མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཉིན་ལྔ་ནང་ཁྲིམས་འགལ་གནས་སྤོ་བ་ ༡༦༠ འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༧/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་གནས་སྤོ་སྲིད་ཇུས་འོག་ཨ་རིའི་ལྷོ་རྒྱུད་གྲོང་ཁྱེར་ཁག་ཅིག་ནང་རྒྱལ་ཁབ་གཞན་ནས་ཡོང་བའི་ཉེས་ཅན་པ་དང་ཡིག་ཆ་མེད་པའི་གནས་སྤོ་བ་ ༡༦༠ བཀག་བསྐྱིལ་ཕྱིར་འཕུད་བཏང་ཡོད་འདུག

Times1

ཁ་སང་ལཱོ་སི་ཨན་རྗིལ་དུས་བབ་ (LA Times) ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་སྐྱབས་བཅོལ་བ་བཀག་སྡོམ་ལས་གཞི་ལག་བསྟར་བྱས་རྗེས་ཀྱི་ཉིན་ ༥ ནང་ཨ་རིའི་ལྷོ་རྒྱུད་ཁ་ལེ་ཧྥོར་ནེ་ཡའི་མངའ་སྡེའི་གྲོང་ཁྱེར་ལཱོ་སི་ཨན་རྗིལ་ (Los Angeles)སོགས་གྲོང་ཁྱེར་ཁག་ཅིག་ནང་གནས་སྤོ་བ་ ༡༦༠ འཛིན་བཟུང་བྱས་ཡོད་པ་དང་། དེའི་གྲས་ཀྱི་མི་ ༡༥༠ ལ་ནག་ཉེས་ཀྱི་རྒྱབ་ལྗོངས་ཡོད་པའི་ངོས་འཛིན་ཐོག་ཕྱིར་འཕུད་གཏོང་རྒྱུ་ཡིན་ཞིང་། གཞན་ཡིག་ཆ་མེད་པའི་ཁྲིམས་འགལ་གནས་སྤོ་བ་མི་ ༥ ཕྱིར་འཕུད་བཏང་ཟིན་ཡོད་འདུག

ཨ་རིའི་ (ICE) ལས་ཁུངས་འགན་འཛིན་མཱ་རེན་ (David Marin) གྱིས་བརྗོད་དོན། ཐེངས་འདིའི་ལས་འགུལ་དེ་ཊི་རུམ་ཕིས་སྲིད་དབང་མ་བཟུང་སྔོན་གྱི་ལས་གཞི་ཞིག་ཡིན་པ་དང་། ན་ནིང་དབྱར་ཁར་ཁྲིམས་འགལ་གནས་སྤོ་བ་ ༡༡༢ འཛིན་བཟུང་ཕྱིར་ཕུད་བཏང་ཡོད་པ་དང་། ད་ལན་འཛིན་བཟུང་བྱས་པ་དག་ལས་བརྒྱ་ཆ་ ༧༥ ཆགས་སྲེད་ཀྱི་བརྙས་བཅོས་དང་བཙན་གཡེམ། འཕྲོག་བཅོམ་དང་དྲག་ཆས་ཉོ་འཚོང་སོགས་ཀྱི་ནག་ཉེས་ཡོད་སྟབས། ཁོ་ཚོ་སྔོན་མ་ནས་ཕྱིར་འཕུད་གཏོང་རྒྱུའི་ལས་གཞིའི་ནང་ཚུད་ཡོད་པ་དང་། ཁྲིམས་འགལ་གནས་སྤོ་བ་ཁ་ཅིག་ལ་ད་དུང་གནས་སྤོའི་ཡིག་ཆ་མེད་པས་ཁོ་ཚོ་ཕྱུར་ཕུད་བཏང་ཟིན་ཡོད་སྐོར་སོགས་བརྗོད་འདུག

ཨ་རིའི་ (ACLU) ལས་ཁུངས་ཀྱི་འགན་འཛིན་ཕཱ་སི་ཁུ་རི་ལཱ་ (Jennie Pasquarella) ཡིས་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ཨ་རིའི་ནང་ནག་ཉེས་མེད་པའི་མི་མང་འཛིན་བཟུང་དང་ཕྱིར་འཕུད་གཏོང་གི་ཡོད་ལུགས་སྤེལ་ཡོད་ཀྱང་། ལས་འགུལ་དེ་ནི་སྔོན་ཆད་སྲིད་འཛིན་ཨོ་བྷ་མའི་གནས་སྤོ་སྲིད་ཇུས་འོག་ (ICE) ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། ཨ་རིའི་ནང་གི་རྒྱལ་ཁབ་གཞན་གྱི་ནག་ཉེས་ཅན་དང་ཁྲིམས་འགལ་གནས་སྤོ་བ་ཕྱིར་ཕུད་བཏང་བ་དེ་དང་གཅིག་པ་ཡིན་སྐོར་བརྗོད་འདུག

ཨ་རིའི་ (PRC) ཞིབ་འཇུག་ལྟེ་གནས་ཁང་གིས། ད་ཆར་ལཱོ་སི་ཨན་རྗིལ་དང་ནེའུ་ཡོག་གྲོང་གྱི་གནས་སྤོ་བ་ ༥ ཡི་གྲས་ནས་ ༡ ཁྲིམས་འགལ་ཐོག་འཚོ་སྡོད་བྱས་ཡོད་པ་དང་། ༢༠༡༤ ལོ་གཅིག་པུར་ཁྲིམས་འགལ་གནས་སྤོ་བ་ས་ཡ་ ༢ ལྷག་ཡོང་ཡོད་པ་དང་། ཁྲིམས་འགལ་གནས་སྤོ་བ་མང་ཤོས་ལཱོ་སི་ཨན་རྗིལ་དང་ནེའུ་ཡོག་གཉིས་ནང་ཡོད་སྐོར་བསྒྲགས་འདུག

གནས་ཚུལ་ལྟར་ན། འདས་པའི་ཉིན་ ༥ ནང་འཛིན་བཟུང་བྱས་པའི་གནས་སྤོ་བ་བརྒྱ་ཆ་ ༩༥ ཕྱིའི་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་སྐྱེས་པ་ཡིན་ཞིང་། ལས་འགུལ་དེ་ཨ་རིའི་ (ICE) ལས་ཁུངས་བརྒྱུད་ནས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་མགོ་བཙུགས་ཡོད་པ་དང་། འཛིན་བཟུང་བྱས་པ་དེ་དག་ལས་ཁག་ཅིག་ཁྲིམས་འགལ་ཐོག་ཨ་རིར་གནས་སྤོ་བྱས་ཡོད་པ་ཙམ་ལས་ཁོ་ཚོར་གསོད་ཁྲག་སྦྱོར་དང་འཕྲོག་བཅོམ་སོགས་ཀྱི་ནག་ཉེས་མེད་འདུག

ན་ནིང་ཉིན་གྲངས་ ༤ ནང་། ཨ་རིའི་ལྷོ་རྒྱུད་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡ་ (California) ནང་། ཨ་རིའི་ (ICE) ལས་ཁུངས་ཀྱིས་རྒྱལ་ཁབ་གཞན་ནས་ཡོང་བའི་ཉེས་ཅན་པ་དང་ཡིག་ཆ་མེད་པའི་ཁྲིམས་འགལ་གནས་སྤོ་བ་ ༡༡༢ བཀག་བསྐྱིལ་བྱས་ཡོད་པ་དང་། ༢༠༡༥ ལོར་ཉིན་ ༤ ནང་ཁྲིམས་འགལ་གནས་སྤོ་བ་དང་ཉེས་ཅན་པ་ ༢༤༠ འཛིན་བཟུང་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist