མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུ་རེ་རྩེད་མོ་ནི་ཏཱ་ལའི་བླ་མ་མཆོག་གི་གསང་བའི་མཚོན་ཆ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༡༧/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

(དེ་ཇི་ལྟར་ཁྱོད་རང་ལའང་ཐོབ་ཐུབ།)

གལ་སྲིད། ཁྱོད་ནི་མི་ཡོངས་རྫོགས་ཀྱི་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་པ་དང་། ཁྱོད་ཀྱི་དར་མའི་མི་ཚེ་ཡོངས་རྫོགས་བཙན་བྱོལ་དུ་བསྐྱལ་བ། ཁྱོད་ཀྱི་མཛད་རིམ་ཡོངས་རྫོགས་ལ་སྐུ་སྲུང་བ་ཚོས་དོ་ནན་ཆེན་པོས་ལྟ་བཞིན་ཡོད་པ། དེ་བཞིན། ཁྱོད་ཀྱི་ཚིག་གཅིག་ལའང་འཛམ་གླིང་སྤྱིར་ཤུགས་རྐྱེན་ཐེབས་ཐུབ་པའི་ནུས་པ་སོགས་ཡོད་ན། ཁྱོད་ཀྱིས་དུས་རྟག་ཏུ་སྐད་ཆ་བཤད་རྒྱུར་འཚེར་སྣང་དང་འཇིགས་སྣང་བྱེད་དགོས་སྟབས། ཁྱོད་ཀྱི་གདོང་དུ་འཛམ་གླིང་གི་ལྗིད་ཁོག་ཡོད་ཚད་ཤར་ཡོད་ངེས།

འོན་ཀྱང་། ཁྱོད་རང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཡིན་ན། རང་ལོ་ ༨༡ ཟིན་སྐབས་ཁྱོད་ཀྱི་གདོང་གི་སྙེར་རིས་གཏིང་ཟབ་ཤོས་དེ་དག་འཛུམ་རིས་ཡིན་ངེས།

༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་གད་མོ་སློང་བའི་ཚོར་འདུ་ཤུགས་ཆེན་པོ་ཞིག་ཡོད་སྟབས། ཁོང་གིས་མི་ཚང་མ་དང་བྱ་དངོས་ཡོད་ཚད་ལས་བདེ་བ་ཞིག་ཚོར་ཐུབ་ཀྱི་ཡོད། དེར་བརྟེན། ཁོང་གིས་རྟག་པར་མི་མང་གི་ཡིད་སེམས་འགུག་ཐབས་སུ་རྩེད་མོའི་ལམ་ནས་དགོད་ཁ་སློང་བའི་ཐབས་རྩལ་བེད་སྤྱོད་གནང་གི་ཡོད། ང་རང་ཡིན་ནའང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད་དུ། མི་ཚང་མས་ཁོང་ཉིད་ལྟར་དུ་རྩེད་མོའི་ལམ་ནས་དགོད་བྲོ་བོ་བྱས་ན་ཅི་མ་རུང་བསམ་གྱི་ཡོད།

ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊའི་བཙན་བྱོལ་བོད་མིའི་གཞིས་སྒར་གྱི་ཉེ་སར་ཡོད་པའི་འབྲས་སྤུངས་དགོན་པར། བོད་དང་ཨི་མོ་རཱི་གྲོས་བསྡུར་(Emory-Tibet Symposium)ཞེས་པའི་ཚོགས་འདུ་དེའི་སྟེང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དབུ་བཞུགས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་རྩེད་མོའི་ལམ་ནས་དགོད་བྲོ་བྱེད་ཀྱི་ཡོད་པའི་རང་བཞིན་རྣམས་ལེགས་པར་བསྟན་སོང་།

འདུ་ཚོགས་དེར་ངུར་སྨྲིག་འཆང་བའི་ཨ་ནེ་དང་གྲྭ་བ་སྟོང་ཕྲག་ཁ་ཤས་དང་། འཛམ་གླིང་གི་སྙན་གྲགས་ཅན་གྱི་ཚན་རིག་པ། དེ་བཞིན། བོད་མི་དང་། ཁོང་གི་རྗེས་འཇུག་པ་མང་པོ་ཞིག་གིས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་བྱས་ཏེ་རང་རང་གི་ཤེས་བྱ་གོང་མཐོར་ཇི་ལྟར་གཏོང་བའི་ཐབས་ལམ་ཤེས་འདོད་སྐྱེས་ཏེ་ཕེབས་འདུག

ཚོགས་འདུ་དེའི་བརྗོད་བྱ་ཧ་ཅང་གཏིང་ཟབ་མོ་ཡིན་པ་ལྟར། མི་མང་ཚོས་ཀྱང་གཟབ་ནན་དང་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག ཁོང་ཚོས་དགོན་པའི་འདུ་ཁང་ནང་ཚོགས་འདུར་སྒུག་སྡོད་པའི་སྐབས་སུ་སྐད་ཆ་ཤབ་ཤོབ་ཏུ་བཤད་ཅིང་། མཚམས་ཤིག་ལ་ཚང་མའི་སྐད་གདངས་དམའ་བོ་བྱས་ཏེ། ཁུ་སིམ་པོའི་ངང་ལུས་པོ་ཀྲོང་ངེར་བསྡད་སོང་།

༸གོང་ས་ཏཱ་ལའི་བླ་མ་མཆོག་ཟུར་སྒོ་ཞིག་ནས་ཡར་ནང་དུ་ཕེབས་སྐབས། མི་ཚང་མ་ཡར་ལངས་ཏེ་འགྱིག་གི་རྐུབ་སྟེགས་རྣམས་ཀྱི་སྒྲས་ཚོགས་ཁང་ནང་བྲག་ཆ་འཁོར་བྱུང་། དེར་མ་ཟད་དགའ་བསུའི་ཐལ་སྒྲས་འདུ་ཁང་གི་ལྷིང་འཇགས་ཡོངས་སུ་དཀྲོགས་ཤིང་། ཁ་ཤས་ཀྱིས་ཞ་ལའི་སྟེང་དུ་ཕྱག་ཀྱང་འཚལ་གྱིན་འདུག

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཐའ་འཁོར་དུ་སྲོལ་རྒྱུན་གྱོན་ཆས་སྤྲས་པའི་གྲྭ་པ་འགའ་དང་། དེང་རབས་ནུབ་ཕྱོགས་གྱི་ལྭ་བ་གྱོན་པའི་སྐུ་སྲུང་བ་འགས་སྐོར་ནས་ཕེབས་བྱུང་། ཁོང་གི་གོམ་པའི་འདེགས་འཇོག་ཧ་ཅང་ལྷོད་ལྷོད་ཀྱིས་ཆིབས་ཕེབས་གནང་གི་འདུག་ལ། སྐབས་དེར་ཁོང་གི་ཞབས་ཞུ་བ་གྲྭ་བ་གཉིས་ཀྱིས་མདུན་ནས་གུས་ཞབས་ཆེན་པོས་ཐེམ་པ་ཆུང་ངུ་ཁ་ཤས་ཡོད་པ་དེ་ཁོང་ལ་བསྟན་གནང་སོང་།

ཚོགས་འདུའི་མཐའ་མར་༸ཁོང་གི་ཞལ་མཇལ་བར་འདུ་འཛོམས་བྱས་པའི་མི་མང་རྣམས་ལ་ཕྱག་གཡུག་གཡུག་གནང་པ་དང་། ཧ་ཅང་ཐུགས་བརྩེ་བ་ཆེན་པོས་བཞིན་འཛུམ་བཞིན་བཞད་མོ་གནང་གི་འདུག

“ཁྱེད་ཀྱི་ཞལ་ནས་འཛུམ་མདངས་སྟོན་སྐབས། ངས་ཁྱེད་ཀྱི་མཐའ་འཁོར་དུ་ཡོད་པའི་མི་ཚང་མས་ཀྱང་མིག་གིས་ཁྱེད་ལ་ཅེར་ཏེ་གད་མོ་དགོད་བཞིན་པ་མཐོང་བྱུང་། དེ་ནི་ཧ་ཅང་ཚོར་བ་དང་ལྡན་པ་ཞིག་རེད།” ཅེས་སི་ཨེན་ཨེན་གསར་ཁང་གི་གསོ་རིག་རྩོམ་སྒྲིག་པ་སཱན་ཇྷེ་གུཔྟ་(Dr Sanjay Gupta)ལགས་ཀྱིས། བགྲོ་གླེང་དེ་གྲུབ་སྟེ་༧གོང་ས་མཆོག་ལ་བཅར་འདྲིའི་སྐབས་བརྗོད་བྱུང་།

༸གོང་ས་མཆོག་གིས་འཇགས་ལན་དུ། “ང་ཚོ་ནི་འཇིག་རྟེན་འདིའི་ཐོག་གི་སྤྱིར་བཏང་གི་སེམས་ཅན་ཞིག་རེད།” “ང་ཚོར་གྲོགས་པོ་དགོས་ཀྱི་ཡོད་པ་རེད། གྲོགས་པོ་ཡག་པོ་ཞིག་ཆགས་པ་ལ་ཕན་ཚུན་ཡིད་ཆེས་དགོས་པ་རེད། དེ་ལ་ང་ཚོས་ཕར་གུས་བརྩི་དང་བརྩེ་བ་ལྷད་མེད་ཅིག་སྤྲད་ན། ཁྱོད་ལ་ཚུར་ཡིད་ཆེས་ཡོང་གི་རེད། དེར་བརྟེན། ལྷད་མེད་པ་དང་སྙིང་ཉེ་བའི་འཛུམ་མདངས་དེ་ཆ་ཤས་ཤིག་ཆགས་ཡོད། འཛུམ་མདངས་དེ་ནི་ངོ་མ་ཞིག་རེད།”ཅེས་བཀའ་གནང་ཡོད།

འོན་ཀྱང་། མཚམས་རེར་ཆོབ་སློང་བ་ནི་མི་ཚོགས་འགུག་བྱེད་ཀྱི་ཐབས་ལམ་ཡག་པོ་ཞིག་ཡིན་པ་ནི་བསྙོན་མེད་རེད། བགྲོ་གླེང་ཚོགས་འདུ་དེའི་མཇུག་ཏུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཤིང་གི་རྐུབ་སྟེགས་ཤིག་ཏུ་བཞུགས་སོང་། རྐུབ་སྟེགས་དེའི་སྟེང་ཁོང་ལ་རྒྱབ་སྙེ་སའི་སྔས་མགོ་ཞིག་བཞག་འདུག སྔས་མགོ་དེ་ཕལ་ཆེར་གྲྭ་པ་ཞིག་གིས་༸རིན་པོ་ཆེ་མཆོག་སྐུ་ཐང་མི་ཆད་པའི་ཕྱིར་དུ་རང་གི་ཉལ་སའི་ནང་ནས་འཁྱེར་ཡོང་བ་ཞིག་ལ་འདྲ་བོ་འདུག

མི་ཚོགས་རྣམས་ཁུ་སིམ་མེར་༸གོང་ས་མཆོག་གིས་བཀའ་སློབ་ག་རེ་གནང་གི་ཡོད་ན་བསམ་ནས་སྒུག་འདུག ཁོང་གིས་ཞལ་འདོན་སྨོན་ལམ་མ་གསུངས་སྔོན་ལ་སྤྱན་ཕྱི་བའི་དུས་ཚོད་ཏག་ཏག་ཟིན་པ་འདྲ། ཕྱི་རས་དཀར་པོ་ཞིག་གིས་ཧ་ཅང་ལྷོད་ལྷོད་ངང་སྤྱན་ཕྱིས་རྗེས། ཕྱི་རས་དཀར་པོ་དེ་གམ་གྱི་མདུན་ཅོག་སྟེང་མ་བཞག་པར་རང་གི་དབུ་ཐོག་ཏུ་བཀབ་སོང་། དེ་ནི་དབུ་ཞྭ་ཁྱད་མཚར་ཞིག་དང་འདྲ་བར་ཡུན་རིང་པོར་བསྡད་སོང་། དགོད་བྲོ་བ་ཞིག་ཀྱང་རེད། ཁོང་གིས་ཕྱི་རས་དཀར་པོ་དེ་དབུ་ཐོག་ཏུ་གྱོན་ནས་ཆུ་ཚོད་གཅིག་ལྷག་ཕྱིན་རྗེས་ཚོགས་འདུའི་ཚོགས་ཐུན་དང་པོ་གྲོལ་སོང་།

ཁོང་གི་མདུན་ཅོག་དམའ་བོ་དེའི་སྟེང་རྒྱུན་ལྡན་ལྟར་ཤེལ་སྡེར་ཞིག་གི་ནང་དུ་བྱི་རིལ་གང་བཞག་འདུག ཁོང་གིས་དེ་ལག་ཏུ་བླངས་ཏེ། “འདི་ནི་མཛེས་བཀོད་བྱེད་ཆེད་མ་རེད།” ཅེས་གད་མོ་སློང་ཞོར་དུ། ཁོང་གིས་ཁོང་ལ་ “བཟའ་” ཞེས་གསུངས་རྗེས། དེ་མ་ཐག་སེར་མདོག་གི་ཤོག་བུས་བསྒྲིལ་བའི་བྱི་རིལ་གཅིག་ཁ་ཕྱེས་ཏེ་བཞེས་གནང་སོང་།

ཁོང་གི་དགོད་བྲོའི་ཀུན་སྤྱོད་དང་། གད་མོ་དགོད་སྟངས། ཆོབ་སློང་སྟངས་དེ་དག་ནི་ཐབས་བྱུས་ཤིག་རེད། སྐབས་དེའི་ཚོགས་འདུར་བཅར་བའི་མི་རྣམས་གད་མོ་བགད་དེ་ཚང་མ་གྲུང་རིལ་རིལ་ཆགས་སོང་། ད་ནི་ཚང་མ་བརྗོད་གཞི་གཏིང་ཟབ་མོའི་བགྲོ་གླེང་དེར་ཉན་རྒྱུར་སྟ་གོན་བྱེད་ཀྱིན་འདུག བགྲོ་གླེང་གི་བརྗོད་གཞི་ནི། “འཇིག་རྟེན་གྲུབ་པའི་གཞི་རྩའི་རྒྱུ་རྐྱེན་གང་ཡིན་པ་དང་། དེ་དག་ཇི་ལྟར་འཕེལ་འགྱུར་འགྲོ་བཞིན་ཡོད་པ།” དེ་བཞིན། “ཤེས་བྱ་ཞེས་པ་ཇི་ལྟར་ངོས་འཛིན་ཚུལ་དང་། ཤེས་བྱ་ངོས་འཛིན་བྱེད་པར་རིག་པ་ཡང་དག་གང་ཡོད་དམ།”ཞེས་པ་སོགས་རེད།

རྗེས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐུ་ཞབས་གུཔྟ་ལགས་ཀྱིས་དེ་ལྟར་དགོད་བྲོ་བོ་ཅན་གྱི་ཕྱི་རས་དཀར་པོ་དབུ་ཐོག་ཏུ་བཞེས་དོན་གང་ཡིན་དྲིས་པར། ཁོང་གིས། ཁོང་ཚ་བས་འཚིག་སོང་། ཁོང་ནི་འཛེམ་དོགས་བྱེད་དགོས་མཁན་ཞིག་མིན་ཞེས་གསུངས། འོན་ཀྱང་། ཁོང་གི་ཚིག་དེས་གཏིང་ཟབ་པའི་བརྡ་ཞིག་སྟོན་གྱི་ཡོད། དེ་ནི་མགོ་ཁྲིད་རྣམས་ལ་གལ་ཆེན་པོ་རེད། ལྷག་པར་དུ་ཆོས་ལུགས་དབུ་ཁྲིད་ཚོས་ “མི་ནང་བཞིན་བྱེད་དགོས་” ཀྱི་ཡོད་པ་དང་། སྣང་བ་སྐྱིད་པོའི་ཐོག་ནས་དགོད་བྲོ་བོ་བྱེད་དགོས་པ་བསྟན་ཡོད། ད་དུང་ཁོང་གིས་ཡང་ནས་བསྐྱར་དུ་ “ཚང་མས་ཧ་ཅང་འདྲ་ཆགས་པོ་”བྱེད་ཀྱིན་འདུག “དེ་ནི་རང་གིས་རང་ལ་མནར་གཅོད་གཏོང་གི་ཡོད་པ་རེད་” ཅེས་གསུངས་ཡོད།

ཆོས་ལུགས་དབུ་ཁྲིད་གཞན་དག་ཚོས་ “སྔར་ཁ་ནས་མ་བཤད་པ་དང་དམིགས་བསལ་བ་” གང་ཡང་བྱེད་ཀྱི་མེད་སྟབས། མཚམས་རེར་༸གོང་ས་ཏཱ་ལའི་བླ་མ་མཆོག་ཆོས་ལུགས་དབུ་ཁྲིད་དེ་ཚོར་ “མཐོང་སྣང་ཁྱད་མཚར་” དེ་འདྲ་ཡོང་གི་ཡོད་འདུག་ཀྱང་། དབུ་ཁྲིད་དེ་ཚོར་ཡང་གུས་ཞབས་བྱེད་དགོས་པར་ཁོང་གིས་གཟིགས་ཀྱི་ཡོད་པ་རེད། ཁོང་གིས། མཚམས་རེར་ཡིད་ལ་དྲན་མ་མྱོང་བའི་གནད་དོན་དེ་འདྲ་བྱུང་སྐབས། དབུ་ཁྲིད་དེ་ཚོས་ཀྱང་ “མི་ནང་བཞིན་” བྱ་རྒྱུར་རེ་བ་གནང་གི་ཡོད། ཅེས་གསུངས།

ཁོང་གིས་ “༡༩༥༤ ལོར་ང་པེ་ཅིན་དུ་ཡོད་སྐབས་ང་ལ་ཉམས་མྱོང་འདི་བྱུང་མྱོང་།” “རྒྱ་གར་གྱི་སྐུ་ཚབ་ཚོས་ང་ཁོང་ཚོའི་སྡོད་ཤག་ཏུ་སྐད་བཏང་སོང་། སྐབས་དེར་རྒྱུན་ལྡན་ལྟར་རྒྱ་མིའི་ཕྱི་སྲིད་བློན་ཆེན་རྣམས་ཀྱང་ཡོད། ང་ཚོ་ཚང་མས་ཧ་ཅང་འདྲ་ཆགས་པོ་བྱས་པ་རེད།” ཅེས་གསུང་བཞིན་སྐབས་དེའི་གནང་སྟངས་ལད་མོ་གནང་སོང་།

ད་དུང་ཁོང་གིས། “སྐབས་དེར་ང་ཚོ་ཚང་མས་ཅིག་ཡིན་དོག་དོག་བྱས་སྟབས། གནད་དོན་ཁ་ཤས་ཐོག་གྲུབ་འབྲས་བྱུང་ཡོད་ཀྱང་། ཁ་ཤས་དོན་མེད་ཆགས་པ་རེད།” ཅེས་གསུངས། རིན་པོ་ཆེ་མཆོག་གིས་སྐབས་དེའི་བྱེད་སྟངས་ལ་བཞད་གད་གནང་ཞོར་དུ་ལད་མོ་གནང་བས་མི་ཚང་མ་གད་མོ་བགད་བྱུང་།

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཚང་མར་དགོད་བྲོ་བོ་ཅན་དང་བདེ་སྣང་འཚོལ་དགོས་པའི་དགོངས་ཚུལ་བསྟན་ཡོད། ཁོང་གི་ཕྱག་དཔེ་ ༼ངའི་ཆོས་ཀྱི་འགྲུལ་བཞུད།༽ (My Spiritual Journey)ཞེས་པའི་ནང་། ཁོང་གིས་ཁོང་ནི་ “བཞད་མོའི་ཆེད་སྦྱོང་བ་” ཡིན་ཤིང་། ཁོང་ནི་སྤྲོ་ཉམས་ལྡན་པའི་ཁྱིམ་ཚང་ཞིག་ནས་ཡོང་བ་ཡིན་ཞེས་གསུངས་ཡོད། ཁྱིམ་ཚང་དེར་ “ང་ཚོས་སྐྱིད་སྣང་བྱས་པ་དང་། ཕན་ཚུན་སྙད་བརྐོ་རེས་བྱས་པ། དགོད་བྲོ་བོ་བྱས་པ། དེ་ཚོ་ནི་ང་ཚོའི་གོམས་གཤིས་རེད།” ཅེས་གསུངས་ཡོད།

ཞིབ་འཇུག་བྱས་པ་བརྒྱུད་དེ། དུས་རྒྱུན་དགོད་བྲོ་བོ་བྱེད་མཁན་དང་། ཉིན་རེའི་འཚོ་བའི་ནང་སྤྲོ་སྣང་ལྡན་པའི་ངང་སྐྱེལ་མཁན་ཚོར་སེམས་ཚེགས་ཀྱི་ཚད་གཞི་དམའ་བ་མ་ཟད། མི་དེ་དག་གི་འཁོར་ཡུག་གི་མི་རྣམས་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད།

དགོད་བྲོ་བོ་དང་སྤྲོ་སྣང་ལྡན་པའི་ངང་འཚོ་བ་སྐྱེལ་མཁན་ཚོར་སྤྱི་ཚོགས་ནང་དོ་སྣང་དང་དགའ་མོས་བྱེད་མཁན་མང་བ་ཡོད་ལ། མི་དེ་ཚོས་གཞན་གྱི་སྡུག་བསྔལ་ལ་བསམ་ཤེས་བྱེད་པའི་ཚད་གཞི་ཡང་མི་དཀྱུས་མ་ཚོ་ལས་ཤུགས་ཆེ་བ་ཡོད། མི་དེ་རིགས་ལ་དུས་རྒྱུན་ཉོབ་སྣང་མེད་པར་གྲུང་ཤ་དོད་པོ་ཡོད་པ་དང་། ཤེས་བྱ་གང་ཞིག་ཡིན་ཡང་དེ་སྦྱོང་ཐུབ་པའི་ནུས་པ་ཡོད། ད་དུང་མི་དེ་དག་ལ་གྲོགས་པོ་དང་རོགས་པའང་མི་གཞན་ལས་མང་བ་རེག་གི་རེད། ཞིབ་འཇུག་བྱས་ཏེ་ཤེས་རྟོགས་བྱུང་བར། མི་ཚང་མས་སོ་སོའི་མི་ཚེ་ནང་བདེ་སྐྱིད་ཡོང་ན་འདོད་ཀྱི་ཡོད་པ་ལྟར། དགོད་བྲོ་བྱེད་ཐུབ་མཁན་ཚོའི་མི་ཚེའི་ནང་བདེ་སྐྱིད་མང་བ་ཐོབ་ཡོད་པ་ཤེས་རྟོགས་བྱུང་ཡོད།

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས། མི་ཞིག་གི་མི་ཚེ་ཐབས་སྡུག་གི་གནས་སྟངས་གང་འདྲ་ཞིག་གི་ནང་ལྷུང་ཡོད་ཀྱང་། དགོད་བྲོ་བོ་དང་རྩེད་མོའི་ལམ་ནས་སྣང་བ་སྐྱིད་པོ་བྱས་ན། སྡུག་བསྔལ་དེ་འཁུར་ཐུབ་པ་དང་བཟོད་བསྲན་གྱི་ནུས་པ་ཆེན་པོ་ཡོད་སྟབས། མི་དེའི་སྡུག་བསྔལ་དེ་དག་སེལ་ཐུབ་པར་ཕན་ཐོགས་ཡོད་པའི་ཡིད་ཆེས་གནང་གི་ཡོད་པ་རེད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ “བསམ་བློ་སྡུག་ཕྱོགས་ཁོ་ན་ནས་བཏང་ན། བསམ་བློ་དེའི་ཁྱོད་ལ་རོགས་པ་བྱེད་ཐུབ་པ་མ་རེད་ལ། གྲུབ་འབྲས་ཡག་པོ་ཞིག་འཐོན་རྒྱུར་ཡང་ཕན་ཐོགས་གང་ཡང་མེད། ད་དུང་དེ་ལས་ལྡོག་སྟེ་སེམས་ཀྱི་ཞི་བདེ་ཡོངས་རྫོགས་འཁྲུག་ཏུ་བཅུག་འགྲོ་བ་རེད།” “ང་འཛུམ་མདངས་སྟོན་རྒྱུར་དགའ་པོ་ཡོད། ངས་མཐོང་འདོད་པ་དེ་ཡང་འཛུམ་མདངས་ཡིན། འཛུམ་མདངས་ངོ་མ་དེ་ཡིན། གལ་སྲིད་ང་ཚོས་འཛུམ་མདངས་ངོ་མ་དེ་འདོད་ན། ང་ཚོས་ངེས་པར་དུ་འཛུམ་མདངས་འབྱུང་སའི་རྒྱུ་རྐྱེན་ཞིག་བསྐྲུན་དགོས་ཀྱི་ཡོད།” ཅེས་གསུངས་ཡོད།

སྒྱུར་མཆན། གོང་གི་རྩོམ་ཡིག་དེ་ ༢༠༡༧ ཟླ་ ༢ ཚེས་ ༧ ཉིན་སི་ཨིན་ཨིན་གསར་ཁང་གི་འཕྲོད་བསྟེན་སྐོར་གྱི་དཔྱད་བརྗོད་པ་(Jen Christensen)ལགས་ཀྱིས་སྤེལ་ཡོད་པ་འདི་གསར་ཁང་གིས་དོན་སྒྱུར་གཙོ་བོ་བཟུང་སྡེ་བསྡུ་སྒྲིག་བྱས།

མ་ཡིག་འབྲེལ་ཐག http://edition.cnn.com/2017/02/07/health/dalai-lama-humor-how-you-can-have-it-too/index.html

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

སྐར་མ ༢༣ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese