མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་འབོད་དང་ངོ་རྒོལ་ཁྲོད་ནས་ཨ་རིའི་སྲིད་འཛིན་གྱིས་ལས་འཁུར་དམ་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༡༧/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་དམངས་གཉིས་ཀྱི་དགའ་འབོད་དང་ངོ་རྒོལ་ཁྲོད་དུ། སྐབས་ ༤༥ བའི་སྲིད་འཛིན་སྐུ་ཞབས་ཊི་རུམ་ཕི་ཡིས་ལས་འཁུར་དམ་འབུལ་ཞུས་ཡོད་པ་རེད།

000_KF3W2-e1484932054278-635x357

ཁ་སང་ཕྱི་ཚེས་ ༢༠ ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་ཕོ་བྲང་དཀར་པོའི་ (Capitol Hill) ཞེས་པའི་འདུ་རྭའི་ནང་། ཨ་རིའི་སྲིད་འཛིན་སྐབས་ ༤༥ བ་སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་འཛིན་ལས་འཁུར་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་སྟེང་ཨ་རིའི་སྲིད་འཛིན་སྐབས་ ༣༩ པ་སྐུ་ཞབས་(Jimmy Carter)མཆོག་བཟའ་ཟླ་གཉིས་དང་། སྐབས་ ༤༢ པ་སྐུ་ཞབས་བྷེལ་ཁི་ལེན་ཊོན་(Bill Clinton)བ ཟའ་ཟླ་གཉིས། སྲིད་འཛིན་སྐབས་ ༤༣ པ་སྐུ་ཞབས་ཇོར་ཅི་བྷི་ཤུ་ (George W. Bush) བཟའ་ཟླ་གཉིས། སྲིད་འཛིན་ལས་ཐོག་སྐུ་ཞབས་ཨོ་བྷ་མ་བཟའ་མི་གཉིས་བཅས་ཕེབས་ཡོད་པ་དང་། ཨ་རིའི་སྲིད་འཛིན་སྐབས་ ༤༡ པ་སྐུ་ཞབས་རྗོར་ཅི་ཨེ་ཆི་ཌ་བྷི་ཡུ་བྷི་ཤུ་ (George H. W. Bush) སྨན་ཁང་དུ་ཡོད་སྟབས་ཕེབས་ཐུབ་མེད་འདུག

ཐེངས་འདི་ནི་ཨ་རིའི་སྲིད་འཛིན་ཐོག་མ་རྗོར་རྗི་ཝ་ཤིན་ཊོན་ནས་སྲིད་འཛིན་ཊི་རུམ་ཕིའི་བར་གྱི་སྲིད་འཛིན་དམ་འབུལ་མཛད་སྒོར་ཞུགས་པའི་མི་གྲངས་ཉུང་ཤོས་དེ་ཆགས་ཡོད་པ་མ་ཟད། ཐེངས་འདིར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་སྲང་ལམ་ཁག་ཏུ་མི་མང་པོས་ཊི་རུམ་ཕིའི་ལས་འཁུར་མཛད་སྒོར་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་མ་ཟད། གྲོང་ཁྱེར་ནང་གི་ཁང་པའི་ཤེལ་སྒོ་དང་ལམ་ཟུར་གྱི་ཅ་དངོས་སོགས་བཅག་ཉིལ་དང་མེར་བསྲེགས་སོགས་བཏང་ཡོད་འདུག

སྐུ་ཞབས་ཊི་རུམ་ཕི་ཡིས་མཛད་སྒོའི་གཏམ་བཤད་གནང་སྐབས། ང་ཚོ་ཚང་མ་ཨ་རིའི་མི་སེར་ཡིན་པའི་ཆ་ནས། ཨ་རིའི་རྒྱལ་མང་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱེད་ཆད། དེ་རིང་ང་ཚོ་འདིར་འཛོམས་པ་རེད། མ་འོངས་ལོ་ངོ་ ༤ རིང་ང་ཚོ་མཉམ་འབྲེལ་གྱིས་འཛམ་གླིང་དང་ཨ་རིའི་རྒྱལ་ཁབ་ཀྱི་མདུན་ལམ་ཐག་གཅོད་དགོས་སྟབས། ང་ཚོས་དཀའ་རྙོག་མང་པོར་གདོང་ལེན་བྱ་དགོས་པ་དང་། ལོ་བཞི་རེའི་ནང་ཞི་བའི་ཐོག་ནས་ཨ་རིའི་སྲིད་དབང་ཕན་ཚུན་བརྒྱུད་སྤྲོད་བྱེད་ཀྱིན་ཡོད་པ་ལྟར། ཐེངས་འདིར་སྲིད་འཛིན་ཨོ་བྷ་མ་དང་ཁོང་གི་སྐུ་ཟླ་མེ་ཤལ་ཨོ་བྷ་མ་གཉིས་ནས་ཨ་རིའི་སྲིད་དབང་བརྒྱུད་སྤྲོད་ཐད་ལ་རོགས་རམ་ཆེན་པོ་གནང་བྱུང་། ཁོང་གཉིས་ཧ་ཅང་ཡག་པོ་རེད། ངས་ཐུག་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་སྲིད་འཛིན་དམ་འབུལ་མཛད་སྒོ་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་དོན། དེ་རིང་ང་ཚོས་ཨ་རིའི་སྲིད་དབང་དེ་དམངས་གཙོ་ཚོགས་པ་ནས་སྤྱི་མཐུན་ཚོགས་པར་བརྒྱུད་སྤྲོད་བྱེད་པ་ཙམ་མིན་པར། དེ་རིང་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་སྲིད་དབང་དེ་ཕྱིར་ཨ་རིའི་མི་མང་ལ་སྤྲོད་ཀྱི་ཡོད་པ་རེད། ཅེས་སོགས་བཤད་འདུག

16174888_901380699999072_6901303311709851375_n

མི་མང་སྟོང་ཕྲག་མང་པོ་རྒྱལ་ས་ཝ་ཤིན་ཊོན་དུ་འདུ་འཛོམས་ཀྱིས། “ཊི་རུམ་སྲིད་འཛིན་མིན” “མི་རིགས་དབྱེ་འབྱེད་མཁན་ལ་ཞེད་སྣང་ཆེ།” ཞེས་བྲིས་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། བདེ་སྲུང་ཉེན་རྟོག་པས་ཞི་རྒོལ་མི་མང་ ༢༧༠ ལྷག་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་འདུག

གཞན། སྐུ་ཞབས་ཊི་རུམ་ཕི་ཡིས་བུད་མེད་ལ་མཐོང་ཆུང་དང་དམའ་འབེབས་བྱས་རྐྱེན། ཁ་སང་ཨོ་སི་ཊིར་ལི་ཡ་ནང་སྐྱེས་པ་དང་བུད་མེད་ ༣༠༠༠ ལྷག་གིས་ཊི་རུམ་ཕི་ཡི་སྲིད་འཛིན་དམ་འབུལ་ལ་ངོ་རྒོལ་བྱས་ཡོད་པ་དང་། དེ་བཞིན། ནེའུ་ཙི་ལེན་ཊིའི་ནང་བུད་མེད་ ༢༠༠༠ ལྷག་འདུ་འཛོམས་ཀྱིས་ཊི་རུམ་ཕི་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་མ་ཟད། དེ་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ (sister marches) ཞེས་པའི་བུད་མེད་ཀྱི་ངོ་རྒོལ་ཁྲོམས་སྐོར་བྱེད་འཆར་ཡོད་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཅེས་པའི་དྲ་ཚིགས་སྟེང་། ཊི་རུམ་ཕི་གཞུང་གིས་ཨ་རིའི་ནང་ཁུལ་གཅིག་པུ་མིན་པར། རྒྱལ་སྤྱིའི་སྟེང་དཀའ་རྙོག་མང་པོ་བཟོ་སྲིད་པ་ནི་མངོན་གསལ་ཡིན་སྟབས། མི་འགྱང་པར་རྒྱ་ནག་གིས་ཊི་རུམ་ཕི་གཞུང་ལ་ཡ་ལན་སྤྲོད་པའི་དུས་སྐབས་ཤིག་བསླེབ་རྒྱུ་ཡིན་ལུགས་བཀོད་འདུག

རྒྱ་གར་གཙོས་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་ཅིག་གིས། སྐུ་ཞབས་ཊི་རུམ་ཕི་ཡི་གཞུང་གསར་བའི་འོག ཨ་རིར་འགྲོ་བའི་མཐོང་མཆན་ལག་འཁྱེར་ (visas) དང་གནས་སྡོད་ལག་འཁྱེར་ (green cards) རག་རྒྱུར་དཀའ་ངལ་འཕྲད་སྲིད་པར་སེམས་ཁྲལ་བྱེད་བཞིན་ཡོད་འདུག

ལྷོ་ཀོ་རི་ཡའི་ཕྱོག་ནས། ད་ལྟའི་ལྷོ་ཀོ་རི་ཡ་དང་ཨ་རི་གཉིས་ཀྱི་དམག་དཔུང་མཉམ་འབྲེལ་སྦྱོང་བརྡར་ལ་བརྟེན་ནས། མ་འོངས་པར་ལྷོ་ཀོ་རི་ཡ་ནི། ཨ་རི་དང་བྱང་ཀོ་རི་ཡའི་དཀའ་རྙོག་དང་། ཡང་ན་རྒྱ་ནག་དང་ཨ་རི་གཉིས་བར་གྱི་རྩོད་རྙོག་གང་རུང་ནང་འཚུད་སྲིད་པར་སེམས་འཚུབ་བྱེད་བཞིན་ཡོད་འདུག

16174968_901380609999081_1413941063858664820_n

nintchdbpict000295868369 nintchdbpict000295830197

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. ྗAbharu Jigwang says:
    ལོ་ 9 སྔོན།

    ༅༅། ཨ་རིའི་སྲིད་འཛིན་ཐེངས་ ༤༥ པ་སྐུ་ཞབས་ཌོམ་ལགས་དངོས་སུ་དམ་འབུལ་
    མཛད་སྒོ་གནང་བར་བོད་རིགས་ཡོངས་ནས་བཀྲིས་ཞུ་གུ་ཡོད།
    ཁྱེད་ཀྱི་མཛད་འཕྲིན་མཛའ་མཐུན་ཞེ་བདེར་ལོངས་སྤྱོད་ཐུབ་པའི་དཀོན་མཆོག་
    ལ་གསོལ་བ་འདེབས་རྒྱུ་ཡིན། སྲིད་འཛིན་གསར་པ་ནས་བོད་ཀྱི་མགོན་པོ་དང་འཛམ་
    གླིང་ཞེ་བདེའི་དེད་དཔོན་ཆེན་པོ་མཆོག་དང་ངེས་པར་མཇལ་གནང་ཡོང་བ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese