མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡར་ད་དུང་ལག་རྩལ་དེ་འདྲ་ཨ་ཡོད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བྱང་ཀོ་རི་ཡིས་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱ་འཆར་ཡོད་པ་དེ་གླིང་ཕྲན་གཉིས་ནང་སྙོབ་ཐུབ་ཚུལ་བསྒྲགས་པ་དེར་ཨ་རིའི་བདམས་ཐོན་སྲིད་འཛིན་ཊི་རུམ་ཕི་ཡིས་ཡིད་ཆེས་མེད་ཟེར།

TibetTimes

ཟླ་འདིའི་ཕྱི་ཚེས་ ༡ ཉིན་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་གྱིས་ཨ་རིས་ལྷོ་ཀོ་རི་ཡ་དང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱེད་བཞིན་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་གསར་བཟོ་དང་ཚོད་ལྟ་བྱེད་པར་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཀྱང་། བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཅིག་ལ་སླེབ་ཐུབ་པའི་མེ་ཤུགས་འཕུར་མདའ་ (ICBM) དང་རྡུལ་ཕྲན་མཚོན་ཆ་གསར་བཟོ་དང་ཚོད་ལྟ་བྱ་སྲིད་སྐོར་བརྗོད་པ་དེར། ཁ་སང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ཡིས་ཊི་ཝེ་ཊིར་ (Twitter) སྟེང་ལན་འདེབས་ཤིག་བྱས་ཡོད་པའི་ནང་། “བྱང་ཀོ་རི་ཡས་གསར་དུ་བཟོས་པའི་མེ་ཤུགས་འཕུར་མདའ་དེ་བྱང་ཀོ་རི་ཡ་ནས་ཨ་རིར་སྙོབ་ཐུབ་ཚུལ་བཤད་ཡོད་ཀྱང་ད་ལྟའི་ཆར་དེ་འདྲ་འབྱུང་སྲིད་ཀྱི་མ་རེད།” ཅེས་བརྗོད་འདུག

ཁོས་མུ་མཐུད་དུ། བྱང་ཀོ་རི་ཡས་གླིང་ཕྲན་གཅིག་ནས་གཅིག་ལ་སླེབ་ཐུབ་པའི་མེ་ཤུགས་འཕུར་མདའ་ (ICBM) གསར་བ་ཞིག་ལག་འགྲུབ་ཀྱིས་ཚོད་ལྟ་བྱ་འཆར་ཡོད་པའི་སྐོར་ལ་སྐྱོན་བརྗོད་དང་། རྒྱ་ནག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུལ་མདའ་གསར་བཟོ་དང་ཚོད་ལྟ་བྱ་བར་འགོག་སྡོམ་བྱེད་དགོས་པ། དེ་བཞིན། འདི་ལོའི་ཕྱི་ ༡ ཚེས་ ༢༠ རྗེས་ནས། རྒྱལ་ཚོགས་ཀྱི་ལས་གཞི་ཁག་ཅིག་དང་འབྲེལ་བའི་ཨ་རིའི་ཕྱི་སྲིད་ལ་འགྱུར་བ་འགྲོ་སྲིད་སྐོར་སོགས་བརྗོད་འདུག

ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཚོང་འབྲེལ་སྐོར་ལ་ཁོས། “ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཉོ་འཚོང་ལས་རྒྱ་ནག་ལ་ཁེ་བཟང་ཕོན་ཆེན་པོ་རག་གི་ཡོད་ནའང་། རྒྱ་ནག་གིས་ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་གྱི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སྣང་མེད་དུ་གཏོང་གི་ཡོད་སྟབས། ཕྱོགས་གཉིས་བར་གྱི་མ་འོངས་ཉོ་འཚོང་འབྲེལ་ལམ་ལ་འགྱུར་བ་གཏོང་སྲིད” ཅེས་བརྗོད་འདུག

གནས་ཚུལ་ལྟར་ན། དེང་སྐབས་སྐུ་ཞབས་ཊི་རུམ་ཕི་ཡིས། ཕྱོགས་གཅིག་ནས་ཨ་རྒྱ་གཉིས་བར་གྱི་ཉོ་འཚོང་ཁེ་ལས་ལ་སྐྱོན་བརྗོད་དང་། ཕྱོགས་གཞན་ཞིག་ནས། ཨུ་རུ་སུ་དང་ཨ་རི་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏང་འཆར་ཡོད་པ་དང་། དེ་བཞིན། འཆར་ཟླ་ ༣ པའི་ནང་། སྐུ་ཞབས་ཊི་རུམ་ཕི་ཡིས་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་དང་ལྷན་དུ། བྱང་ཀོ་རི་ཡའི་རྡུན་ཕྲན་གསར་བཟོ་དང་ཚོད་ལྟའི་གནད་དོན་སྐོར་ལ་ཐད་ཀར་འབྲེལ་མོལ་བྱ་འཆར་ཡོད་པ་མ་ཟད། ཁོང་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ནག་གཞུང་ལ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་བར་གྱི་འབྲེལ་ལམ་གཅོད་དགོས་པའི་གནོན་ཤུགས་སྤྲོད་འཆར་ཡང་ཡོད་འདུག

སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རྒྱ་གཉིས་བར་གྱི་ཉོ་འཚོང་དང་། བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་བཅས་ལ་སྐྱོན་བརྗོད་བྱས་པ་དེ་ནི། ཟླ་སྔོན་མའི་ཕྱི་ཚེས་ ༡༧ ཉིན། རྒྱ་ནག་གི་མཚོ་དམག་རུ་ཁག་ཅིག་གིས། ཨ་རིའི་མཚོ་འོག་ལྟ་ཞིབ་ཚད་ལེན་ཆུ་འཛུལ་ཡོ་བྱད་ཅིག་ཁྱེར་བའི་རྩོད་རྙོག་དང་འབྲེལ་ཏེ་བཤད་པ་ཞིག་ཡིན་འདུག

འདས་པའི་ལོ་ངོ་བཅུ་ཕྲག་ནང་ཨ་རི་དམིགས་འབེན་དུ་བཟུང་སྟེ། བྱང་ཀོ་རི་ཡས་སྔ་རྗེས་སུ་ཐེངས་ ༥ ལ་རྡུལ་ཕྲན་གསར་བཟོ་དང་ཚོད་ལྟ་བྱས་ཡོད་པ་མ་ཟད། ན་ནིང་གཅིག་པུར་མེ་ཤུགས་འཕུར་མདའ་མི་འདྲ་བ་ ༢༠ ལྷག་ལ་ཚོད་ལྟ་བྱས་ཡོད་འདུག ད་ལན་ཚོད་ལྟ་བྱ་འཆར་ཡོད་པའི་གླིང་ཕྲན་གཅིག་ནས་གཅིག་ལ་ཐོན་ཐུབ་པའི་མེ་ཤུགས་འཕུར་མདའ་ (ICBM) དེ་ནི་སྤྱི་ལེ་ ༥༥༠༠ རིང་ཚད་ལ་འཕུར་སྐྱོད་ཐུབ་པ་དང་། མེ་ཤུགས་འཕུར་མདའ་དེའི་རིགས་ཁ་ཤས་ཤིག་སྤྱི་ལེ་ ༡༠༠༠༠ ལྷག་གི་རིང་ཚད་ལ་འགྲོ་ཐུབ་ཀྱི་ཡོད་པ་དང་། བྱང་ཀོ་རི་ཡ་ནས་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡ་བར་སྤྱི་ལེ་ ༩༠༠༠ ལྷག་ཅིག་གི་རིང་ཚད་ལས་མེད་འདུག

རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་བ་སྐུ་ཞབས་གྷུ་ཊིར་རི་ (Guterres) ལགས་ནས། སི་རི་ཡ་དང་ལྷོ་སུ་ཌན། ཡི་མིན་དང་བྷུ་རུན་ཌེ། བྱང་ཀོ་རི་ཡ་སོགས་གཙོས་པའི་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ནང་འབྱུང་བཞིན་པའི་ཟིང་འཁྲུག་ཞི་འཇགས་སུ་བཏང་སྟེ། ཕྱི་ལོ་ ༢༠༡༧ ལོ་ནི་ཞི་བདེ་ཡི་ལོ་ཞིག་ཏུ་བསྐྲུན་ཐབས་བྱེད་དགོས་པའི་སྐོར་ལ། ང་ཚོས་མིག་མདུན་གྱི་མི་མང་ས་ཡ་མང་པོ་རྩོད་རྙོག་དང་དམག་འཁྲུག་གི་ཁྲོད་དུ་མུ་མཐུད་དཀའ་སྡུག་མྱོང་བཞིན་པར་ཇི་ལྟར་རོགས་སྐྱོར་བྱེད་རྒྱུ་ཡིན་ནམ། དྲག་པོའི་ཟིང་འཁྲུག་ཁྲོད་དུ་མི་སེར་རྣམས་ལ་རྡུང་རྡེག་ཐེབས་ཀྱི་ཡོད། བུད་མེད་དང་བྱིས་པ། སྐྱེས་པ་མང་པོ་རྨས་སྐྱོན་དང་དམར་གསོད། སོ་སོའི་ཡུལ་ལུང་ནས་ཕྱིར་འཕུད་གཏོང་བ། བདག་དབང་འཕྲོག་པ་དང་དབུལ་ཕོངས་ཀྱི་གནས་སུ་སྐྲོད་བཞིན་ཡོད་སྟབས། ཟིང་འཁྲུག་དེ་དག་གི་ཁྲོད་དུ། ང་ཚོར་ཕམ་ཉེས་མ་གཏོགས་རྒྱལ་ཁ་ཅི་ཡང་ཐོབ་མེད། ཕྱི་ལོ་ ༢༠༡༧ ནང་མི་སེར་དང་སྲིད་གཞུང་། དབུ་ཁྲིད་རྣམ་པ་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་དཀའ་སྡུག་དེ་དག་ལ་གདོང་ལེན་བྱེད་རྒྱུར་འབད་བརྩོན་གནང་དགོས། ཞི་བདེ་ནི་ང་ཚོ་ཚང་མའི་དམིགས་འབེན་དང་རེ་སྙེག་ཡིན་པས། ཞི་བདེ་ལ་བརྟེན་ནས། ང་ཚོས་འགྲོ་བ་མིའི་ཆེས་མཐོང་དང་རྩིས་ཐང་། རེ་བ་དང་འཕེལ་རྒྱས། དེ་བཞིན་འགྲོ་བ་མི་ཚང་མ་གཞིས་ཁྱིམ་གཅིག་ལྟར་འཚོ་ཐབས་སུ་འབད་བརྩོན་བྱེད་དགོས། འཛམ་གླིང་སྟེང་ཞི་བདེ་ཡོང་མིན་དེ་ང་ཚོ་ལ་རག་ལས་ཡོད། ཅེས་བརྗོད་འདུག

ཁོས་སྐུ་ཞབས་ཊི་རུམ་ཕི་ཡི་གནས་སྤོ་སྲིད་ཇུས་དང་འབྲེལ་ཏེ། ཁོངས་ཞུགས་རྒྱལ་ཁབ་ཚང་མ་མཉམ་འབྲེལ་ཐོག ད་ཆར་འཕྲད་བཞིན་པའི་དཀའ་རྙོག་ལ་གདོང་ལེན་བྱེད་དགོས། དེ་ནི་རྒྱལ་ཚོགས་ཀྱི་ལས་གཞི་གཙོ་བོ་ཡིན་པ་མ་ཟད། ད་དུང་ཨ་རི་གཙོ་བོར་འཛིན་པའི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་ཇུས་དང་ཡང་འབྲེལ་བ་ཡོད། ཅེས་བརྗོད་འདུག

སྐུ་ཞབས་གྷུ་ཊིར་རི་ཡི་གཏམ་བརྗོད་དེ་དང་འབྲེལ་ཏེ། ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་གི་ཊི་ཝེ་ཊིར་བརྒྱུད་ལམ་ནས། “ཟླ་འདིའི་ཕྱི་ཚེས་ ༢༠ རྗེས་ནས། རྒྱལ་ཚོགས་ཀྱི་ལས་གཞི་ཁག་ཅིག་དང་འབྲེལ་བའི་ཨ་རིའི་ཕྱི་སྲིད་ལ་འགྱུར་བ་འགྲོ་སྲིད། ལས་གཞི་དེ་དག་རྒྱལ་ཚོགས་ལ་མཚོན་ན་གལ་ཆེན་ཡིན་སྲིད་མོད། འོན་ཀྱང་དེ་ནི་སྲིད་དོན་མི་སྣ་ཁག་ཅིག་མཉམ་འཛོམས་ཀྱིས། གཞན་གྱི་སྲིད་དོན་ལ་ཐེ་གཏོགས་ཀྱི་སྐད་ཆ་བཤད་ནས་ཆུ་ཚོད་བསྐྱེལ་ཐབས་བྱས་པ་ཞིག་ཡིན་སྟབས། ཧ་ཅང་ཡིད་སྐྱོ་བ་ཞིག་རེད།” ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༢༡ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese