མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་བདག་དབང་ཧོང་ཀོང་མི་མང་ལ་ཡོད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རོའུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལ་ལྟར་ན། ཁ་སང་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་འབྲེལ་མཐུད་ལས་ཁུངས་ཀྱིས་ཧོང་ཀོང་གི་རང་དབང་དམངས་གཙོ་དོན་གཉེར་བ་ཚོར་རྒྱ་ནག་སྐམ་ས་ཆེན་མོའི་ཆབ་སྲིད་མགོ་རྟིང་སློག་འཇུག་གི་མིན་ལ་རྒྱལ་ཁབ་གཞན་ལ་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་ཀྱང་བྱེད་འཇུག་གི་མིན་ཟེར།

TibetTimes4

རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས་སུ། ཀྲང་ཞོ་མིན་ (Zhang Xiaoming) གྱིས། “ཧོང་ཀོང་གི་རང་དབང་དམངས་གཙོ་རྩོད་ལེན་པ་དང་གཞོགས་འབྲེལ་རྒྱལ་ཁབ་ཁག་ལ་ཧོང་ཀོང་གི་གནད་དོན་ལ་བརྟེན་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་སྲིད་དོན་བདེ་འཇགས་ལ་གཏོར་བརླག་བྱེད་དུ་མི་འཇུག་ལ། དབུས་སྲིད་གཞུང་གི་དབང་འཛིན་དཔོན་རིགས་དང་ཧོང་ཀོང་གི་གཞི་རྩའི་རྩ་ཁྲིམས་བསྒྱུར་བཅོས་རྩོད་གླེང་བྱེད་དུ་མི་འཇུག སྐམ་ས་ཆེན་མོའི་སྤྱི་ཚོགས་ཆབ་སྲིད་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་ལས་འགུལ་གང་ཡང་སྤེལ་དུ་མི་འཇུག” ཅེས་སོགས་བཤད་འདུག

ཟླ་སྔོན་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་པ་ལུང་ཁྲུན་ཡེན་ (Leung Chun-ying) ལ། “རྒྱ་ནག་དབུས་གཞུང་ནས་ཧོང་ཀོང་གཞུང་གིས་ཀོང་ཧོང་རང་བཙན་དང་འབྲེལ་བའི་ལས་འགུལ་རིགས་འགོག་སྡོམ་བྱེད་བཞིན་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།” ཅེས་བཤད་ཡོད་འདུག

གཞན། དེ་རིང་ཀོང་ཧོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཁ་སང་ཡེ་ཤུ་འཁྲུངས་སྐར་ཉིན། ཧོང་མི་མང་ ༩༡༥༠ ལྷག་ཧོང་ཀོང་གྲོང་ཁྱེར་སྲང་ལམ་དུ་འཛོམས་ཏེ། “ཧོང་ཀོང་རང་བཙན་གྱི་བདག་དབང་ཧོང་ཀོང་མི་མང་ལ་ཡོད། ས་གནས་གྲོས་ཚོགས་ནང་མི་མང་གིས་བདམས་པའི་ཧོང་ཀོང་རང་བཙན་དོན་གཉེར་བའི་འཐུས་མི་འཇོག་དགོས” ཞེས་པའི་འཕྲེད་དར་དང་འབོད་ཚིག་བསྒྲགས་ཏེ། ཧོང་ཀོང་གྲོང་ཁྱེར་སྲང་ལམ་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་། དེ་ནི་ཉེ་ལམ་ཧོང་ཀོང་གཞུང་གིས་ཧོང་ཀོང་རང་བཙན་དང་དམངས་གཙོ་དོན་གཉེར་བའི་ས་གནས་འཐུས་མི་ ༤ གྲོས་ཚོགས་དམ་འབུལ་གྱི་སྔ་རྗེས་སུ་ཕྱིར་འཕུད་བཏང་བའི་གནད་དོན་དང་འབྲེལ་ཏེ་བྱུང་བ་ཞིག་ཡིན་འདུག

མི་མང་གི་རྔམ་སྟོན་ཁྲོམ་སྐོར་སྐབས། ཧོང་ཀོང་དམངས་གཙོ་དོན་གཉེར་བ་ཧུང་ཀྲི་ཧྥིང་ (Huangzhi Feng) གིས། ཧྥ་རན་སིའི་གསར་ཁང་ (AFP) གི་གསར་འགོད་པར། “ཧོང་ཀོང་སྲིད་གཞུང་གིས་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་སྟེ། ཐབས་བྱུས་སྣ་ཚོགས་འོག་ཧོང་ཀོང་རང་བཙན་དང་དམངས་གཙོ་དོན་གཉེར་བ་ཚོར་ཐུབ་ཚོད་གཏོང་གི་ཡོད་པ་དང་། དབྱིན་ཇི་གཞུང་གིས་ཧོང་ཀོང་གི་བདག་དབང་རྒྱ་ནག་དབུས་གཞུང་ལ་རྩིས་སྤྲད་དེ་མི་ལོ་ ༢༠ འགྲོ་བཞིན་ཡོད་ནའང་། ང་ཚོས་ད་ལྟའི་ཧོང་ཀོང་གི་སྲིད་དོན་གནས་སྟངས་ལ་ལྟ་དུས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེ་ནོར་འཁྲུལ་ཞིག་ཏུ་མཐོང་གི་འདུག” ཅེས་བརྗོད་འདུག

ཧོང་ཀོང་གཞུང་ཞབས་ཟུར་བ་ཕི་གྷེ་ནག་ (Peggy Ng) ཟེར་བ་ཞིག་གིས། ཧོང་ཀོང་ས་གནས་འཐུས་མི་བཞིས་བཟོས་བའི་རྩོད་རྙོག་དེས། ཧོང་ཀོང་གི་འབྱུང་འགྱུར་དང་མི་མང་གི་མངོན་འདོད་བཅས་ལ་སེམས་འཁྲལ་བསླངས་ཡོད་ནའང་ང་ཚོའི་མི་རབས་རྗེས་མ་ཚོས། ད་ལྟའི་ང་ཚོ་ནང་བཞིན་ཧོང་ཀོང་ནང་རང་དབང་ལོངས་སུ་སྤྱོད་ཐུབ་པ་མངོན་གསལ་རེད། ཅེས་བཤད་ཡོད་འདུག

གནས་ཚུལ་ལྟར་ན། ད་ལྟའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་པ་ལུང་ཁྲུན་ཡེན་གྱིས། ཁོའི་ནང་མི་དང་འབྲེལ་བའི་གནད་དོན་འགའ་ཞིག་གི་དབང་གིས་ཁོ་རང་འདི་ལོའི་ཧོང་ཀོང་སྤྱི་ཁྱབ་པ་འདེམས་བསྐོའི་བྱ་འགུལ་ནང་མཉམ་ཞུགས་བྱ་རྒྱུ་མིན་ཚུལ་བརྗོད་ཡོད་འདུག

འཆར་ཟླ་ ༣ པའི་ནང་པེ་ཅིན་ཕྱོགས་གཏོགས་ཀྱི་མི་སྣ་ ༡༢༠༠ གྲུབ་པའི་འོས་བསྡུའི་ཚོགས་ཆུང་བརྒྱུད། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་པ་འདེམས་བསྐོ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese