མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕི་ཡི་གཞུང་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་སྲིད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ་ལྷོ་རྒྱུད་མཚོ་ཁུལ་རྩོད་རྙོག་ལས་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ཐའེ་ཝན་དང་ཧོང་ཀོང་གི་གནད་དོན་ཡིན་སྐོར་བརྗོད་འདུག

TibetTimesཁ་སང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱལ་སྤྱིའི་འབྲེལ་ལམ་ལས་དོན་ཚོགས་འདུ་ཟེར་བ་ཞིག་ཚོགས་ཡོད་པ་དང་། དེར་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཁག་ཅིག་གི་སྲིད་དོན་ཉམས་ཞིབ་པ་ཚོས་གཏམ་བཤད་སྤེལ་སྐབས། མ་འོངས་པར་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་གང་འདྲ་ཆགས་མིན་དང་། ཐའེ་ཝན་དང་ཧོང་ཀོང་གི་གནད་དོན། དེ་བཞིན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་གླེང་འདུག

པེ་ཅིན་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་ལས་དོན་ཞིབ་འཇུག་ཚན་པའི་སློབ་སྟོན་པ་ཝང་ཅེ་ཚི་ (Wang Jisi)ཡིས། ཨ་རི་དང་རྒྱ་ནག་གཉིས་ཀྱི་གཞི་རྩའི་ཆབ་སྲིད་སྲིད་ལྟ་བ་མི་མཐུན་པར་བརྟེན་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་ཐེབས་རྒྱུ་ཡིན་པ་དང་། ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་གཞུང་སྐབས། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ད་ལྟའི་གནས་སྟངས་ལས་སྡུག་ཏུ་འགྲོ་སྲིད་སྐོར་སོགས་བཤད་ཡོད་འདུག

Wang Jisiཝང་ཅེ་ཚི་ཡིས། ང་རང་གི་ལྟ་ཚུལ་ལྟར་ན་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་ལས་ཀྱང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་། ཐའེ་ཝན་དང་ཧོང་ཀོང་གི་གནད་དོན་བཅས་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ང་ཚོར་མཚོན་ན། ཨ་རིས་བཟོས་པའི་འཇིགས་སྐུལ་ཆེ་ཤོས་དེ་དམག་དོན་དང་དཔལ་འབྱོར་འགྲན་རྩོད་མ་ཡིན་པར་ཆབ་སྲིད་ཡིན་པ་དང་། ཨ་རིའི་གཞུང་གིས་ནམ་རྒྱུན་རྒྱ་ནག་གི་ནང་སྲིད་ལ་ལག་པ་བརྐྱངས་ཏེ། རྒྱ་ནག་གི་སྲིད་དབང་འཛིན་པའི་དམར་ཤོག་ཚོགས་པ་མགོ་རྟིང་བསློག་འདོད་ཡོད་པར་མཐོང་གི་འདུག ཅེས་བརྗོད་འདུག

ཆིན་ཧྭ་སློབ་ཆེན་གྱི་དེང་དུས་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཚན་པའི་འགན་འཛིན་ཡན་ཞི་ཐོང་ (Yan Xuetong)ལགས་ཀྱིས། ཐའེ་ཝན་གྱི་གནད་དོན་ནི་ཊི་རུམ་ཕི་ཡིས་རྒྱ་ནག་ལ་འགོག་རྒོལ་བྱེད་པའི་ལག་ཆ་གཙོ་བོ་དང་། རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ཀྱི་དམིགས་འབེན་གལ་ཆེ་ཤོས་ཡིན་པ་དང་། དམིགས་འབེན་དེ་ལ་བརྟེན་ནས་ཊི་རུམ་ཕི་ཡིས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཉོ་འཚོང་འབྲེལ་ལམ་རྡོག་རོལ་བཏང་སྟེ། ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་ཉོ་འཚོང་མཉམ་འབྲེལ་བྱ་རྒྱུར་དམིགས་ཡོད་པ་དང་། དེ་སྔ་སྲིད་འཛིན་ཨོ་བྷ་མས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཉོ་འཚོང་འབྲེལ་ལམ་བཙུགས་ཏེ་ཨེ་ཤ་ཡའི་དཔལ་འབྱོར་འདུ་འགོད་སྙོམ་སྒྲིག་བྱས་ཡོད་ཀྱང་། སྐུ་ཞབས་ཊི་རུམ་ཕི་ཡིས་ཨོ་བྷ་མའི་ཉོ་འཚོང་སྲིད་བྱུས་དེ་གཏོར་བཤིག་བཏང་སྟེ་རྒྱ་ནག་དཀྱིལ་སྙིང་དུ་བཟུང་སྟེ། ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་གར་དང་སིང་གྷ་ཕོར། ཐའེ་ལན་ཌི་དང་ཝ་ཋི་ནམ། ཨུ་རུ་སུ་སོགས་ལ་ཉོ་འཚོང་འབྲེལ་ལམ་འཛུགས་འདོད་ཡོད་པ་རེད། ཅེས་བརྗོད་འདུག

Yan Xuetongཡན་ཞི་ཐོང་གིས་མུ་མཐུད་དུ། ཊི་རུམ་ཕི་ཡིས་ཨུ་རུ་སུར་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛིན་དོན་ནི། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས་ཊི་རུམ་ཕི་ཡི་སྲིད་འཛིན་འོས་འགྲན་ཐད་རྒྱབ་སྐྱོར་བྱས་པ་གཅིག་པུ་མིན་པར། ཨུ་རུ་སུས་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཆབ་སྲིད་ཀྱི་རྩེད་མོ་རྩེ་བཞིན་པ་དང་འབྲེལ་བ་ཆགས་ཡོད། དེར་བརྟེན། རྒྱ་ནག་གི་དཔོན་རིགས་ཚོས་ཊི་རུམ་ཕི་ཡི་སྐད་ཆ་རེ་རེ་བཞིན་ཉན་འཇོག་མི་བྱེད་པར། ཨ་རི་དང་རྒྱ་ནག་གཉིས་བར་གྱི་ཉོ་འཚོང་འབྲེལ་ལམ་ལ་བརྟེན་ནས། རྒྱ་ནག་གི་ཁེ་ཕན་ག་རེ་ཡིན་པ་དང་། ཁེ་ཕན་དེ་ཇི་ལྟར་འཐོབ་ཐབས་བྱེད་པའི་སྐོར་ལ་མནོ་བསམ་གཏོང་དགོས། ཞེས་བརྗོད་འདུག

གཞན། ཁ་སང་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཝང་ཡེས་ཁ་པར་སྐུད་ལམ་བརྒྱུད། ཨ་རིའི་རྒྱལ་དོན་དྲུང་ཆེ་རྗོན་ཀེ་རེ་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་དེ་བཟང་ཕྱོགས་ནས་ཡར་རྒྱས་གཏོང་དགོས་ལུགས་བཤད་ཡོད་པ་དང་། སྐབས་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་རྗོན་ཀེ་རེ་ཡིས་ཀྱང་ཝང་ཡེ་ལ། ཨ་རིའི་གཞུང་གིས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་ལྷོ་རྒྱུད་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་། ཐའེ་ཝན་མཚོ་འགག་དང་སྐམ་ས་ཆེན་མོ་གཉིས་བར་གྱི་ལས་དོན་འབྲེལ་མཐུད་པ་ཟུར་བ་ཝང་ཙི་ཞི་ (Wang Zaixi) ཟེར་བ་ཞིག་གིས། སྐུ་ཞབས་ཊི་རུམ་ཕི་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་ཆགས་རྗེས། ཐའེ་རྒྱ་གཉིས་བར་གྱི་འབྲེལ་ལམ་ད་ལྟའི་གནས་སྟངས་ལས་སྡུག་ཏུ་འགྲོ་སྲིད་པ་དང་། ཨ་རིའི་རྒྱབ་རོགས་ལ་བརྟེན་ནས་ཐའེ་ཝན་རང་བཙན་གྱི་དཔུང་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། རྒྱ་ནག་སྐམ་ས་ཆེན་མོས་དྲག་ཤུགས་ལ་བརྟེན་ཏེ་ཐའེ་ཝན་རང་བཙན་གྱི་རྩོད་གླེང་བཀག་བསྡོམས་བྱེད་དགོས་པ་དང་། ཐའེ་ཝན་གྱི་རྩོད་རྙོག་སེལ་ཐབས་གཙོ་བོ་དེ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་གསར་འགྱུར་བརྒྱུད་ལམ། ཕྱི་འབྲེལ་སྲིད་ཇུས་སོགས་ཡིན་ཚུལ་བཤད་འདུག

ཐའེ་ཝན་རྒྱལ་ཡོངས་གཙུག་ལག་སློབ་ཆེན་གྱི་སྲིད་དོན་དབྱེ་ཞིབ་པ་ཁྲང་ཡ་ཁྲུང་ (Chang Yachung)ལགས་ཀྱིས ལྕམ་ཚའེ་ཡེན་ཝན་གཞུང་གིས། ཕྱི་ལོ་ ༡༩༩༢ ལོར་བཞག་པའི་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་ཀྱིན་མེད་སྟབས། ཐའེ་པེ་དང་པེ་ཅིན་བར་གཞི་རྩའི་འབྲེལ་མོལ་འབྱུང་ཐབས་མེད་པ་དང་། ལྕམ་ཚའེ་ཡེན་ཝན་གྱིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མུ་མཐུད་གདོང་ལེན་བྱེད་ཀྱིན་ཡོད་པ་དང་། གནས་སྟངས་དེ་ལ་བརྟེན་ཏེ་ཐའེ་ཝན་གཞོན་སྐྱེས་ཁྲོད་རྒྱལ་ཞེན་ཤུགས་ཆེ་རུ་འགྲོ་གི་ཡོད་ཅིང་། གནས་སྟངས་དེ་པེ་ཅིན་གཞུང་གིས་མཐོང་འདོད་མེད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༡ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese