མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གལ་གནད་ལ་ཐུག་དུས་རང་དབང་དེ་དག་མི་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སུད་སིའི་ནང་གི་བོད་མི་ཚོས་ཇི་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་འདུན་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སུད་སིའི་ནང་སྐོར་སྐྱོད་བྱེད་བཞིན་པར་ངོ་རྒོལ་གནང་ཡོད་པ་རེད།

unnamed (21)

ཁ་སང་ཚེས་ ༡༧ ཉིན། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་གོ་སྒྲིག་འོག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སུད་སིར་སྐོར་སྐྱོད་བྱས་པ་དང་བསྟུན་ཏེ། སུད་སིའི་གྲོང་ཁྱེར་ཇི་ནེ་ཝའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་ཡོད་འདུག

སྐབས་དེར་སུད་སིའི་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་བོ་ལགས་ཀྱིས་བརྗོད་དོན། ང་ཚོས་ཟླ་བ་བཅུ་གཉིས་པའི་ཟླ་མགོ་ནས་སུད་སི་གཞུང་ལ་ངོ་རྒོལ་ཆོག་མཆན་ཞུས་ཀྱང་། ཁོང་ཚོས་གསུང་རྒྱུར་ཞི་ཅིན་ཕིན་བསླེབ་སྐབས་ངོ་རྒོལ་ལས་འགུལ་གང་ཉུང་ཉུང་ཞིག་ལ་བསམ་བློ་གཏོང་རོགས་ལབ་སོང་། དེ་ནས་ང་ཚོས་གྲོས་བསྡུར་བྱས་ཏེ་ཚེས་ ༡༥ ཉིན་རྒྱལ་ས་བྷེན་ལ་ངོ་རྒོལ་དང་ཚེས་ ༡༨ ཉིན་ཇི་ནེ་ཝར་ངོ་རྒོལ་བྱས་པ་རེད།

གཏམ་བཟང་ཞིག་ལ། བོད་དོན་ཞུ་གཏུག་གི་སྙན་ཞུ་ཞིག་ང་ཚོས་ཞི་ཅིན་ཕིན་ལ་བྲིས་ཏེ་སུད་སིའི་ཕྱི་སྲིད་ལས་ཁུངས་ལ་ཕུལ་ཡོད་པ་དེ་ཁོང་ཚོ་མཇལ་འཕྲད་སྐབས་ཚོང་འབྲེལ་གྱི་བདེ་འཇགས་ནང་ལ་འགྲོ་བ་མིའི་ཐོབ་ཐང་འཁོད་པའི་ཐོག་ནས་བོད་དོན་གླེང་སློང་བྱེད་པ་དང་། ང་ཚོས་ཕུལ་བའི་སྙན་ཞུ་དེ་རྒྱ་ནག་གཞུང་སྤྲོད་རྒྱུའི་ཁས་ལེན་གནང་བ་བཞིན་ལས་རིམ་དེ་འགྲོ་བཞིན་ཡོད།

ད་རེབ་ཚེས་ ༡༥ ཉིན་ང་ཚོར་དུས་ཚོད་ཐུང་ཐུང་ལ་མ་གཏོགས་སྐད་འབོད་ཆོག་མཆན་རག་མེད་ཀྱང་དོན་དག་ཧ་ལས་པ་ལེགས་འགྲུབ་བྱུང་སོང་། ཚང་མས་མཁྱེན་གསལ་ལྟར་འཛམ་གླིང་གི་གསར་འགྱུར་ཆེ་ཁག་ནང་བསླེབས་པའི་མི་ཚད། དེ་དང་འབྲེལ་ཏེ་བོད་དོན་གླེང་སློང་ཆེན་པོ་གནང་བ་དང་། འཛམ་གླིང་གི་གསར་འགོད་པ་དག་གིས་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་དང་། སུད་སི་གཞུང་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་མང་པོ་བྱས་ཡོད་པ་རེད།

དེ་རིང་གི་ལས་འགུལ་འདིར་མཚོན་ན། སང་ཉིན་ཞི་ཅིན་ཕིན་མཉམ་འབྲེལ་རྒྱལ་ཚོགས་ནང་འགྲོ་བཞིན་ཡོད་སྟབས། ང་ཚོར་ཉིན་དེ་རང་ལ་ངོ་རྒོལ་ཆོག་མཆན་མ་རག་ཀྱང་། ཁོ་རང་སང་ཉིན་མཉམ་འབྲེལ་རྒྱལ་ཚོགས་ནང་བསླེབ་སྐབས་བོད་དོན་གླེང་སློང་དགོས་པའི་སྙན་ཞུ་འབུལ་བཞིན་ཡོད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཚེས་ ༡༨ ཉིན་རྒྱལ་ཚོགས་ནང་འགྲོ་བཞིན་ཡོད་སྟབས། སྐད་འབོད་ཀྱི་ཉིན་མོ་སང་ཉིན་ཡིན་ཡང་སུད་སི་གཞུང་གིས་དུས་ཚོད་དེ་རིང་མ་གཏོགས་མ་སྤྲད་པ་རེད། སྤྱིར་བཤད་ན་སུད་སི་རྒྱལ་ཁབ་ནི་སྨྲ་བརྗོད་རང་དབང་དང་གཏམ་བརྗོད་ཀྱི་རང་དབང་། དེ་བཞིན། འདུ་འཛོམས་ཀྱི་རང་དབང་སོགས་རང་དབང་ཆ་ཚང་ཡོད་ཟེར་གྱི་ཡོད་ཀྱང་། གལ་ལ་ཐུག་ན་རང་དབང་དེ་དག་ལོངས་སྤྱོད་ཀྱི་གོ་སྐབས་སྤྲོད་ཀྱིན་ཡོད་པ་མ་རེད། དེ་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་རེད།

unnamed (20)ཁ་སང་བྷེན་ལ་སྐད་འབོད་གནང་སྐབས་དུས་ཚོད་ཀྱི་ཆོག་མཆན་ཡོད་མེད་ཅིག་གི་དབང་གིས་ཉེན་རྟོག་པས་མི་མང་པོ་ཞིག་འཇུ་བཟུང་བྱས་ཡོད་པ་རེད་དེ། ཡིན་ནའང་འཇུ་བཟུང་གནང་སྟངས་ཀྱི་ཐོག་ནས་བལྟས་པ་ཡིན་ན་ཧ་ལམ་མི་དེས་མཚོན་ཆ་ཆེན་པོ་ཞིག་ཁུར་ཡོད་པ་དང་འདྲ་བར་འཇུ་བཟུང་བྱེད་སྟངས་དེར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་ནང་དུ་འདི་འདྲ་ཞིག་ཡིན་ན་བོད་ནང་ལ་བཤད་མ་དགོས་པ་རེད། ཅེས་སོགས་བརྗོད་པ་དང་འབྲེལ་ཏེ་མ་འོངས་པར་བོད་མི་ཚོའི་ངོས་ནས་ཀྱང་ཁྲིམས་དང་ཆེ་མཐོང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ལས་འགུལ་དེར་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་བོ་ལགས་དང་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན། ས་གནས་བུད་མེད་ཚོགས་པའི་སྐུ་ཚབ་དང་། བོད་དོན་རྒྱབ་སྐྱོར་བ་དང་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་མི་José Amrein-Murer ལགས། སུད་སི་ས་གནས་དོན་གཅོད་ལས་ཁུངས་ཀྱི་ལས་མི་དང་སུད་སི་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སོགས་གཙོ་བྱས་ཏེ་ཕྱི་རྒྱལ་བ་དང་བོད་མི་ ༢༠༠ ལྷག་འཛོམས་ཡོད་འདུག

བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

 

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese