་ནས་རང་ཡུལ་བྲག་དཀར་རྫོང་ལ་བསྐྱོད་པའི་ལམ་ཁར་བྲིས།

ཕྱི་ལོ་ 2016 /12 / 30 ཉིན།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese