མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པས་མི་མང་ནང་མེ་མདའ་བརྒྱབ་ནས་མི་ ༣༩ བསད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དྲག་སྤྱོད་པ་ཞིག་གིས་ཡེ་ཤུ་ལོ་གསར་སྤྲོ་ཚོགས་སྟེང་མི་མང་ནང་གང་བྱུང་མེ་མདའ་བརྒྱབ་སྟེ་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ ༢༥ ནས་ཡོང་བའི་མི་ ༣༩ བསད་པ་དང་མི་ ༧༠ རྨས་སྐྱོན་བཟོས་རྗེས་བྲོས་ཡོད་འདུག

8156398-3x2-700x467ཁ་སང་དགོང་མོའི་ཐོ་རངས་ཆུ་ཚོད་ ༡།༡༥ ཙམ་ལ་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་སི་ཊན་བྷུལ་ (Istanbul) གྲོང་ཁྱེར་ནང་ཡོད་པའི་རེ་ན་ (Reina) དགོང་ཚོགས་ཁང་དུ། ལག་ཏུ་མེ་མདའ་ཐོགས་པའི་སྐྱེས་པ་ཞིག་གིས་ཚོགས་ཁང་དེའི་སྒོ་སྲུང་བ་དང་ཡུལ་མི་གཅིག་བསད་རྗེས། སྤྲོ་ཚོགས་ཁང་ནང་དུ་ཡོང་ནས་མི་ཚོགས་ནང་གང་བྱུང་མེ་མདའ་བརྒྱབ་ནས་མི་ ༣༩ བསད་པ་དང་མི་ ༧༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག ཚོགས་ཁང་དེའི་ནང་འཛམ་གླིང་ཤར་ནུབ་རྒྱབ་ཁབ་ ༢༥ ནས་ཡིན་པའི་རྩེད་འགྲན་པ་དང་གློག་བརྙན་འཁྲབ་སྟོན་པ། གསར་འགོད་པ་དང་གཞས་པ་སོགས་ཁྱོན་ལྟད་མོ་བ་ ༦༠༠ ལྷག་འཛོམས་ཏེ་ཡེ་ཤུ་ལོ་གསར་ལ་རོལ་བཞིན་ཡོད་འདུག

ཚོགས་ཁང་དེའི་པར་ལེན་འཕྲུལ་ཆས་ནང་ཤར་བ་ལྟར་ན། དྲག་སྤྱོད་པ་དེས་ལྭ་ནག་པོ་དང་རྒྱབ་ཏུ་ཁུག་མ་ནག་པོ་ཞིག་འཁུར་ཏེ་ལག་ཏུ་མེ་མདའ་རིང་པོ་ཞིག་བཟུང་ཡོད་འདུག ཁོས་མི་ཚོགས་ནང་མེ་མདའ་གང་བྱུང་བརྒྱབ་སྟེ་མི་མང་པོ་བསད་རྗེས་ལག་གི་མེ་མདའ་གཡུགས་ཏེ། ཕྱི་ལོགས་སུ་འབྲོ་བཞིན་པའི་མི་ཚོགས་དང་མཉམ་དུ་ཕྱི་ལ་བྲོས་ཡོད་འདུག ལྟད་མོ་བ་རེ་འགས་མི་གསོད་ལག་དམར་དེས་མི་མང་པོ་བསད་རྗེས། ཉེ་འགྲམ་གྱི་བྷོ་སི་ཕོ་རུ་ (Bosporus) གཙང་བོའི་ནང་མཆོངས་ཏེ་བྲོས་ཡོད་སྐོར་བརྗོད་འདུག

ཊུར་ཀིའི་ནང་སྲིད་བློན་ཆེན་སེ་ལུ་ (Soylu) ལགས་ཀྱིས་ད་སྔ་མི་གསོད་ལག་དམར་དེ་རྒྱལ་ཁབ་གང་ནས་ཡིན་པ་དང་འཇིགས་སྐུལ་ཤོག་ཁག་གང་ལ་འབྲེལ་བ་ཡོད་མེད་ཤེས་རྟོགས་ཐུབ་མེད་ཀྱང་། ཊུར་ཀིའི་རྒྱལ་སྲུང་དྲག་ཆས་དམག་དཔུང་གིས་རྟོགས་ཞིབ་བྱས་ཏེ། ལག་དམར་དེ་མི་འགྱང་བར་འཛིན་བཟུང་བྱ་རྒྱུ་ཡིན། ཞེས་སྐོར་བརྗོད་འདུག

ཊུར་ཀིའི་སྲིད་འཛིན་ཨར་ཌོ་གྷན་ (Erdogan) ལགས་ཀྱིས། ༢༠༡༧ ལོའི་གནམ་ལོ་གསར་ཚེས་ཀྱི་ཆུ་ཚོད་དང་པོའི་ཐོག་དྲག་སྤྱོད་པས། ཨ་སི་ཊན་བྷུལ་གྲོང་ཁྱེར་ནང་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བཟོས་པར་སྐྱོན་བརྗོད་དང་། འདས་གྲོངས་ཕྱིན་པའི་མི་མང་གི་ནང་མི་ཚོར་སེམས་གསོ་དང་དགོངས་སེལ་ཞུས་ཡོད་འདུག

གནས་ཚུལ་ལྟར་ན། འཇིགས་སྐུལ་བ་དེས་བསད་པའི་མི་མང་ཆེ་བ་ཞིག་དཀྱིལ་ཤར་ཡུལ་གྲུ་ཁག་ནས་ཡིན་པ་དང་། རྒྱ་གར་གྱི་མི་ཡང་ཡོད་འདུག གཞན་ཨ་རི་དང་སྦེལ་ཇམ། ཧྥ་རན་སི། ལི་བྷན་ནོན། ཀུ་ཝེ་ཊེ། ཁེ་ན་ཌ་སོགས་ནས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese