མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་རྒྱ་ནག་སླར་ཡང་རླབས་ཆེན་བཟོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་སྒྲིག་པ་ Isabel Hilton ལགས་ཀྱི་དཔྱད་གཏམ།

ཨ་རིའི་སྲིད་འཛིན་གྱིས་འཛམ་གླིང་ལ་འཇིགས་སྣང་བསྐུལ་ཡོད་པ་དང་། རྒྱ་ནག་སྲིད་འཛིན་གྱིས་འཛམ་གླིང་མི་མང་ལས་རྒྱབ་སྐྱོར་རག་ཐབས་བྱས་ཡོད་སྟབས། དེ་ནི་རྒྱལ་ས་པེ་ཅིན་ལ་རྒྱལ་ཁ་ཆེན་པོ་ཞིག་ཆགས་སྲིད།

2773

ལོ་གཉིས་ཀྱི་སྔོན་དུ་ཡུ་རོབ་དང་ཨ་རིའི་མི་སྣ་ཡོན་ཏན་ཅན་ཁ་ཤས་ཀྱིས་རྒྱ་ནག་གི་སྐོར་ལ་བགྲོ་གླེང་བྱེད་ཆེད། དབྱིན་ཡུལ་གྱི་མཛེས་སྡུག་ལྡན་པའི་ཁང་པ་ཤིག་ཏུ་འདུ་འཛོམས་བྱས་པ་རེད། གོ་སྒྲིག་ཚོགས་པས་ཀྱང་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་གོ་སྒྲིག་བྱས་ཡོད། འོན་ཀྱང་ཚོགས་ཞུགས་པ་ཚོའི་གདོང་གི་རྣམ་འགྱུར་ནི་ནག་ཐིང་ངེར་རེད། ཞི་ཅིན་ཕིན་ལོ་གཉིས་ལ་སྲིད་འཛིན་བྱས་པའི་དུས་ཡུན་རིང་། ལོ་ངོ་ ༣༠ སྔོན་ནས་བཟུང་རྒྱ་ནག་ལ་རྒྱལ་ཞེན་རིགས་ལུགས་ཤུགས་ཆེ་དྲགས་སྟབས། རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་གནོན་ཤུགས་སྤྲད་དེ། བདེ་པོ་མེད་པ་བཟོ་བཞིན་པའི་གནས་སྟངས་ལས་ཀློད་གྲོལ་ཡོང་གི་རེད་དྲན་ཡོད་ཀྱང་། རྒྱ་ནག་གི་ཆབ་སྲིད་དེ་ལྟར་མ་འགྱུར་བར་ལངས་ཕྱོགས་དེ་རང་འཇགས་གནས་པ་རེད།

རྒྱ་ནག་གི་ནུས་ཤུགས་མཐོ་རུ་འགྲོ་བཞིན་ཡོད་ཀྱང་། གཞན་དང་འབྲེལ་ལམ་ཉུང་དུ་འགྲོ་བཞིན་ཡོད། རྒྱ་ནག་གིས་ཕྱི་རྒྱལ་ཚོང་ཟོག་རྒྱ་ནག་གི་ཁྲོམ་རྭའི་ནང་ཉུང་ངུ་ལས་མི་ལེན་པ་དང་། ནུས་པ་ཡོད་ཚད་ཀྱིས་རང་གི་ལྷོ་རྒྱུད་མཚོ་ཁུལ་ལ་གནོན་ཤུགས་སྤྲོད་པ་མ་ཟད། གཞུང་དང་ལྟ་བ་མི་མཐུན་མཁན་གྱི་མི་མང་རྣམས་རྩ་མེད་བཟོ་བཞིན་དུ་སྲིད་གཞུང་ཐོག་བློ་དཀར་གཞུང་དྲང་བྱེད་དགོས་པའི་བཙན་དབང་བྱེད་ཀྱིན་ཡོད།

བསམ་བློ་གུ་ཡངས་ལྡན་པའི་མཁས་དབང་མང་པོ་ཞིག་གིས། བར་སྐབས་རྒྱ་ནག་གིས་ཚོང་འབྲེལ་ལ་རང་དབང་དང་ཆབ་སྲིད་ལ་ལྷོད་ཡངས་ཏོག་ཙམ་སྤྲད་པ་དེས། མ་འོངས་པར་རྒྱ་ནག་གི་སྤྱི་ཚོགས་སྔར་ལས་གུ་ཡངས་དང་། ཁྲིམས་ལུགས་དང་ཆབ་སྲིད་ཀྱི་སྟངས་འཛིན་ཇེ་བཟང་དུ་འགྲོ་རྒྱུའི་རེ་བ་བྱས་ཡོད་ཀྱང་། ཞི་ཅིན་ཕིན་གྱི་ལས་དོན་བྱེད་སྟངས་དེ་དག་གིས་ཁོང་ཚོར་འཇིགས་སྣང་སྐྱེ་རུ་བཅུག་ཡོད། ཞི་ཅིན་ཕིན་གྱིས་འདོད་པ་ནི་ཆབ་སྲིད་གུ་ཡངས་མ་ཡིན་པར། དམར་ཤོག་ཚོགས་པ་རྒྱ་སྐྱེད་གཏོང་རྒྱུ་ཁོ་ན་རེད། སྤྱིར་གོང་གི་མཁས་པ་ཚོས་རེ་བ་བྱས་པ་དེ་ལྟར་དུ་རྒྱ་ནག་མི་མང་དཀྱུས་མ་ཚོས་ཀྱང་རེ་བ་དང་བསམ་བློ་དེ་ལྟར་བཏང་མྱོང་ཡོད་པ་རེད།

གོ་ལ་ཟླུམ་པོ་འདིའི་ཐོག་ཨ་རི་དམངས་གཙོའི་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་རྒྱལ་ཁབ་གཉིས་བར་གྱིི་སྲིད་གཞུང་གྲུབ་སྟངས་དང་ཁྲིམས་ཀྱི་འགྲོ་ལུགས་མ་འདྲ་བ་ཡིན་སྟབས། ང་ཚོས་འཛམ་གླིང་འདིར་རྒྱ་ནག་གི་ཤུགས་རྐྱེན་ཇི་ཙམ་ཞིག་ཁྱབ་བརྡལ་ཕྱིན་ཡང་། ཨ་རིའི་སྐད་གྲགས་ནི་སྔར་བཞིན་ཐེ་ཚོམ་མེད་པར་གནས་ངེས་རེད་བསམ་ཡོད། སྤྱིར་དེ་ལྟར་བཤད་རྒྱུ་མ་འོས་པ་ཞིག་རེད་དེ། འོན་ཀྱང་རྒྱ་ནག་དང་ཨ་རི་གཉིས་ཀྱི་སྟོབས་ཤུགས་དང་སྐད་གྲགས་ནི་ནམ་ཡང་བསྡུར་ཐབས་མེད་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག

མི་མང་པོ་ཞིག་གིས། རྒྱ་ནག་གིས་ཆབ་སྲིད་ལངས་ཕྱོགས་དེ་རང་འཇགས་རྒྱུན་འཛིན་བྱེད་ཀྱི་རེད་དམ་མ་རེད། གལ་སྲིད་རྒྱུན་འཛིན་བྱས་ན། ག་པར་ནོར་འཁྲུལ་ཡོང་གི་རེད། རྒྱ་ནག་གིས་རང་གི་ཁེ་ཕན་ཆེད་དུ་འཛམ་གླིང་གི་དཔལ་འབྱོར་དང་བདེ་འཇགས་ཐོག་འཛིན་པའི་སྲིད་ཇུས་ལ་སྒྲོམ་གཞི་གསར་པ་ཞིག་བཟོ་རྒྱུ་རེད་དམ་མ་རེད། ཨ་རིས་ཁོ་རང་ཚོ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཐུན་ཚོགས་(Trans-Pacific Partnership)ནས་ཕྱིར་འཐེན་བྱས་ཀྱང་། མཐུན་ཚོགས་དེར་ཆ་ཤས་ལེན་མཁན་གྱི་རྒྱལ་ཁབ་ཉི་ཧོང་(Japan)དང་། ལྷོ་ཀོ་རི་ཡ(South Korea)། ཝེ་ཊི་ནཱམ་(Vietnam)ནི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཆགས་ཡོད་སྟབས། རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་རྒྱུའི་ཉེན་ཁ་བཀག་འགོག་བྱས་ཏེ། ཨ་རིའི་ཤུགས་རྐྱེན་མི་མཐུད་གནས་ཐབས་སོགས་ཀྱི་སྐོར་ལ་སྐད་ཆ་མང་པོ་ཤོད་ཀྱིན་ཡོད།

མི་རྣམས་ཀྱིས། ཨ་རིས་རང་གི་རྒྱལ་ཁྲིམས་གཏོར་བཤིག་བཏང་སྟེ། ཨེ་ཤ་ཡའི་ཚོང་འབྲེལ་མཐུན་ཚོགས་(Asia Pacific)ནང་རྒྱ་ནག་གི་སྟོབས་ཤུགས་གཙོ་བོ་ཆགས་རྒྱུའི་སྒོ་མོ་ཕྱེ་ཡོད་པའི་སྣང་བརྙན་དེ་ཡི་སྐོར་ལ་བགྲོ་གླེང་བྱེད་ཀྱི་མི་འདུག་ཅེས་བརྗོད། ཌོ་ནལ་ཊི་རུམ་ཕི་ཡི་ཉེ་ལམ་གྱི་ཐག་གཅོད་དེ་དག་གིས་རྒྱ་ནག་ཧ་སང་དུ་བཅུག་ཡོད་པ་མ་ཟད། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་མང་པོར་འཇིགས་སྣང་བསྐུལ་ཡོད། ད་ནི་ཨ་རིའི་ཐག་གཅོད་དེས་རྒྱལ་ཁབ་གཞན་ལ་ཕོག་ཐུག་བཟོས་པའི་ཁྲོད་ནས་རྒྱ་ནག་གིས་ཁེ་བཟང་ག་ཚོད་ཅིག་ལེན་ཐུབ་མིན་ལྟ་རྒྱུ་དེ་རེད།

སྤྱིར་རྒྱལ་སྤྱིའི་སྲིད་ཇུས་ལྟར་བྱས་ན། ད་ལྟ་གནས་སྟངས་འགྲིག་སྡོད་ཡོད་ཀྱང་། དེ་ལ་ཡིད་ཆེས་བྱེད་དཀའ་བ་ཞིག་ཡོད་པ་ནི། ཊི་རུམ་ཕིས་ཀྱང་རྒྱལ་སྤྱིའི་ཞི་བདེ་མཉམ་ལས་མཐུན་ཚོགས་(Peace and International Cooperation)ཀྱི་ཆེད་དུ་སྐར་མ་ ༥༨ རིང་བཤད་པའི་སྐད་ཆ་དེ་དག་རེད། སྐབས་དེར་ཁོ་རང་གིས་མཁས་དབང་ཐུ་སི་ཌའེས་(Thucydides ནི་གནའ་སྔ་མོ་གྷི་རིག་སིའི་ལོ་རྒྱུས་སྨྲ་བ་དང་དམག་དཔོན་ཞིག་ཡིན།)དང་། ཨེས་ཏི་ཕིན་ཧའོ་ཀིནཱ་(Stephen Hawkins ད་ཡོད་ཨ་རིའི་གནམ་རིག་སྨྲ་བའི་ཚན་རིག་པ་སྐད་གྲགས་ཅན་ཞིག་ཡིན།)། ཧར་མཱན་ཧེས་སཱི་(Herman Hesse ཇར་མཱན་དང་སུད་སི་རྒྱལ་ཁབ་ཀྱི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་ཞིག་ཡིན།)རྣམས་ཀྱི་གསུང་ལུང་འདྲེན་བྱས་པ་དང་། པཱན་ཌོ་ར་སྒམ་(Pandora’s box ནི་གནའ་བོ་གྷི་རིག་སིའི་ལྷ་སྒྲུང་ནང་གི་སྒམ་ཆེན་པོ་ཞིག་ཡིན་པ་དང་། སྒམ་དེའི་ནང་འཇིག་རྟེན་གྱི་ངན་པ་ཐམས་ཅད་ཡོད་ཟེར།) དང་། ཝེས་ཕ་ལི་ཡཱའི་ཞི་བདེ་(Peace of Westphalia ནི་སྔ་མོ་ཆོས་ལུགས་ཀྱི་འཁྲུག་འཛིང་འགོག་ཕྱིར་ཡུ་རོབ་རྒྱལ་ཁབ་ཁག་གི་ཆིངས་ཡིག་ཅིག་ཡིན།) དང་། ཌ་མོ་ཀོ་ལེས་ཀྱི་རལ་གྲི་( Sword of Damocles ནི་སྒྲུང་རིང་ཞིག་ཡིན།)ཞེས་པ་དག་ལས་ཚིག་བློ་ལ་ཡོད་པ་རྣམས་སྐྱོར་འདོན་བྱས་ཡོད།

ཊི་རུམ་ཕིས་གཟབ་གཟབ་གྱིས་བཟོས་པའི་གཏམ་བཤད་དེས་ཕྱི་ལོ་ ༡༩༤༥ ལོ་ནས་ཨ་རིས་ལག་ལྟར་བྱེད་བཞིན་པའི་ཁྲིམས་ཀྱི་གཙོ་གནད་(དེ་ནི་ཨ་རིའི་མི་རིགས་ནག་པོ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཁྲིམས།)དེ་ལ་གུས་བརྩིས་རྣམ་པའི་ཐོག་ནས་ཟུར་ཟ་བྱས་ཡོད། དེ་འདྲ་བྱེད་མཁན་ནི་ཁོ་གཅིག་པུ་མ་ཡིན་པར་ཁོའི་གོང་དུ་སྲིད་འཛིན་ཁ་ཤས་ཀྱིས་བྱས་ཡོད་པ་མ་ཟད། ཉེ་ཆེར་ཇི་ནེ་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སྟེང་རྒྱ་ནག་གི་སྲིད་འཛིན་དང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་གཉིས་ཀྱིས་ཀྱང་ཟུར་ཟ་དང་ཁ་ཕོ་ཆེན་པོ་བཤད་ཡོད། སྐབས་དེར་ཞི་ཅིན་ཕིན་གྱིས། “མ་འོངས་པའི་འགྲོ་བ་མིའི་ཆེད་དུ་ཕན་ཚུན་མཉམ་སྦྲེལ་གྱི་སྤྱི་ཚོགས་ཤིག་བསྐྲུན་དགོས་པ་དང་། མཉམ་དུ་འགྲུབ་འབྲས་འཐོན་པ་ཞིག་བྱེད་དགོས། ཡར་རྒྱས་ནི་རྒྱལ་ཁ་ཡོད་པའི་ཐོག་ནས་གཏོང་ཐུབ་པ་བྱེད་དགོས།” ཞེས་ལབ་ཡོད།

སྔོན་ཆད་སྐད་ཆ་བཤད་སྟངས་འདི་འདྲ་ལ་བློ་དོགས་བྱེད་མཁན་མེད་ཀྱང་། དེ་རིང་ཁ་སང་དེ་གང་འདྲ་ཡིན་ནམ་སྙམ་ནས་དོགས་པ་བྱེད་མཁན་ཡོད་ཀྱང་། དེ་གནད་འགག་ཏུ་མི་བརྩི་བར་གང་འདོད་བཤད་འཇུག་གི་ཡོད།

ཊི་རུམ་ཕིས་རྒྱ་ནག་གིས་ཨ་རི་ལ་ “བཙན་གཡེམ་” བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་ཡོད། “བཙན་གཡེམ་” ཞེས་པའི་ཚིག་གི་ཚབ་ཏུ་ཚིག་གཞན་ཞིག་བེད་སྤྱོད་མ་བྱས་པ་དེ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་སྲིད། ཞི་ཅིན་ཕིན་གྱིས་ཁོ་རང་གི་ཉན་མཁན་ཚོར་འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཕྱིན་ཏེ་དཀའ་ངལ་ནང་ལྷུང་སྐབས། རྒྱ་ནག་གི་དཔལ་འབྱོར་ལ་གནོད་སྐྱོན་མ་ཐེབས་པར་ལོ་རེ་བཞིན་དཔལ་འབྱོར་གོང་འཕེལ་གྱི་ཚད་གཞི་བརྒྱ་ཆ་ ༣༠ འཕར་ཡོད་པ་དེ་དྲན་གསོ་བྱས་པ་མ་ཟད། ད་དུང་ཁོས་ “མ་འོངས་པའི་ལོ་ལྔའི་ནང་རྒྱ་ནག་གིས་ཕྱིར་ཚོང་ནང་འདྲེན་ལ་ཨ་སྒོར་ཐེར་འབུམ་བཅུ་ཅན་བརྒྱད་བྱ་རྒྱུ་དང་། ཕྱིའི་རྒྱལ་ཁབ་རྣམས་ཡིད་འགུག་ཆེད་རྒྱལ་ཁབ་ནང་འཛུགས་སྐྲུན་གསར་པའི་ཆེད་ཨ་སྒོར་ཐེར་འབུམ་ ༦༠༠ འགྲོ་གྲོན་གཏང་རྒྱུ་དང་། རྒྱལ་ཁབ་གྱི་ཚོང་ཟོག་ཕྱིར་འདྲེན་ལ་ཨ་སྒོར་ཐེར་འབུམ་ ༧༥༠ མ་འཛུགས་བྱ་རྒྱུ་མ་ཟད། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཕྱི་སྐྱོད་བྱེད་མཁན་ལས་ཨ་སྒོར་ས་ཡ་ ༧༠༠ ལྷག་བཟོ་ཐུབ།” ཅེས་སྔོན་དཔག་བྱས་ཡོད།

རྒྱ་ནག་གིས་ཕྱིར་འདྲེན་ཚོང་དོན་ཐོག་ཤུགས་ཆེན་པོ་བསྣན་ཡོད་སྟབས། ཐེངས་འདིའི་ཞི་ཅིན་ཕིན་གྱི་འཛམ་གླིང་མ་རྩ་རིང་ལུགས་ཐོག་ལས་ཀ་བྱེད་ཕྱོགས་དེར་ཡིད་ཆེས་སྐྱེ་འོས་པ་ཞིག་བཟོས་ཡོད། འོན་ཀྱང་། ཁོའི་འབད་བརྩོན་ནི་འཁོན་སེམས་ཅན་ཞིག་ཡིན། ཁོས་ “ང་ཚོས་མི་མང་གི་ཐོབ་ཐང་དེ་དང་པོར་འཇོག་གི་ཡོད་པ་དང་། ཁོང་ཚོའི་འདོད་པ་ནི་ཐམས་ཅད་ཀྱི་ནང་ནས་ཨང་དང་ཤོས་སུ་བརྩི་བཞིན་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཡག་པོ་དང་བརྟན་པོ་ཡོང་ཆེད་དཀའ་ལས་བརྒྱབས་པ་ཡིན་” ཞེས་ཟེར། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གཅིག་ཀྱང་ཡོད་པ་མ་རེད། གལ་སྲིད་ཞི་ཅིན་ཕིན་གྱི་སྐད་ཆ་དེ་དག་ལ་ཁ་ལན་དང་འགྲན་རྩོད་བྱེད་ཆོག་ན། ཊི་རུམ་ཕི་དང་ཁོའི་ལས་རོགས་ཚོས་སྡིགས་ར་བྱས་ཡོད་ངེས་ཡིན། དེ་ནི་ཞི་ཅིན་ཕིན་གྱི་སྐད་ཆ་དེ་དག་སྒྲོ་འདོག་དང་རྫུན་གཏམ་རྐྱང་རྐྱང་ཡིན་པས་རེད།

ལྷིང་འཇགས་མེད་པ་དང་རྩོད་རྙོག་འབྱུང་བཞིན་པའི་གནས་སྟངས་འོག འཛམ་གླིང་འདིར་རྒྱལ་ཁ་ལེན་མྱོང་མཁན་དཀོན་པོ་ཡིན། ད་རེབ་རྒྱ་ནག་གིས་ཀྱང་ཨ་རི་ལ་ཁ་གཏད་གཅོག་ཆེད་དུས་ཚོད་འདི་བདམས་པ་རེད། གལ་སྲིད་རྒྱ་ནག་གཞུང་གིས་དཔལ་འབྱོར་ནུས་ཤུགས་དེ་ཆབ་སྲིད་དང་སྲིད་ཇུས་ཐོག་བེད་སྤྱོད་བཏང་སྟེ། རྒྱ་ནག་ནང་མཚམས་རེར་བྱུང་དང་འབྱུང་བཞིན་པའི་དཀའ་ངལ་རྣམས་བཀག་སྡོམ་དང་། ཕྱི་རྒྱལ་ཁག་ལའང་ནུས་ཤུགས་དེ་དག་ཁྱབ་སྤེལ་བྱེད་ཐུབ་ན། དེ་ནི་རྒྱ་ནག་ལ་རྒྱལ་ཁ་ཆེན་པོ་ཞིག་ཆགས་ངེས་རེད།

སྲིད་འཛིན་བྱེད་པའི་དུས་ཡུན་ཐུང་ངུའི་རིང་ཊི་རུམ་ཕི་ཁོ་རང་སྒེར་གཅིག་པུས་རྒྱལ་ཁ་ཆེན་པོ་ཞིག་ལེན་ཐུབ་ཀྱང་། སྔར་ཨ་རིའི་གོམས་གཤིས་ཏེ་ཇི་ལྟར་ཐབས་སྡུག་ཀྱང་ཕྱིའི་མི་ལ་ཞི་འཇམ་གྱི་ངང་སྐད་ཆ་བཤད་སྲོལ་ཞིག་ཡོད་པ་དེ་གད་སྙིགས་སྒམ་ནང་དུ་གཡུགས་ཚར་བ་མ་ཟད། རྒྱ་ནག་གི་ཆབ་སྲིད་འགྲོ་སྟངས་ལ་ངེས་པར་དུ་དགག་པ་རྒྱག་དགོས་པའི་བསམ་བློ་དེའང་མེད་པ་བཟོས་ཡོད། ཊི་རུམ་ཕི་སྲིད་འཛིན་མ་ཆགས་སྔོན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་དེ་དོགས་ཟོན་བྱེད་དགོས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་གཟབ་གཟབ་བྱེད་ཀྱིན་ཡོད་ཀྱང་རྒྱ་ནག་གི་མཉམ་དུ་ཚོང་འབྲེལ་བྱེད་པར་འཚང་ཁ་རྒྱག་གི་ཡོད། ཁྲིམས་ལ་གུས་བརྩི་མེད་པ་དང་སྤྱི་ཚོགས་ཀྱི་ཕན་བདེ་སྣང་མེད་གཏོང་གི་འདུག་ཅེས་གང་སར་སྒྲོག་བཞིན་པ་དེར་ང་ཚོས་ཡིད་ཆེས་ཇི་ལྟར་བྱེད་དགོས་སམ།

ད་ནི་ང་ཚོས་ངེས་པར་དུ་གནད་དོན་དེའི་ཐད་ཨ་རི་ལ་དྲི་བ་ཞིག་འདྲི་དགོས། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོའི་རྫུན་གཏམ་དེ། ནམ་ཡང་རྫུན་བཤད་མ་མྱོང་མཁན་གྱི་སྐད་ཆ་དང་ཞིབ་བསྡུར་བྱེད་སྐབས། རྫུན་གཏམ་དེ་ད་དུང་སྙན་པ་དང་བབ་ཆགས་པ་ཞིག་ཏུ་མཐོང་གི་ཡོད། ད་ང་ཚོས་རྒྱལ་ས་པེ་ཅིན་ལ། འཛམ་གླིང་ཐོག་ཨ་རིའི་ཤུགས་རྐྱེན་ཡོད་པ་དེ་རྒྱ་ནག་གིས་ག་ཚོད་ཅིག་མེད་པ་བཟོ་ཐུབ་བམ། ཡང་ན། ཤུགས་རྐྱེན་དེ་ག་ཚོད་ཅིག་མེད་པ་བཟོ་རྒྱུའི་འདོད་པ་ཡོད་དམ། ཅེས་དྲི་བ་ཞིག་འདྲི་འདོད་ཡོད། ཡང་ང་ཚོས་ཨ་རི་ལ། རྒྱ་ནག་གིས་རྒྱལ་ཁ་ག་ཚོད་ཅིག་ཐོབ་ཐུབ་པའི་རེ་བ་བྱེད་ཆོག་གམ། ཅེས་པའི་དྲི་བ་ཞིག་འདྲི་འདོད་བྱུང་སོང་།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese