མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་དམ་འབུལ་གྱི་སྔོན་འགྲོའི་མཛད་སྒོ།

བོད་ཀྱི་དུས་བབ།
༢༠༡༧/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་སྲིད་འཛིན་སྐབས་ ༤༥ བའི་ལས་འཁུར་དམ་འབུལ་གྱི་སྔོན་འགྲོའི་མཛད་སྒོ་དེ་མི་མང་གི་དགའ་འབོད་དང་ངོ་རྒོལ་ཁྲོད་དུ་མགོ་འཛུགས་བྱས་འདུག

2af3931a5c3b63fea9418bf992b36bbd

མདང་དགོང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། མི་མང་གི་དགའ་འབོད་དང་ངོ་རྒོལ་ཟུང་འབྲེལ་ཐོག བདམས་ཐོན་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་ཡི་མི་མང་རང་བཞིན་གྱི་སྲིད་འཛིན་ལས་འཁུར་གྱི་སྔོན་འགྲོའི་མཛད་སྒོ་ཚོགས་ཡོད། སྐབས་དེར་སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་གི་སྐུ་ཟླ་མི་ལ་ནེ་ཡ་ (Melania) དང་ལྷན་དུ། ཨ་རིའི་སྲིད་འཛིན་སྐབས་ ༡༦ པ་ལེན་ཁུན་ (Lincoln) གྱི་དྲན་རྟེན་རྡོ་རིང་མདུན་དུ་ཕེབས་ཏེ། ཨ་རིའི་མི་མང་ཡོངས་ཀྱི་ཆེད་དུ། ཁོས་མ་འོངས་པར་ཨ་རི་སླར་ཡང་རླབས་ཆེན་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

མཛད་སྒོའི་ཐོག་མར་ཨ་རིའི་གཞས་སྣ་འཁྲབ་སྟོན་ཚོགས་པ་ (3 Doors Down) ཡིས་ (Make America Great Again) ཞེས་པའི་གླུ་གཞས་བཏང་རྗེས། སྐུ་ཞབས་ཊི་རུམ་ཕི་ཡིས་གཏམ་བཤད་སྤེལ་བར། དེ་སྔོན་ཁོང་གི་སྲིད་འཛིན་འོས་བསྡུའི་ལས་རིམ་ནང་། གཟེངས་སུ་ཐོན་པའི་འོས་བསྡུའི་གྲུབ་འབྲས་དེ་ལ། ཨ་རིའི་གཞུང་དམངས་ཡོངས་ཀྱིས་བསྔགས་བརྗོད་མ་བྱས་པ་དེ་ནི་ཡིད་སེམས་སྐྱོ་དགོས་པ་ཞིག་ཡིན་ཡང་། ཁོང་གིས་ཨ་རིའི་མ་འོངས་པའི་ཆེད་དུ། མུ་མཐུད་དུ་དཀའ་ལས་བསྐྱོན་ཏེ། སང་ཉིན་གྱི་སྲིད་འཛིན་དམ་འབུལ་ལ་རེ་སྒུག་བྱས་ཡོད་པ་དང་། ཨ་རིའི་རྒྱ་ཆེའི་མི་མང་ཡོངས་ཀྱི་ཆེད་དུ། ཁོས་ཨ་རིའི་རྒྱལ་ཁབ་ལ་སླར་ཡང་རླབས་ཆེན་བཟོ་རྒྱུ་དང་། ཁོས་མ་འོངས་པར་ཨ་རིའི་སྲིད་འཛིན་ལས་འཁུར་རིང་། རྒྱལ་དོན་ཧ་ཅང་ལེགས་པོར་བསྒྲུབ་པའི་གྲུབ་འབྲས་ལ་བརྟེན་ནས། ལོ་ངོ་ ༤ ཡི་རྗེས་སུ་ཁོ་ལ་སླར་ཡང་སྲིད་འཛིན་རྒྱལ་ཁ་འཐོབ་རྒྱུ་ཡིན་སྐོར་བརྗོད་འདུག

སྲིད་འཛིན་དམ་འབུལ་གྱི་སྔོན་འགྲོའི་མཛད་སྒོའི་ཟུར་དུ་སྐུ་ཞབས་ཊི་རུམ་ཕི་ལ་ངོ་རྒོལ་བྱེད་མཁན་བྷ་ཁོན་ (Bacon) གྱིས་གསར་འགོད་པར། གལ་ཏེ་ཁྱེད་རང་ཚོས་སྲིད་འཛིན་ཨོ་བྷ་མའི་འདས་པའི་ལོ་ངོ་ ༨ རིང་དཀའ་ལས་བརྒྱབ་པའི་གྲུབ་འབྲས་དེ་ལེགས་པོར་མཐོང་བ་ཡིན་ན། མ་འོངས་སྲིད་འཛིན་ཊི་རུམ་ཕི་ཡི་གཞུང་ལ་ཞེད་སྣང་སྐྱེ་ངེས་ཡིན། ཞེས་བརྗོད་འདུག

སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་འཛིན་དམ་འབུལ་ལ་ངོ་རྒོལ་བྱེད་མཁན་སར་ཀོ་ (Sarko) ཡིས་གསར་འགོད་པར། ང་སང་ཉིན་འཚོགས་འཆར་ཡོད་པའི་ཊི་རུམ་ཕི་ཡི་སྲིད་འཛིན་དམ་འབུལ་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན། ངས་ཊི་རུམ་ཕི་ཡི་མ་འོངས་པའི་ལོ་ངོ་ ༤ ཡི་སྲིད་འཛིན་ལས་འཁུར་རིང་མུ་མཐུད་ངོ་རྒོལ་བྱ་རྒྱུ་ཡིན། ཞེས་བཤད་འདུག

གཞན། ཊི་རུམ་ཕི་ཡིས་ཨུ་རུ་སུའི་ཐོག་འཛིན་པའི་སྲིད་ཇུས་ལངས་ཕྱོགས་དང་འབྲེལ་ཏེ། ཨ་རིའི་གྲོས་ཚོགས་འཐུས་མི་ ༦༠ ཡིས་ཊི་རུམ་ཕིའི་སྲིད་འཛིན་ལས་འཁུར་མཛད་སྒོར་ཞུགས་རྒྱུ་མིན་པ་མ་ཟད། ཊི་རུམ་ཕི་ཡི་སྲིད་འཛིན་དམ་འབུལ་ལ་ངོས་ལེན་མེད་སྐོར་ཡང་བརྗོད་ཡོད་པ་རེད།

ཨ་རིའི་མངའ་སྡེ་ ༣༦ དང་དབུས་ལས་ཁུངས་བཅས་ནས་བདེ་འཇགས་འགན་སྲུང་མི་ ༢༨༠༠༠ ལྷག་གིས་སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་འཛིན་དམ་འབུལ་མཛད་སྒོར་སྲུང་སྐྱོབ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese