མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཟའ་སྐར་བདུན་ལས་གྲུབ་པའི་ཉི་མའི་ཁྱིམ་རྒྱུད་ཆུང་བ་ཞིག་གསར་དུ་རྙེད།

བོད་ཀྱི་དུས་བབ།
༢༠༡༧/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

འོད་ལོ་ ༤༠ (light Years)ལྷག་གི་བར་ཐག་ཏུ་ཉི་མ་ལྟ་བུའི་སྐར་མ་(Star)གཅིག་ལ་སའི་གོ་ལའི་ཆེ་ཆུང་དང་མཉམ་པའི་གཟའ་སྐར་བདུན་གྱིས་སྐོར་བ་རྒྱག་གི་ཡོད་པའི་ཉི་མའི་ཁྱིམ་རྒྱུད་དང་འདྲ་བ་གཞན་ཞིག་གསར་རྙེད་བྱུང་ཡོད་འདུག

སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་རང་བྱུང་དུས་དེབ་(Journal Nature)ཅེས་པའི་སྟེང་། ཨ་རིའི་ཚན་རིག་ཞིབ་འཇུག་ཁང་ནཱ་སཱ་(NASA)དང་གནམ་དཔྱད་རིག་པའི་མཁས་པ་ཁག་ཅིག་གིས་བར་སྣང་སྟོང་ཁམས་ཆེན་མོ་ནས་ང་ཚོའི་སའི་གོ་ལའི་ཆེ་ཆུང་དང་མཉམ་པའི་གཟའ་སྐར་གསར་པ་ ༧ གསར་དུ་རྙེད་སོན་བྱུང་ཡོད་པ་དང་། གཟའ་སྐར་དེ་དག་གིས་རང་གི་ཉི་མར་སྐོར་བ་རྒྱག་གི་ཡོད་ཅིང་། གཟའ་སྐར་དེ་དག་གི་གནམ་གཤིས་དྲོད་ཚད་སྙོམས་པོ་ཡོད་སྟབས། དེ་དག་ནང་རྒྱ་མཚོ་དང་ཚེ་སྲོག་ཡོད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད།

ཡུ་རོབ་སྦེལ་ཇམ་ལཱའེ་གྷི་མཐོ་སློབ་ཀྱི་གནམ་རིག་སྨྲ་བ་སྐུ་ཞབས་མཱའེ་ཀཱེལ་གྷིལ་ལཱོཎ་(Michael Gillion)ལགས་ཀྱིས། “ ཐེངས་གཅིག་ལ་དེ་འདྲའི་གཟའ་སྐར་མང་པོ་ཡོད་པ་རྙེད་སོན་བྱུང་བ་ནི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད།”ཅེས་བརྗོད།

གསར་རྙེད་བྱུང་བའི་གཟའ་སྐར་བདུན་དེ་ཕན་ཚུན་བར་ཐག་རིང་པོ་མེད་པ་དང་། ཉི་མའི་ཁྱིམ་རྒྱུད་གསར་པ་དེར་ཀྲཔ་པཱིས་དང་པོ་(Trappist-1) དམར་ཆུང་བརྟན་སྐར་ཞེས་མིང་བཏགས་ཡོད་འདུག གཟའ་སྐར་དེ་དག་བྲག་རྡོ་ལས་གྲུབ་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག གསར་རྙེད་བྱུང་བའི་གཟའ་སྐར་བདུན་ལས་གསུམ་གྱི་སྟེང་དུ་ཆུ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། གཟའ་སྐར་དེ་གསུམ་ལ་ཀྲཔ་པཱིས་དང་པོ་(Trappist-1)ཡི་ཨི་(e)དང་། ཨེཕ་(F)། ཇཱི་(G)ཞེས་མིང་བཏགས་ཡོད་འདུག ཞིབ་འཇུག་བྱེད་མཁན་ཚོས་ཀྲཔ་པཱིས་དང་པོ་ཡི་ཨེཕ་(F)ཡི་དྲོད་ཚད་ང་ཚོའི་སའི་གོ་ལ་ལས་ཅུང་གྲང་བ་ཡོད་ཀྱང་ཚེ་སྲོག་འཚོ་ཐུབ་པའི་གཟའ་སྐར་འཚམ་ཤོས་ཡིན་པར་བརྗོད་ཡོད།

ལོ་སྔོན་མའི་ཕྱི་ཟླ་ ༥ པའི་ནང་ཞིབ་འཇུག་པ་ཚོས་ཆེས་ཐོག་མར་ཀྲཔ་པཱིས་དང་པོ་ཡི་བརྟན་སྐར་ལ་གཟའ་སྐར་གསུམ་གྱིས་སྐོར་བ་བྱེད་ཀྱིན་ཡོད་པ་གསར་རྙེད་བྱུང་ཡོད་པ་དང་། རྗེས་སུ་རིམ་གྱིས་ཁྱིམ་རྒྱུད་དེར་གཟའ་སྐར་བདུན་ཡོད་པ་རྙེད་སོན་བྱུང་ཡོད་འདུག

ཁཱམ་བྷི་རིཇཱ་མཐོ་སློབ་(Cambridge University)ཀྱི་གནམ་རིག་པ་ཨེ་མཱའུ་རི་ཊེའུ་ཨུཌ་(Amaury Triaud)ལགས་ཀྱིས། “གལ་སྲིད་ང་ཚོས་ཀྲཔ་པཱིས་དང་པོ་ཡི་གཟའ་སྐར་རྣམས་གྱི་སྟེང་དུ་ཚེ་སྲོག་ཡོད་པའི་སྒྲུབ་བྱེད་རྙེད་པ་ཡིན་ན། ང་ཚོའི་འཚོལ་སྙེག་གིས་གོམ་པ་མདུན་སྤོ་ཆེན་པོ་ཞིག་བྱས་ཡོད་པ་རེད།” ཅེས་བརྗོད་པ་དང་། དེ་བཞིན། ཞིབ་འཇུག་པ་ཚོས་གཟའ་སྐར་དེ་དག་སྟེང་ཚེ་སྲོག་གི་བྱུང་རིམ་དང་འཕེལ་འགྱུར་སོགས་ང་ཚོའི་སའི་གོ་ལ་དང་མ་འདྲ་བ་ཡིན་སྲིད། དེར་བརྟེན། ང་ཚོའི་ཞིབ་འཇུག་གི་གནད་འགག་འཛིན་ས་གཙོ་བོ་དེ་རླུང་ཁམས་དང་ཚེ་སྲོག་ཆགས་ཡོད། ཅེས་བརྗོད་ཡོད་འདུག

ང་ཚོས་ག་རེ་ཤེས་ཀྱི་ཡོད།

གསར་རྙེད་བྱུང་བའི་གཟའ་སྐར་དེ་དག་གི་བར་ཐག་ཧ་ཅང་ཉེ་བོ་ཡོད་སྟབས། ཀྲཔ་པཱིས་དང་པོའི་བརྟན་སྐར་ལྟེ་བ་བྱས་ཏེ་གཟའ་སྐར་མཐའ་མའི་བར་ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཀྱི་ཉི་མ་ནས་གཟའ་སྐར་ལྷག་པ་(Mercury)བར་གྱི་བར་ཐག་ལས་ལྡབ་ ༥ ཐུང་བ་དང་། གསར་རྙེད་གཟའ་སྐར་རྣམས་ཕན་ཚུན་བར་ཐག་ཉེ་བོ་ཡོད་སྟབས་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་བདེ་བོ་ཡིན་འདུག

གསར་རྙེད་གཟའ་སྐར་བདུན་པོ་དེས་རང་གི་བརྟན་སྐར་ཉི་མར་སྐོར་བ་གཅིག་དང་ཕྱེད་ཀ་བརྒྱབ་ན། ང་ཚོའི་སའི་གོ་ལའི་ཉིན་གྲངས་ལྟར་ན་ཕལ་ཆེར་ཉིན་ ༡༣ འགོར་གྱི་ཡོད་འདུག འོན་ཀྱང་། གསར་རྙེད་གཟའ་སྐར་བདུན་གྱི་ནང་ནས་ཉི་མར་སྐོར་བ་བྱེད་མཁན་མགྱོགས་ཤོས་དེ་ཉིན་གྲངས་ག་ཚོད་འགོར་གྱི་ཡོད་མེད་ད་སྔ་ཤེས་རྟོགས་ཐུབ་མེད།

གསར་རྙེད་གཟའ་སྐར་གྱི་ངོས་སུ་ཉི་མའི་དྲོད་ཚད་དེ་ང་ཚོའི་ཉི་མའི་དྲོད་ཚད་ལས་ལྡབ་ ༢༠༠ ཙམ་གྱིས་དམའ་བ་ཡོད་ཀྱང་། མིའི་ཚེ་སྲོག་འཚོ་ཐུབ་པའི་དྲོད་ཚད་ཀྱིས་འདང་གི་ཡོད་འདུག གང་ཡིན་ཟེར་ན། གསར་རྙེད་གཟའ་སྐར་དེ་དག་རང་གི་ཁྱིམ་རྒྱུད་ཀྱི་ཉི་མ་དང་བར་ཐག་ཧ་ཅང་ཉེ་བོ་ཡོད་པས་ཡིན་འདུག

གསར་རྙེད་གཟའ་སྐར་ཞིག་གི་སྟེང་ནས་གཟའ་སྐར་གཞན་ཞིག་ལ་ལྟ་སྐབས། ང་ཚོའི་སའི་གོ་ལའི་སྟེང་ནས་ཟླ་བ་མཐོང་བའི་ཚད་གཞི་ལས་ཅུང་ཟད་ཆེ་བ་མཐོང་བ་དང་། ཀྲཔ་པཱིས་དང་པོ་ཡི་གཟའ་སྐར་ཨེཕ་(F)ནས་སྐར་མ་དེ་ཚོར་ལྟ་སྐབས་ང་ཚོས་ཉི་མ་མཐོང་བའི་ཚད་གཞི་ལས་ལྡབ་གསུམ་གྱིས་ཆེ་བ་ཡོད་འདུག

ཞིབ་འཇུག་པ་ཚོས། ང་ཚོའི་སའི་གོ་ལའི་ཟླ་བ་སྒྲིབ་ཀྱི་ཡོད་པ་ལྟར་གསར་རྙེད་བྱུང་བའི་ཁྱིམ་རྒྱུད་དེའི་ཉི་མའི་ཉེ་སར་ཡོད་པའི་གཟའ་སྐར་དག་དུས་རླབས་ཀྱིས་འཛིན་གྱི་ཡོད་པ་དང་། དུས་རླབས་ཀྱིས་བཟུང་རྗེས་གཟའ་སྐར་གྱི་ཕྱོགས་གཅིག་རྟག་ཏུ་ཉི་མར་ཁ་ཕྱོགས་ནས་ཡོད་པ་དང་ཕྱོགས་གཅིག་རྟག་ཏུ་ནག་ཁུང་ཆགས་ནས་ཡོད་འདུག

ད་ལྟ་གསར་རྙེད་གཟའ་སྐར་དེ་ཚོར་སྔོན་འགྲོའི་ཞིབ་འཇུག་མ་གཏོགས་བྱས་མེད་པ་དང་། གསར་རྙེད་གཟའ་སྐར་ བདུན་གྱི་ནང་ནས་དང་པོ་ནས་གསུམ་པའི་བར་ཉི་མ་དང་བར་ཐག་ཉེ་བོ་ཡོད་སྟབས་ཚ་དྲོད་ཀྱིས་ཆུ་སྐམ་འགྲོ་བ་དང་། ཀྲཔ་པཱིས་དང་པོའི་གཟའ་སྐར་ཨེཆ་(H)ནི་རང་གི་ཉི་མ་ལས་བར་ཐག་རིང་བས་གནམ་གཤིས་གྲང་དྲགས་ཏེ། ཆུ་མེད་པའང་འབྱུང་སྲིད་མོད། འོན་ཀྱང་། དེ་དག་གི་སྐོར་ལ་ཞིབ་ཕྲའི་བརྟག་དཔྱད་ད་དུང་མུ་མཐུད་ནས་བྱ་དགོས་པ་རེད་ཅེས་བརྗོད་ཡོད་འདུག

ཇི་ལྟར་གསར་རྙེད་བྱུང་བ་རེད།

ཀྲཔ་པཱིས་དང་པོའི་དྲོད་ཚད་ནི་ང་ཚོའི་ཉི་མའི་ཚ་དྲོད་ཀྱི་ཕྱེད་ཀ་ལས་ལྷག་ཙམ་ཡིན་པ་དང་། དེའི་ལྗིད་ཚད་ནི་ང་ཚོའི་ཉི་མ་དུམ་བུ་ ༡༠ ལ་བཏང་བའི་ཆ་ ༡ གི་ལྗིད་ཁོག་ཡོད་འདུག དེ་ལ་ཐག་རིང་ནས་ལྟ་སྐབས་དམར་པོ་དང་འོད་རླབས་རབ་རིབ་ཅན་ཞིག་ཏུ་མཐོང་བ་དང་། དེའི་དབྱིབས་ཀྱི་རྒྱ་ཁྱོན་ནི་ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཀྱི་གཟའ་སྐར་ཕུར་བུ་ལས་ཅུང་ཆེ་ཞིང་། དེ་འདྲའི་མིའུ་ཐུང་སྐར་མ་གྲང་ངར་ཆུང་བ་(Ultracool dwarf star)ནི། ང་ཚོའི་དགུ་ཚིགས་སྐྱ་མོ་(Galaxy)ནང་ཧ་ཅང་མང་པོ་ཡོད་འདུག

གནམ་རིག་སྨྲ་བའི་ཚན་རིག་པ་གྷིལ་ལཱོཎ་(Gillon)ལགས་ཀྱིས། ང་ཚོའི་ཉི་མའི་ཁྱིམ་རྒྱུད་མ་ཡིན་པར་ཉི་མའི་ཁྱིམ་རྒྱུད་གཞན་ལ་ཞིབ་འཇུག་མ་བྱས་སྔོན་ལ་སྐར་མ་ཆུང་ཆུང་དེ་དག་ལ་སུས་ཀྱང་དོ་སྣང་བྱས་མི་འདུག་ཅེས་བརྗོད་འདུག

ཐེངས་འདིར་གསར་རྙེད་བྱུང་བའི་ཉི་མའི་ཁྱིམ་རྒྱུད་གསར་པ་དེའི་མིང་ལ་ཀྲཔ་པཱིས་དང་པོ་ཞེས་འདོག་དོན་ནི། ཉི་མའི་ཁྱིམ་རྒྱུད་གསར་པ་དེར་བརྟག་དཔྱད་གཏོང་སྐབས་ཀྲཔ་པཱིས་(Trappist)ཞེས་པའི་རྒྱང་ཤེལ་དམིགས་བསལ་བ་ཞིག་བེད་སྤྱད་བཏང་ཡོད་སྟབས་དེ་ལྟར་བཏགས་པ་ཡིན་འདུག

ཚན་རིག་པ་ཚོས་རྒྱང་ཤེལ་ཀྲཔ་པཱིས་ཞེས་པས་གསར་དུ་རྙེད་པའི་ཉི་མའི་ཁྱིམ་རྒྱུད་དེའི་ཉི་མའི་འོད་དང་བཀྲག་མདངས་སོགས་ཇི་ལྟར་འགྱུར་བ་འགྲོ་བཞིན་ཡོད་པར་བརྟག་དཔྱད་བཏང་སྟེ། ཐོག་མར་ཉི་འཛིན་དང་ཟླ་འཛིན་ལྟ་བུའི་གྲིབ་གཟུགས་མཐོང་ཡོད་པ་དང་། མཚམས་རེར་གྲིབ་གཟུགས་དེས་ཉི་མའི་འོད་ཐད་ཀར་ཕོག་པར་འགོག་རྐྱེན་བྱེད་ཀྱི་ཡོད་པ། དེ་བཞིན། གྲིབ་གཟུགས་དེར་ཞིབ་འཇུག་ནན་ཏན་བྱས་མཐར། དེ་དག་ནི་གཟའ་སྐར་ཡིན་པའི་ངེས་ཤེས་གསལ་བོར་རྙེད་ཡོད་འདུག

དེའི་རྗེས་སླར་ཡང་རྒྱང་ཤེལ་ཀྲཔ་པཱིས་དང་བར་སྣང་དུ་ཡོད་པའི་རྒྱང་ཤེལ་ཨེས་པཱིཊ་ཛཱར་(Spitzer)གཉིས་ཟུང་འབྲེལ་ཐོག་གསར་རྙེད་བྱུང་བའི་ཉི་མའི་ཁྱིམ་རྒྱུད་དེར་བརྟག་དཔྱད་བྱས་ཏེ། གཟའ་སྐར་འཁོར་ལམ་དུ་དུས་ཡུན་ག་ཚོད་འགོར་བ་དང་། གཟའ་སྐར་ཕན་ཚུན་གྱི་བར་ཐག དེ་བཞིན། གསར་རྙེད་ཉི་མ་དང་དེ་དག་གི་བར་ཐག གསར་རྙེད་ཉི་མའི་ཁྱིམ་རྒྱུད་ནང་གཟའ་སྐར་ག་ཚོད་ཡོད་མེད་སོགས་རེ་རེ་བཞིན་ཤེས་རྟོགས་བྱུང་ཡོད་པ་རེད།

དེ་རྗེས་ནས་གང་བྱེད་ཀྱི་རེད།

དེ་རྗེས་ནས་ངོ་ལོ་བཅུ་ཕྲག་ཁ་ཤས་རིང་ཞིབ་འཇུག་པ་ཚོས་གསར་རྙེད་གཟའ་སྐར་རེ་རེའི་རླུང་ཁམས་ལ་བརྟག་དཔྱད་བཏང་སྟེ་འགྲེལ་བཤད་རྒྱག་རྒྱུ་ཡིན་པ་དང་། གཟའ་སྐར་དེ་དག་ནང་ཆུ་དང་རླན་གཤེར་གྱི་དངོས་པོ་ཡོད་མེད། དེ་བཞིན་དེ་དག་ནང་ཚེ་སྲོག་ཡོད་པའི་རྟགས་མཚན་སོགས་འཚོལ་ཞིབ་བྱ་རྒྱུ་རེད།

སྤྱིར་འོད་ལོ་ ༤༠ ནི་དེ་ཙམ་རིང་པོ་ཞིག་ཏུ་མཐོང་གི་མེད་ཀྱང་། གསར་རྙེད་ཉི་མའི་ཁྱིམ་རྒྱུད་དེར་ང་ཚོ་དངོས་སུ་བསླེབ་པར་ལོ་ངོ་ས་ཡ་ཁ་ཤས་འགོར་སྲིད། ཉི་མའི་ཁྱིམ་རྒྱུད་གསར་པ་དེ་རྙེད་པར་བརྟེན་ཏེ་ང་ཚོར་རང་གི་ཉི་མའི་ཁྱིམ་རྒྱུད་ལས་བརྒལ་ཏེ། གཟའ་སྐར་གྱི་ཁྱིམ་རྒྱུད་གཞན་ཞིག་ན་ཚེ་སྲོག་ཡོད་མེད་འཚོལ་ཞིབ་བྱེད་པའི་གོ་སྐབས་དང་། དམིགས་འབེན་འཛིན་ས་ཡག་ཤོས་ཤིག་རེག་པ་རེད།

ཚན་རིག་པ་གྷིལ་ལཱོཎ་གྱིས་ “གལ་སྲིད་ང་ཚོས་ད་ལྟ་གནད་དོན་གསར་པ་ཞིག་རྙེད་པ་ཡིན་ན། རྗེས་སུ་རིམ་གྱིས་བརྟག་དཔྱད་བཏང་སྟེ། དེ་དག་དངོས་ཡིན་མིན་ལྟ་ཆོག་གི་རེད།” ཅེས་ཟེར།

འབྱུང་འགྱུར་ ༢༠༡༨ ལོར་རྒྱང་ཤེལ་གསར་པ་ཇཱེམ་སའེ་བྷེ་ཨེབ་ཨིས་པཱེས་(James Webb Space Telescope)ཞེས་པ་འདོན་འཆར་ཡོད་པ་དང་། རྒྱང་ཤེལ་དེ་བཏོན་རྗེས་འཛམ་གླིང་ནས་རྒྱང་ཐག་ལེ་དབར་(miles)ས་ཡ་གཅིག་ལྷག་གི་ཕ་རོལ་ན་འཇིག་རྟེན་ག་འདྲ་ཡོད་མེད་གསལ་ཐིང་ཐིང་གིས་བལྟ་ཐུབ་ངེས་རེད། དེས་ང་ཚོའི་ཉི་མའི་ཁྱིམ་རྒྱུད་ལས་བརྒལ་ཏེ་གཟའ་སྐར་གཞན་དག་གི་སྐོར་ལ་སྔར་ལས་ཀྱང་ཤེས་རྟོགས་མང་དུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།

དེང་སྐབས་ཚན་རིག་ཞིབ་འཇུག་པ་རྣམས་ཀྱིས་ཐེངས་འདིར་གསར་དུ་རྙེད་པའི་ཉི་མའི་ཁྱིམ་རྒྱུད་གསར་པ་དེ་དང་འདྲ་བའི་ཁྱིམ་རྒྱུད་གཞན་དང་། དེ་འདྲའི་རླུང་ཁམས་འཚོལ་གྱིན་ཡོད་པ་རེད། ཅཱི་ལཱིའི་(Chile)རྒྱལ་ཁབ་ནས་ཨིས་པཱི་ཀུ་ལུས་(Speculoos)ཞེས་པའི་རྒྱང་ཤེལ་བཞི་ཟུང་འབྲེལ་བེད་སྤྱོད་བྱས་ཏེ། འཇིག་རྟེན་ལྷོ་ཕྱོགས་ཀྱི་བར་སྣང་ལ་ཉི་མའི་ཁྱིམ་རྒྱུད་གཞན་ཡོད་མེད་འཚོལ་བཞིན་ཡོད།

གནམ་རིག་པ་གྷིལ་ལཱོཎ་ལགས་ཀྱིས། གལ་སྲིད་ནམ་ཞིག་ང་ཚོའི་ཉི་མའི་ཁྱིམ་རྒྱུད་འདི་འཇིག་སྟེ་རྩ་སྟོང་ཆགས་ཀྱང་། ཐེངས་འདིར་གསར་དུ་རྙེད་པའི་ཉི་མའི་ཁྱིམ་རྒྱུད་ཀྲཔ་པཱིས་དང་པོ་དེ་མི་འཇིག་པར་ངོ་ལོ་ཐེར་འབུམ་ལ་གནས་ངེས་རེད་ཅེས་བཤད་ཡོད་འདུག ང་ཚོའི་འཇིག་རྟེན་གྱི་ཚེ་སྲོག་མཇུག་རྫོགས་ཀྱང་ད་དུང་ཚེ་སྲོག་འཚོ་གནས་ཐུབ་པའི་རེ་བ་ཉག་གཅིག་ཡོད་པ་ནི། ཀྲཔ་པཱིས་དང་པོ་དེ་ཆགས་ཡོད་པར་ངོས་འཛིན་བྱས་ཡོད།

ཨ་རིའི་ནཱ་སཱ་ཚན་རིག་སྡེ་ཚན་གྱི་ཨིས་པཱིཏ་ཛཱར་སྡེ་ཚན་འགན་འཛིན་སྐུ་ཞབས་སཱེན་ཀཱེ་རཱི་(Sean Carey)ལགས་ཀྱིས། “ ད་རེབ་ཉི་མའི་ཁྱིམ་རྒྱུད་གསར་པ་ཀྲཔ་པཱིས་དང་པོ་རྙེད་སོན་བྱུང་བ་དེ་ནི། ལོ་ངོ་ ༡༤ ནང་ང་ཚོའི་ཨིས་པཱིཏ་ཛཱར་ཚོགས་པས་འཚོལ་སྙེག་བྱས་པའི་གྲུབ་འབྲས་ཆེ་ཤོས་དེ་ཡིན།” ཞེས་དང་། “ཨིས་པཱིཏ་ཛཱར་ཚོགས་པས་མུ་མཐུད་ནས་གསར་རྙེད་བྱུང་བའི་ཉི་མའི་ཁྱིམ་རྒྱུད་དེའི་གཟའ་སྐར་དག་གི་གནས་ཚུལ་ལ་ཞིབ་འཇུག་ནན་ཏན་བྱ་རྒྱུ་ཡིན། རྗེས་མ་ཇཱེམ་སའེ་བྷེ་ཨེབ་ཨིས་པཱེས་རྒྱང་ཤེལ་གསར་པ་ཐོན་རྗེས། སྔོན་གྱི་གནད་དོན་དག་ལ་བསྐྱར་དུ་ཞིབ་འཇུག་བྱེད་མ་དགོས་པར། མུ་མཐུད་ནས་གནད་དོན་གསར་པ་འཚོལ་ཞིབ་བྱ་ཐུབ་པ་དང་། གསར་རྙེད་ཁྱིམ་རྒྱུད་དེའི་གསང་བ་ལྐོག་གྱུར་སྔར་ལས་མང་བ་ཞིག་ཕྱིར་འདོན་ཐུབ་པའི་ཡིད་ཆེས་ཡོད།”ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese