མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་ལ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་རྗེས་མའི་ནང་སུད་སིའི་ནང་རྒྱལ་སྤྱིའི་དཔལ་འབྱོར་ཚོགས་ཆེན་ཐེངས་ཞེ་བདུན་པ་ཚོགས་འཆར་ཡོད་པའི་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཉམ་ཞུགས་བྱ་རྒྱུ་ཡིན་པར་སུད་སིའི་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་འདུག

TibetTimes

དེ་རིང་རྒྱ་ནག་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་པོ་ཏུང་ (Li Baodong) གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༠ བར་ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་དཔལ་འབྱོར་གྲོས་མོལ་ཚོགས་ཆེན་ (WEF) ཐེངས་ ༤༧ པ་དེ་སུད་སིའི་གྲོང་རྡལ་ཌ་ཝོ་སི་ (Davos) ཡི་ (Swiss Alpine Resort) གསོལ་མགྲོན་ཁང་དུ་འཚོགས་འཆར་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཚོགས་ཆེན་སྟེང་མཉམ་ཞུགས་བྱ་རྒྱུ་ཡིན་སྟབས། ཞི་ཅིན་ཕིན་གྱི་སྐུ་ཚབ་ཚོགས་པ་ཞིག་སྔོན་ལ་སོང་ནས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་ཡི་གཞུང་འབྲེལ་དཔོན་རིགས་ཚོར་ཐུག་འཕྲད་བྱ་བར་གྲ་སྒྲིག་བྱེད་རྒྱུ་ཡིན་ཚུལ་བཤད་འདུག

ཐེངས་འདིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སུད་སིར་སྐོར་སྐྱོད་དང་བསྟུན་ཏེ། སྲིད་སིའི་གཞུང་གིས་སྲུང་སྐྱོབ་ཧ་ཅང་དམ་པོ་བྱེད་ཀྱིན་ཡོད་མེད་ལ་མ་ལྟོས་པར། སུད་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་བཅས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་འདུག སུད་སི་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་གསལ་བསྒྲགས་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༡༥ རེ་གཟའ་ཉི་མའི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་སུད་སིའི་རྒྱལ་ས་བྷན་དུ་ངོ་རྒོལ་ལས་འགུལ་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་། ཚེས་ ༡༨ ཉིན་ཇི་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ལི་པོ་ཏུང་གིས་བརྗོད་དོན། ཐེངས་འདིའི་རྒྱལ་སྤྱིའི་དཔལ་འབྱོར་ཚོགས་ཆེན་དང་བསྟུན་ནས། སྐུ་ཞབས་ཊི་རུམ་ཕི་ཡི་ཤོག་ཁག་དང་ཞི་ཅིན་ཕིན་གྱི་ཤོག་ཁག་གཉིས་བར་གྲོས་མོལ་གྱི་གོ་སྐབས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་ཞི་ཅིན་ཕིན་གྱི་ཚོགས་ཆེན་ཐོག་འཛམ་གླིང་རྒྱལ་ཁབ་ཐུན་མོང་གི་ཁེ་ལས་མཉམ་འབྲེལ་བྱེད་ཕྱོགས་ཐད་ལ་གཏམ་བཤད་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་མང་པོས་ཚོང་དོན་ཐོག་ནས་རྒྱ་ནག་ལ་ཉེས་འཛུགས་བྱེད་བཞིན་པ་དེ་དྲང་བདེན་མིན་སྟབས། པེ་ཅིན་གཞུང་གིས་གནད་དོན་དེའི་རིགས་ལ་མཐའ་གཅིག་ཏུ་ཡ་ལན་སློག་རྒྱུ་ཡིན་ལུགས་སོགས་བཤད་འདུག

ད་ལོའི་ཚོགས་ཆེན་ཐོག་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་གི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཁེ་ལས་སྡེ་ཁག་དང་རྒྱལ་སྤྱིའི་ཉོ་འཚོང་སྒྲིག་འཛུགས་ཁག བཟོ་ལས་དཔལ་འབྱོར་དང་གསར་འགྱུར་ལས་རིགས་བཅས་ཀྱི་དབུ་ཁྲིད་དང་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༢༥༠༠ ལྷག་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་། ཚོགས་ཆེན་སྟེང་དབུ་ཁྲིད་ཀྱི་འགན་འཁུར་ (Responsive Leadership) ཞེས་པའི་བརྗོད་གཞིའི་ཐོག ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་དཔལ་འབྱོར་འདུ་འགོད་ཐད་ཀྱི་དཀའ་རྙོག་ ༤ ཡི་ཐད་གྲོས་མོལ་བྱ་འཆར་ཡོད་པའི་དང་པོ་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་བྱེད་ཕྱོགས་དང་། གཉིས་པ་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས། གསུམ་པ་མ་རྩ་རིང་ལུགས་བཅོས་བསྒྱུར་གཏོང་ཕྱོགས། བཞི་བ་བཟོ་ལས་དཔལ་འབྱོར་གསར་བརྗེ་སྐབས་བཞི་བར་གྲ་སྒྲིག་བྱེད་ཕྱོགས་བཅས་ཡིན་པ་མ་ཟད། ད་དུང་ཚོགས་ཆེན་གྱི་ཟུར་དུ་བརྗོད་གཞི་མི་འདྲ་བ་གཞན་འགའི་ཐོག་ཏུའང་གྲོས་མོལ་ཚོགས་འདུ་ཆེ་ཆུང་ ༤༠༠ ཙམ་འཚོགས་འཆར་ཡོད་འདུག

TibetTimesརྒྱ་ནག་གཙོས་པའི་དེང་དུས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁག་གིས། ད་ལོའི་རྒྱལ་སྤྱིའི་དཔལ་འབྱོར་ཚོགས་ཆེན་གྱི་གོ་སྐབས་དང་བརྟེན་ཏེ། ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་བདམས་ཐོན་པ་སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་འཛིན་ལས་ཁུར་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༡༨ བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སུད་སིའི་ནང་སྐོར་སྐྱོད་བྱ་འཆར་ཡོད་པ་དང་། ཕྱི་ཚེས་ ༡༧ ནས་ ༢༠ བར་རྒྱལ་སྤྱིའི་དཔལ་འབྱོར་གྲོས་མོལ་ཚོགས་ཆེན་ཐོག་ཞུགས་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese