མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚའེ་ཡེན་ཝན་ཨ་རིའི་གྲོས་ཚོགས་འཐུས་མིར་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་ཨ་རིའི་གྲོས་ཚོགས་འཐུས་མིར་ཐུག་འཕྲད་གནང་བར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཡོད་ཀྱང་ཨ་རིའི་གྲོས་ཚོགས་འཐུས་མིས་དེ་ནི་རྒྱལ་སྤྱིའི་ཕྱི་འབྲེལ་སྲིད་ཇུས་དང་མཐུན་ཟེར།

དེ་རིང་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ཉི་མའི་ཉིན། ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་ཨ་མི་རི་ཁའི་དབུས་ཁུལ་རྒྱལ་ཁབ་ཁག་ཅིག་ནང་སྐོར་སྐྱོད་དུ་ཕེབས་བཞིན་པའི་ལམ་བར་དུ། ཨ་རིའི་མངའ་སྡེ་ཊཀ་སི་(Texas) ཡི་གྲོང་ཁྱེར་ཧུ་སི་ཊོན་ (Houston) ནང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊི་ཌ་ཁ་རུ་རྫ་ (Ted Cruz) ལགས་དང་མཇལ་འཕྲད་བྱས་ཏེ། དྲག་ཆས་ཉོ་འཚོང་དང་ཕྱི་འབྲེལ་སྲིད་ཇུས། དཔལ་འབྱོར་མཉམ་འབྲེལ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

TibetTimes

སྐུ་ཞབས་ཊི་ཌ་ཁ་རུ་རྫ་ལགས་ཀྱིས། ཐེངས་འདིའི་མཇལ་འཕྲད་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱོགས་གཉིས་བར་གྱི་དཔལ་འབྱོར་མཉམ་ལས་ནི། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་དོན་གལ་ཆེན་ཆགས་ཡོད་པ་དང་། ཐའེ་ཝན་མཚོ་འགག་གི་དཔལ་འབྱོར་ཁྲོམ་རྭར་འབྲེལ་ལམ་འཛུགས་རྒྱུ་ནི། ཊི་ཁི་སི་མངའ་སྡེའི་ཞང་ཕྱུགས་མང་ཚོགས་དང་དཔལ་འབྱོར་ལས་རིགས་ཁག་གི་ཁེ་ཕན་དང་འབྲེལ་བ་ཡོད། ཐའེ་ཝན་སྲིད་འཛིན་དང་ངེད་གཉིས་ཐུག་འཕྲད་མ་བྱུང་བའི་སྔོན་ཏག་ཏག་ལ། རྒྱ་ནག་གཞུང་གིས་ཧུ་སི་ཊོན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོར་གློག་འཕྲིན་བཏང་སྟེ། ཨ་རིའི་རྒྱལ་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་ཡེན་ཝན་ལ་ཐུག་འཕྲད་བྱེད་མི་ཆོག་ཅེས་བརྗོད་ཡོད་པ་རེད། ཡིན་ནའང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས། ཨ་རིའི་ནང་ང་ཚོ་རྒྱལ་ཁབ་གཞན་གྱི་ལྟ་སྐོར་བ་སུ་ཞིག་ལ་མཇལ་འཕྲད་བྱེད་མིན་དེ་ང་ཚོ་རང་ངོས་ནས་ཐག་གཅོད་དགོས་པ་ཤེས་དགོས། ང་ཚོ་མི་སྣ་སུ་ཞིག་ལ་ཐུག་འཕྲད་བྱེད་མིན་རྒྱ་ནག་གིས་བཙན་བཀའ་བཏང་མི་ཆོག མ་འོངས་པར་ང་ཚོ་མུ་མཐུད་དུ་ཐའེ་ཝན་མཚོ་འགག་ཚུད་པའི་རྒྱལ་ཁབ་གཞན་གྱི་མི་སྣ་ཚོར་ཐུག་འཕྲད་བྱ་རྒྱུ་ཡིན་ལ། དེ་ནི་རྒྱལ་སྤྱིའི་ཕྱི་འབྲེལ་སྲིད་ཇུས་དང་མཐུན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། གལ་ཏེ་ཊི་རུམ་ཕི་ཕོ་བྲང་དཀར་པོའི་ནང་བསླེབས་རྗེས། ཁོས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མ་བྱས་ཚེ། རྒྱ་ནག་མི་མང་གིས་ཊི་རུམ་ཕི་གཞུང་ལ་ཡ་ལན་བསློག་ངེས་ཡིན་ལ། ཨ་རི་དང་ཐའེ་ཝན་གཉིས་བར་ཉོ་འཚོང་གི་འབྲེལ་ལམ་བཟུང་མི་ཆོག སྐམ་ས་ཆེན་མོས་ཐའེ་ཝན་མཚོ་འགག་གི་ཕྱི་འབྲེལ་སྲིད་ཇུས་དང་དམག་དོན་ཐོག་སྔར་ལྷག་གནོན་ཤུགས་སྤྲོད་ངེས་ཡིན། ཚའེ་ཡེན་ཝན་གྱི་ཁོ་མོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་མཇུག་འབྲས་ལ་འགན་འཁུར་དགོས། ཞེས་སོགས་བཀོད་འདུག

ཟླ་འདིའི་ཕྱི་ཚེ་ ༧ ཉིན་ལྕམ་ཚའེ་ཡེན་ཝན་གྱིས། ཐའེ་ཝན་མི་མང་གི་སེམས་ནང་ཨ་རིའི་རྒྱལ་ཁབ་ལ་གོ་གནས་གལ་ཆེན་བཟུང་ཡོད། ཕྱོགས་གཉིས་བར་གྱི་འབྲེལ་མོལ་ལ་བརྟེན་ནས། ཐའེ་ཝན་མཚོ་འགག་གིས་དངོས་ཟོག་དང་དྲག་ཆས་ཉོ་འཚོང་། དེ་བཞིན། མ་དངུལ་འཛུགས་སྐྲུན་སོགས་བརྒྱུད་ནས་ཨ་རིའི་ནང་ལས་རིགས་མི་འདྲ་བ་ ༣༢༠༠༠༠ ལྷག་མཁོ་འདོན་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ཏེ། པེ་ཅིན་ཕྱོགས་ནས། ཨ་རིའི་གཞུང་གིས་ལྕམ་ཚའེ་ཡེན་ཝན་ཨ་རིའི་ནང་གནས་སྡོད་བྱེད་དུ་བཅུག་མི་ཆོག་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་ལམ་ལུགས་འོག ལྕམ་ཚའེ་ཡེན་ཝན་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་དཔོན་རིགས་སུ་ལའང་ཐུག་འཕྲད་བྱེད་པའི་ཐོབ་ཐང་མེད་ལུགས་བཤད་འདུག

སྐུ་ཞབས་ཊི་རུམ་ཕི་ཡིས། ཁོང་གིས་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྲིད་འཛིན་ལས་འཁུར་མ་ཞུས་སྔོན་ལ་རྒྱལ་ཁབ་གཞན་གྱི་དཔོན་རིགས་ཚོར་ཐུག་འཕྲད་བྱས་ན་སྟབས་བདེ་མིན་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese