མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་གི་གཉེན་ཚན་གཞུང་གི་ལས་སྣེ་ལ་བསྐོ་མི་ཆོག

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལ་ཊི་རུམ་ཕི་ཡིས་རང་གི་བུ་མོའི་མག་པ་རང་གི་སློབ་སྟོན་པར་བསྐོ་བཞག་བྱས་ཡོད་འདུག

TibetTies1

དེ་རིང་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལ་ཊི་རུམ་ཕི་ཡིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོ་རང་གི་བུ་མོའི་མག་པ་སྐུ་ཞབས་ཇ་རེཌ་ཀུ་ཤི་ནིར་(Jared Kushner)ལགས་ཁོ་རང་གི་སློབ་སྟོན་པར་བསྐོ་བཞག་བྱས་ཡོད་ཚུལ་བརྗོད་འདུག

༢༠༡༦ ལོའི་སྔོན་ལ་སྐུ་ཞབས་ཀུ་ཤི་ནིར་ཆབ་སྲིད་དང་འབྲེལ་བ་དེ་ཙམ་མེད་ཀྱང་། སྲིད་འཛིན་འོས་ཐོབ་པ་ཊི་རུམ་ཕི་ཨ་རིའི་སྲིད་འཛིན་འོས་མི་བཞེངས་པའི་ལས་རིམ་ནང་། ཁོས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོན་དང་རོགས་རམ་ཤུགས་ཆེན་པོ་བྱས་ཡོད་སྟབས། ཊི་རུམ་ཕི་ཧ་ཅང་མཉེས་པོ་དང་ཡིད་ཆེས་བྱུང་ཡོད་འདུག ཊི་རུམ་ཕིས་གསར་ལམ་དུ། “འོས་བསྡུའི་ལས་རིམ་ནང་ཀུ་ཤི་ནིར་གྱིས་ང་ལ་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་དང་ཡིད་རྟོན་རུང་བའི་སློབ་སྟོན་བྱས་བྱུང་བས་ང་ཁོང་ལ་སྤོབས་པ་ཡོད།” ཅེས་བརྗོད་ཡོད་པ་རེད།

ཇ་རེཌ་ཀུ་ཤི་ནིར་ནི་ད་ལྟ་རང་ལོ་ ༣༥ ཡིན་པ་དང་། ༢༠༠༩ ལོར་ཊི་རུམ་ཕིའི་བུ་མོ་ཨ་ཝེན་ཀ་ཊི་རུམ་ཕི་(Ivanka Trump)དང་གཉེན་སྒྲིག་བྱས་ཡོད་འདུག ཨ་རིའི་ཝ་ཤིན་ཏོན་ཆ་འཕྲིན་གྱིས་གནས་ཚུལ་བཀོད་པ་ལྟར་ན། ཀུ་ཤི་ནིར་ནི་ལོ་ན་ཆུང་ཡང་མི་གཤིས་འཇམ་ཞིང་སྐད་ཆ་བཤད་མཁས་པ་དང་། སྲིད་འཛིན་འོས་བསྡུའི་སྐབས་ཊི་རུམ་ཕི་ལ་གང་ཐུབ་རོགས་པ་བྱས་པས། ཁོང་གཉིས་ཀྱི་འབྲེལ་བ་སྔར་ལྷག་ཇེ་བཟང་དང་ཇེ་ཟབ་ཏུ་ཕྱིན་ཡོད་པ་རེད། ཅེས་བཀོད་འདུག

ཀུ་ཤི་ནིར་དང་ཨ་ཝེན་ཀ་གཉིས་ཀྱིས་དེ་སྔ་ཊི་རུམ་ཕི་དགེ་རྩ་ཚོགས་པའི་ནང་འགན་འཁུར་གཙོ་བོ་གནང་གི་ཡོད་ཀྱང་། མ་འོངས་པར་ཚོགས་པ་དེ་ནས་ལས་མཚམས་འཇོག་རྒྱུ་ཡིན་འདུག་ལ། ཨ་ཝེན་ཀ་ནི་གཞུང་འབྲེལ་གྱི་ལས་ཀར་ཞུགས་རྒྱུ་མིན་པར། རང་གི་ཕྲུ་གུ་གསོ་སྐྱོང་གིས་ཁྱིམ་ལས་གཉེར་རྒྱུ་ཡིན་འདུག

༡༩༦༧ ལོར་གཏན་འབེབས་བྱས་པའི་ཨ་རིའི་ཁྲིམས་ལུགས་ལྟར་ན། རང་གི་གཉེན་ཚན་རིགས་གཞུང་འབྲེལ་ལས་སྣེ་ལ་བསྐོ་བཞག་བྱེད་མི་ཆོག་སྟབས། ཐེངས་འདིར་སྐུ་ཞབས་ཊི་རུམ་ཕི་ཡིས་རང་གི་བུ་མོའི་མག་པར་བསྟོད་བསྔགས་དང་བཅས་ཏེ། ཕོ་བྲང་དཀར་པོའི་སློབ་སྟོན་པར་བསྐོ་བཞག་བྱས་པ་དེར། ཨ་རིའི་དམངས་གཙོ་ཚོགས་པས་སྐྱོན་བརྗོད་བྱས་ཡོད་ཀྱང་། ཊི་རུམ་ཕི་ཡིས་དེ་ལ་ཡ་ལེན་གང་ཡང་སྤྲད་མི་འདུག

ཟླ་འདིའི་ཚེས་ ༢༠ ཉིན་ཌོ་ནིལ་ཊི་རུམ་ཕི་ཡིས་ཨ་རིའི་སྲིད་འཛིན་ཐེངས་ ༤༥ པའི་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག

 

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    དུས་རབས་དང་བསྟུན་ནས་འཛམ་གླིང་གི་ལུང་པ་མང་པོའི་ནང་འགོ་འདྲེན་དང་ཕྱོགས་
    གཏོགས་ཤོག་སྒྲིལ་ལ་ཁ་ཕྱོགས་ནས་རང་དོན་སྒྲུབ་མཁན་ཤ་སྟག་ཡིན་ན་ཨ་རིའི་སྲིད་འཛིན་གྱི་བུ་མོའི་མག་པ་མ་ཟད་ཁོ་
    རང་གི་ནང་མི་ཚང་མ་ཨ་རིའི་ལས་བྱེད་ལ་བཞག་ཀྱང་ཧ་ལས་རྒྱུ་གང་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist