མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡང་གནམ་སྡེ་སྒོ་མོ་ཆེའི་མདུན་དུ་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༡༧/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་དུ་རླངས་འཁོར་དོན་རྐྱེན་ཞིག་བྱུང་སྟེ་མི་ལ་རྨས་སྐྱོན་བཟོས་ཡོད་འདུག

p7988711a796028360དེ་རིང་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་ ༧།༣༠ ཐོག པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་དུ། རླངས་འཁོར་དོན་རྐྱེན་ཞིག་བྱུང་སྟེ་མི་ལ་རྨས་སྐྱོན་བཟོས་ཡོད་པ་དང་། སྐབས་དེར་ཡུལ་དངོས་སུ་ཡོད་པའི་འགྲུལ་བ་ཞིག་གིས། ཞོགས་པའི་རྒྱལ་དར་སྒྲེང་འཛུགས་ཚར་ཏེ་མི་མང་གཏོང་གྲབས་ཡོད་སྐབས། ཏག་ཏག་རླངས་འཁོར་དེ་མདུན་ཐང་དུ་རྒྱུགས་ཡོང་ནས་ཚང་མའི་མཐོང་ས་ནས་ཨ་ལོག་བསྒྱུར་སོང་ཞེས་བརྗོད་འདུག་ལ། དོན་རྐྱེན་དངོས་སུ་མཐོང་མཁན་ཚོས་རླངས་འཁོར་དེས་བསམ་བཞིན་དོན་རྐྱེན་བཟོས་ཡོད་སྐོར་བརྗོད་འདུག

པེ་ཅིན་འགྲིམ་འགྲུལ་ཉེན་རྟོག་ཁང་གིས། དོན་རྐྱེན་དེ་གནམ་སྡེ་སྒོ་མོ་ཆེའི་ཉེ་འགྲམ་གྱི་རྒྱལ་ཁབ་འགྲེམས་སྟོན་ཁང་གི་བྱང་ཕྱོགས་སུ་བྱུང་ཡོད་པ་དང་། རླངས་འཁོར་འགྲོ་བཞིན་པའི་སྐབས་སུ་ཨ་ལོག་བསྒྱུར་ཡོད་པ་དང་། རླངས་འཁོར་ཁ་ལོ་བ་དང་རྐང་འཁོར་གཏོང་མཁན་ཞིག་ལ་རྨས་སྐྱོན་བཟོས་ཡོད་ཀྱང་ཚེ་སྲོག་ལ་ཉེན་ཁ་མེད་པ་དང་། ད་ལྟའི་ཆར་གནད་དོན་གྱི་རྐྱེན་རྩར་ཞིབ་འཇུག་བྱེད་བཞིན་པ་ཡིན་སྐོར་བརྒྱུད་ལམ་དུ་བསྒྲགས་འདུག

འགྲིམ་འགྲུལ་ཉེན་རྟོག་ཁང་གི་སྐད་ཆ་དེར་དྲ་ལམ་ཁག་ནས་དོགས་འདྲི་སྣ་ཚོགས་བྱེད་བཞིན་ཡོད་པའི་ཁྲོད། དོན་རྐྱེན་བྱུང་ས་དེ་གནམ་སྡེ་སྒོ་མོ་ཆེའི་གསེར་ཆུ་ཟམ་པའི་མདུན་ཡིན་པ་པར་རིས་བརྙན་ཐུང་སོགས་ནས་གསལ་པོ་མཐོང་ཐུབ་ལ། སྤྱིར་བཏང་གི་འགྲིམ་འགྲུལ་དོན་རྐྱེན་ཞིག་ཡིན་ན། རླངས་འཁོར་དེའི་ཨང་རྟགས་བྱང་བུ་ག་རེ་བྱས་ནས་དཀར་པོ་ཡིན་སྐོར་དང་། རླངས་འཁོར་དེ་དམག་དོན་ཆེད་བཀོལ་རླངས་འཁོར་ཞིག་ཡིན་སྲིད་སྐོར་ཡང་རྗོད་ཀྱི་འདུག

དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་ནང་དུ། གཡས་གཡོན་གྱི་འགྲུལ་བ་ཚོས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་ཡང་བསྐྱར་དོན་རྐྱེན་བྱུང་སོང་། ཞེས་བརྗོད་ཀྱི་ཡོད་པ་དང་། དྲག་ཆས་ཉེན་རྟོག་པ་མང་པོས་མི་རྣམས་ཡུལ་དངོས་ནས་ཕྱིར་ནུར་དགོས་པའི་སྐད་རྒྱག་བཞིན་འདུག་ལ། རླངས་འཁོར་ནག་པོ་ཞིག་ཨ་ལོག་བསྒྱུར་ཏེ་དུ་བ་སྐྱ་ལྷོག་ལྷོག་བྱེད་བཞིན་འདུག

ཉེ་བའི་ལོ་ཤས་ནང་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་རང་ལ་དོན་རྐྱེན་བྱུང་བ་ད་ལན་ཐེངས་དང་པོ་མིན་པར་ཕྱི་ལོ་ ༢༠༡༣ ལོར་རླངས་འཁོར་ཆུང་ཆུང་གིས་ཐང་ཆེན་གྱི་གསེར་ཆུ་ཟམ་པར་བརྡུངས་ཏེ་འབར་སྐྱོན་ཆེན་པོ་བྱུང་ཡོད་པ་མ་ཟད། རླངས་འཁོར་ཁ་ལོ་བ་དང་འགྲུལ་བ་སོགས་མི་གྲངས་ ༤༡ ཙམ་ལ་ཤི་རྨས་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཡུ་གུར་དྲག་སྤྱོད་པས་བཟོས་པའི་དོན་རྐྱེན་ཞིག་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist