མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུ་མོའི་འཚེར་སྣང་དང་ངའི་ལོ་རྒྱུས།

བོད་ཀྱི་དུས་བབ།
༢༠༡༧/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་དབྱིན་ཡིག་ནང་སྤེལ།

སྤྱིར་བོད་མིའི་ཁྲག་རྒྱུན་ལ་འཚེར་སྣང་རྒྱུག་གིན་ཡོད་པ་དང་། ཡང་སྒོས་བོད་པའི་བུ་མོ་ཚོར་ཚོར་སྣང་དེ་ཤུགས་ཆེན་པོ་ཡོད་པའི་བཤད་སྲོལ་ཞིག་ཡོད། འཚེར་སྣང་དང་ཁུ་སིམ་པོར་བསྡད་ན་མི་དེ་ཞི་འཇམ་པོ་དང་ཀུན་སྤྱོད་ཡ་རབས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ང་ཚོས་བུ་མོ་ཡིན་ཚུན་ཆད་ལ་ཁྱད་ཆོས་དམིགས་བསལ་བ་ནི། འཚེར་སྣང་དང་། ལྷག་བསམ། ཉམས་ཆུང་། ཁེངས་སྐྱུང་། དམའ་ས་འཛིན་པ། ཡིན་ལུགས་ཚུལ་ལྡན་སོགས་ཡོད་དགོས་ཟེར་གྱིན་ཡོད།

གུས་མོ་བོད་ཀྱི་བུད་མེད་ཅིག་ཡིན་སྟབས། གུས་མོའི་རང་གཤིས་ལའང་ཁྱད་ཆོས་དམིགས་བསལ་བ་དེ་ཚོ་འཇོག་ཆེད་དུ་ཐབས་ཤེས་བྱས་ཡོད། དཔེར་ན། གུས་མོའི་ཨ་མ་ལགས་ཀྱིས་གུས་མོ་ནར་སོན་དུས་སྐད་ཆ་བཤད་རྒྱུ་མང་གི་འདུག་གསུངས་ནས་སྐད་ཆ་མང་པོ་བཤད་མ་བཅུག་པ་དང་། ཁོང་མོས་རྒྱུན་དུ་ “བུ་མོ་ཞིག་གིས་ཧ་ཅང་ཁུ་སིམ་པོ་ཁ་ཅི་ཡང་གྲགས་རྒྱུ་མེད་པ་དེ་འདྲ་ཡང་བྱེད་མི་ཉན་ལ། བུ་ཞིག་གིས་སྐད་ཅོར་ཚ་བོ་སྨྱོན་པ་ནང་བཞིན་ཡང་བྱེད་མི་ཉན་”ཞེས་གསུངས་ཤིང་ཁ་ཏ་བསླབ་བྱ་གནང་གི་རེད། དེ་འདྲའི་བསམ་བློ་གཏོང་ཕྱོགས་ནི་དུས་ཚོད་ཅིག་ལ་བོད་པའི་སྤྱི་ཚོགས་ནང་ཡོངས་གྲགས་རེད། སྐབས་དེར་བུ་མོ་ལས་བུ་ལ་ལྟ་ཚུལ་བཟང་པོ་ཡོད་པ་དང་། དེས་ཕོ་མོ་དབྱེ་འབྱེད་ཀྱི་ལྟ་ཚུལ་ཡོད་པ་གསལ་པོར་བསྟན་གྱི་ཡོད།

དེ་བཞིན། ང་ཚོར་ཕྲུ་གུ་ལོ་ཆུང་རྣམས་ཀྱིས་མི་རྒན་པའི་མཉམ་དུ་འགྲོ་མི་ཉན་ཞེས་ལབ་པ་མ་ཟད། དམིགས་བསལ་གྱི་མི་རྒན་པའི་ལས་ཀ་ལ་ཇུས་གཏོགས་བྱ་མི་དགོས་ཞེས་བཀའ་སྐྱོན་གནང་གི་རེད། གལ་སྲིད་ཕྲུ་གུ་ཞིག་གིས་མི་རྒན་གྲལ་དུ་མཉམ་ཞུགས་བྱེད་པར་འཚེར་སྣང་མ་བྱས་ན། ཕྲུ་གུ་དེ་ནི་རང་གཤིས་རྩུབ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་རེད།

མཐར་གུས་མོ་སློབ་གྲྭ་འགྲོ་སྐབས་གོང་གི་བསླབ་བྱ་དེའི་ཤུགས་རྐྱེན་རྒྱུད་ལ་འཇགས་ཚར་ཡོད། གུས་མོ་བློ་ཁོག་མེད་པ་དང་འཚེར་སྣང་ཅན་ཆགས་ཡོད་སྟབས། སློབ་གྲྭའི་ནང་དགེ་རྒན་ལ་དྲི་བ་འདྲི་མ་ཐུབ་ཅིང་གཞན་ལ་ཡ་ལན་སྤྲད་མ་ཐུབ་པ་མ་ཟད། མགོ་བོའང་ཡར་འདེགས་ཐུབ་ཀྱི་མེད། སློབ་གྲྭའི་ནང་གི་ལས་ཀ་ཡོད་ཚད་ལ་མཉམ་ཞུགས་བྱས་ཏེ། རང་གི་ལོ་མཉམ་བུ་དང་། ངོ་མི་ཤེས་པའི་མི། རང་ལས་རྒན་པའི་མིར་ཁ་ཏ་བྱ་མི་ཐུབ་པ་མ་ཟད། སྐབས་དེར་སོ་སོའི་སེམས་གཏིང་གི་འདོད་པ་ལྟར་སློབ་གྲྭའི་གར་སྟེགས་སྟེང་དུ་བྲོ་འཁྲབ་པ་དང་གླུ་ལེན་པ་སོགས་བྱ་རྒྱུར་ཡང་གཉའ་བཅག་འཇོག་གི་ཡོད་པ་རེད།

ཐེངས་ཤིག་གུས་མོ་སློབ་གྲྭའི་ཟློས་གར་ཚོགས་པའི་འཁྲབ་སྟོན་པར་འདེམས་སྒྲུག་བྱས་སོང་། གུས་མོར་མཚོན་ན། འཚེར་སྣང་གི་དབང་གིས་དེར་མཉམ་ཞུགས་བྱས་ཏེ་མི་མང་གིས་དོ་སྣང་ཆེན་པོས་ལྟ་བཞིན་པར་གདོང་ལེན་བྱེད་མི་ཐུབ་མཁན་ཞིག་ཡིན་ཡང་སྐབས་དེར་འཁྲབ་སྟོན་བྱེད་མི་ཐུབ་ཅེས་ཕར་བཤད་ཀྱང་ཕོད་མ་སོང་། འཚེར་སྣང་གི་ཁྱད་ཆོས་དེས་རྐྱེན་བྱས་ནས་རང་གི་འདོད་པ་དང་ཚོར་བ་དེ་དག་གློ་བུར་དུ་མནན་དགོས་ཐུག་ཡོད། སོ་སོའི་གསང་བ་དང་སྒེར་གྱི་གནད་དོན་ཞིབ་ཚགས་བརྗེ་ལེན་བྱ་རྒྱུ་ནི་བློ་ཡུལ་དུའང་ཤར་མྱོང་མེད། སྐབས་དེར་ང་ཚོས་སོ་སོའི་ཨ་མར་ཡིན་རུང་རང་གི་ཟླ་མཚན་དང་། ལུས་པོའི་བདེ་འཇགས་དང་འཕྲོད་བསྟེན་སྐོར་ཁ་གསལ་པོ་ཞིག་བཤད་མི་ཆོག་ཅིང་། བཤད་ནའང་སྤྱི་ཚོགས་ཀྱི་ལམ་སྲོལ་དང་འགལ་བའི་སྐད་ཆ་ཞིག་རེད་ཟེར།

གུས་མོས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དབང་གིས་མིའི་བསམ་བློ་གུ་དོགས་པོ་དང་འཚེར་སྣང་ལ་གོ་ནོར་ཐེབས་པ་ཤེས་ཀྱི་ཡོད། དེར་བརྟེན། གུས་མོས་སུ་ལའང་གནས་སྟངས་དེ་འདྲ་ཞིག་བྱུང་སོང་ཞེས་སྐྱོན་བརྗོད་བྱེད་ས་མེད།

དེ་རིང་གུས་མོས་རྒྱུ་མཚན་མེད་པར་འཚེར་སྣང་བྱ་རྒྱུ་མེད་པ་ཤེས་སོང་། དེ་ནི་རང་གི་ཉམས་མྱོང་དངོས་ལ་བརྟེན་ནས་དེ་འདྲ་ཞིག་ཡིན་པ་ཤེས་སོང་། གུས་མོས་རང་གི་འཚེར་སྣང་ལ་བརྟེན་ནས་གོ་སྐབས་བཟང་པོ་མང་པོ་ཤོར་བ་དང་། རང་གི་ཤེས་བྱ་ཡོན་ཏན་གྱི་ཐོས་རྒྱ་དང་མཐོང་རྒྱ་གཏིང་ཟབ་ཅིང་རྒྱ་ཆེར་གཏོང་བའི་ནུས་པ་རྣམས་ཀྱང་བེད་སྤྱོད་བྱེད་མ་ཐུབ་པར་མི་ཚེར་གྱོང་རྒུད་ཆེན་པོ་ཞིག་བྱུང་བ་ཚོར་གྱིན་འདུག གུས་མོའི་ཆུང་དུས་ཀྱི་བསམ་བློ་གཏོང་ཕྱོགས་དང་ཀུན་སྤྱོད་དེ་དག་གིས་གུས་མོར་རྒྱུ་མཚན་མེད་པ་དང་། རིག་པར་འགལ་བའི་བསམ་བློ་འཁུར་ནས་འཚར་ལོངས་བྱས་བཅུག་སྟབས། ད་ཆ་གུས་མོ་བློ་ཁོག་མེད་ཅིང་དམིགས་ཡུལ་མེད་པ། རེ་བ་ཆེན་པོ་མེད་པ། མ་འོངས་པར་བསྒྲུབ་བྱ་དང་འདུན་པ་གང་ཡང་མེད་པའི་མི་ཞིག་ཏུ་གྱུར་ཡོད། དཔེར་ན། ད་གུས་མོས་རང་ཉིད་ཀྱི་རེ་བ་དང་འདོད་པ་ཞིག་སྒྲུབ་འདོད་ཀྱང་བསྒྲུབ་ཐུབ་རྒྱུ་ཁག་པོ་རེད། ད་ལྟ་གུས་མོའི་མི་ཚེ་ལ་གང་ཞིག་བྱུང་ཡང་དེ་ཉིད་དང་ལེན་བྱས་ཏེ། གང་ཡང་མ་བྱུང་བ་བཞིན་སྡོད་རྒྱུ་ལས་ཅི་ཡང་ལྷག་མེད་པ་མ་ཟད། ད་ལྟ་གཞུང་གི་ལས་སྣེར་ཞུགས་ཡོད་སྟབས་མ་འོངས་པར། དེ་འདྲ་མི་འབྱུང་བའི་ཆེད་དུ་སྐུ་ཚབ་ཅིག་གི་ཚུལ་གྱིས་མི་གཞན་ལ་སེམས་ཤུགས་སྤར་རྒྱུ་ཡང་ཁག་པོ་ཆགས་ཡོད།

གུས་མོ་རང་ཉིད་ཀྱིས་དངོས་སུ་མྱངས་པའི་ཉམས་མྱོང་དང་རང་ཉིད་ལ་བསམ་བློ་ནན་པོ་གཏོང་དུས། སོ་སོའི་ཕྲུ་གུའི་རྒྱུད་ལ་འཚེར་སྣང་འཇགས་ཐབས་ཀྱི་ལམ་སྲོལ་དེས་འཕྲལ་ཕུགས་ལ་ཕན་ལས་གནོད་ཆེ་བ་ཡོད་པའི་དཔང་རྟགས་བྱེད་བཞིན་པ་ཚོར་གྱིན་འདུག དེར་བརྟེན། དེར་དོ་སྣང་དང་སེམས་འཁུར་བྱེད་མཁན་ཚོས། གུས་པས་བདག་ཅག་གིས་འཚེར་སྣང་འཇགས་ཐབས་ཀྱི་ལམ་སྲོལ་དེར་སྒེར་གྱིས་ཞིབ་འཇུག་བྱས་པ་དེ་ཉིད་གཞན་ལ་བརྒྱུད་བསྐུལ་བྱེད་དགོས་པ་འདུག་དྲན་གྱིན་ཡོད་ལ། རང་གི་ཕྲུ་གུའི་རྒྱུད་ལ་འཚེར་སྣང་འཇོག་ཐབས་བྱེད་མཁན་གྱི་ཀློག་པ་པོ་རྣམས་ལ་འཚེར་སྣང་གི་མཇུག་འབྲས་ངོ་སྤྲོད་ཡོང་བའི་རེ་བ་ཡོད།

ལམ་འགྲོ་མེད་པར་གུས་མོས་ཆུང་དུས་མི་ཚེ་ནི་འཚེར་སྣང་ཞིག་དང་དམའ་ས་ཁོ་ན་བཟུང་ནས་བསྐྱལ་དགོས་པ་ཆགས་སོང་བསམ་གྱིན་འདུག གུས་མོས་རང་གི་གདེང་ཚོད་བརླགས་སྟབས། དེ་དང་ལྷན་དུ་ཉམས་མྱོང་དང་བློ་སྐྱེད་གསར་པ་ཡོང་ཆེད་འབད་པ་བྱ་རྒྱུའི་སྤྲོ་སྣང་དང་དབྱིངས་ཀྱང་བརླགས་ཏེ། རང་རྒྱུད་ལ་ཧ་ཅང་འཇིགས་ཤིང་ཁུམས་པའི་བློ་དེ་སྙོར་སྐྱོང་བྱས་དགོས་བྱུང་སོང་ལ། གུས་མོས་གཞན་གྱི་མདུན་སར་འཁྲབ་སྟོན་བྱེད་པའི་ནུས་པའང་མེད་པ་ཆགས་ཤིང་། ནམ་ཡང་སེམས་འཚབ་ཀྱིས་བཟུང་ནས་ལས་ཀ་གང་ལའང་མཉམ་ཞུགས་བྱེད་མ་ཐུབ་པ་ཞིག་ཏུ་གྱུར། དེ་འདྲའི་འཇིགས་ཞུམ་གྱི་བློ་དེར་བརྟེན་ནས་གུས་མོས་རང་གི་བསམ་ཚུལ་དང་། ཚོར་བ་སོགས་ཕྱིར་སྟོན་མ་ཐུབ་པ་ཆགས་སོང་། གུས་མོ་སྤྱི་ཚོགས་ཀྱི་འདོད་མོས་དང་རང་གི་ནུས་པ། མ་འོངས་པའི་བརྩི་འཇོགས་ལ་བློས་གཞིགས་ཏེ་ནམ་ཡང་ས་མཚམས་ཞིག་ལས་མ་བརྒལ་བར་སྡོད་དགོས་བྱུང་སོང་།

གུས་མོས་རང་གི་མྱོང་བ་གཞིེར་བཞག་སྟེ་སྐུལ་མ་བྱེད་འདོད་པ་ནི། མི་སུ་ཞིག་ཡིན་རུང་འཚེར་སྣང་བྱེད་དགོས་པ་མེད་ལ། རང་ཉིད་ཀྱི་གདེང་ཚོད་དང་རང་མཐོང་ལ་ཕན་པའི་བྱ་བ་བསྒྲུབ་ཕྱིར་མདུན་དུ་ཕྱོགས་ཏེ་ལག་ལེན་བསྟར་དགོས་པ་རེད། རང་ལ་ཡོད་པའི་འཚེར་སྣང་གི་རང་བཞིན་དེ་མེད་པར་བཟོ་ཕྱིར་གདེང་ཚོད་ལྡན་པའི་ངང་སྐད་ཆ་བཤད་སྟངས་བསླབ་སའི་སྦྱོང་བརྡར་ཁང་དང་གཟབ་སྦྱོང་ཁག་ལ་མཉམ་ཞུགས་བྱེད་དགོས་ཀྱི་འདུག ལམ་སང་ཡར་རྒྱས་འགྲོ་རྒྱུ་ཁག་པོ་ཡིན་ཡང་། དེས་མ་འོངས་པར་རང་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་རེད། རང་གི་བསམ་བློ་དང་འདོད་པར་གཞིགས་ཏེ་བརྟག་དཔྱད་བྱེད་ཆེད་བློ་རྒྱ་ཆེན་པོ་བསྐྱེད་དགོས་པ་དང་། དཀའ་ངལ་གསར་པ་ཁག་ལ་གདོང་ལེན་བྱེད་ཆེད་ཉམས་མྱོང་གསོག་དགོས། རང་གིས་འདོད་ན་འདོད་ཀྱི་འདུག མ་འདོད་ན་འདོད་ཀྱི་མི་འདུག་ཅེས་འཚེར་སྣང་མེད་པར་ལབ་ཐུབ་པ་ཞིག་དགོས་ལ། གུ་དོག་པའི་སྤྱི་ཚོགས་ཀྱི་ར་བ་ལས་བརྒལ་ཏེ་སོ་སོའི་རྨི་ལམ་དང་འདོད་པ་ལྟར་མི་ཚེ་སྐྱེལ་ཐུབ་པ་དགོས།

ལས་ཀ་གང་བྱེད་ཀྱང་དེ་ལ་བསམ་བློ་ནན་པོ་གཏོང་ཐུབ་མཁན་ཞིག་དགོས། དཔེར་ན། གོམས་གཤིས་ངན་པས་རང་གི་ཁ་ཕྱོགས་བསྒྱུར་ཏེ་རང་ལ་གནོད་ཀྱི་ཡོད་པའམ། རང་ཉིད་ལས་རིགས་དེ་འདྲ་ལ་ངང་གིས་འཇུག་འགྲོ་བཞིན་ཡོད་ན་ངེས་པར་དུ་དེ་འདོར་དགོས། ང་ཚོས་ངེས་པར་དུ་གདེང་ཚོད་དང་ང་རྒྱལ་གཉིས་ཀྱི་གོ་དོན་ཤེས་པར་བྱས་ཏེ། དེ་དག་ལ་ལྟ་སྟངས་ཕྱོགས་ལྷུང་མེད་པ་ཞིག་དགོས། རང་གི་འདོད་པ་ཁོ་ན་གཅེས་པར་བཟུང་སྟེ་རང་མཐོང་རང་གིས་མ་བརླགས་པ་བྱེད་དགོས་ལ། གཞན་སྐྱོན་ཁོ་ནར་བལྟས་ཏེ་གཞན་མཐོང་རང་རྒྱུད་ནས་མ་བརླགས་པ་བྱེད་དགོས། དེ་བཞིན། ང་ཚོས་རང་གི་བསམ་བློ་ཕྱོགས་ལྷུང་མ་ཡོང་བའི་འབད་བརྩོན་ཡང་བྱེད་དགོས། སྤྱིར་བཏང་རང་བཞིན་ལྷན་སྐྱེས་ཀྱི་འཚེར་སྣང་དེ་སྣང་བར་འགྲོ་བོ་ཡོད་ལ། ང་ཚོའི་སྙན་གྲགས་ལྡན་པའི་རིག་གཞུང་ནང་ཁྱད་ཆོས་ཡིད་དབང་འཕྲོག་པ་འདིར་གོ་གནས་ཆེན་པོ་སྤྲད་ཡོད། འོན་ཀྱང་། ཁྱོད་ཀྱི་མདུན་དུ་སྒྲ་སྐྱེད་ཁ་པར་(Microphone)ཞིག་བཞག་སྐབས། ཁྱོད་རང་བྲོས་མ་འགྲོ་བ་ཞིག་ཡིན་དགོས་ལ། ཅུང་ཟད་འཛུམ་ཅིང་ངོ་ཚ་བའི་རྣམ་འགྱུར་བསྟན་ཏེ་མགོ་བོ་སྒུར་བའམ་གོ་སྐབས་དེ་གཞན་ལ་སྤྲད་རོགས་ཞེས་འབོད་སྐུལ་མི་བྱེད་མཁན་ཞིག་དགོས་ཀྱི་ཡོད། གོ་སྐབས་དེ་ཁྱོད་ཀྱིས་དེ་མ་ཐག་ཡར་ལངས་ཏེ་ལེན་ཐུབ་མཁན་ཞིག་དགོས།

༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་ཐུགས་རྗེ་བཀའ་དྲིན་གཡོ་བ་མེད་པའི་སྐྱབས་འོག་ཏུ། བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ཏེ། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏང་ཐབས་དང་། ཕོ་མོ་གཉིས་དཔུང་པ་མཉམ་གཤིབ་ཡོང་བའི་འབད་བརྩོན་བྱེད་བཞིན་པ་མཐོང་གིན་འདུག རྒྱུ་མཚན་དེ་ལ་བརྟེན་ནས་དེང་སང་ང་ཚོའི་སྤྱི་ཚོགས་ཁྲོད་བུད་མེད་ནང་ནས་མགོ་ཁྲིད་དང་། དགེ་རྒན། ཚོང་པ། སྨན་པ། གསར་འགོད་པ། མཁས་དབང་སོགས་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེ་ནི་བོད་པའི་སྤྱི་ཚོགས་ལ་གནད་འགག་ཆེན་པོ་ཞིག་ཆགས་ཡོད། རང་གིས་འདོད་པ་ལྟར་བྱེད་དགོས་ལ། རང་གི་རང་བཞིན་ལྷན་སྐྱེས་ཀུན་སྤྱོད་ལ་གཞན་གྱིས་དབང་སྒྱུར་བྱེད་མ་བཅུག་པར། རང་ཉིད་ངོ་མ་དེ་ཇི་ལྟར་ཡིན་པ་དེ་རང་སྟོན་ཐུབ་པ་ཞིག་བྱེད་དགོས། འཚེར་སྣང་བྱོས་ལབ་སོང་ཟེར་ནས་འཚེར་སྣང་མ་བྱེད་རོགས།

ཟུར་མཆན། རྩོམ་པ་པོ་ནི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷན་ཁང་གི་དྲུང་འཕར་ཡིན་པ་དང་། ཁོང་མོས་ལོ་ངོ་ ༢༡ རིང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་ཡོད། གོང་འཁོད་རྩོམ་ཡིག་དེ་ནི་ཁོ་མོ་སྒེར་གྱི་ལྟ་བ་ཡིན་པ་ལས་བོད་མིའི་སྒྲིག་འཛུགས་དང་བཀའ་ཤག་གི་ལྟ་བ་ཡིན་པས་མ་ཁྱབ།

མ་ཡིག་འབྲེལ་ཐག https://parakeetpensthewrit.com/2017/02/16/tibetan-female-shyness-my-story/

 

 

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 4

  1. ཆུ། says:
    ལོ་ 9 སྔོན།

    སྤྱིར་བོད་པའི་སྤྱི་ཚོགས་ཁྲོད་ནས་སྐད་ཆ་ཅི་ཞིག་བཤད་ན། དེ་ལ་བཟང་ངན་གཉིས་ཀྱིས་དགག་ལེན་རེ་ཡོད་ངེས། ཕྱོགས་གཅིག་ནས་བལྟས་ན་བཟང་རྟགས་ཤིག་དང་། བསམ་བློ་སྔོན་དུ་ཕྱོགས་པ་མཚོན་ཐུབ་མོད། འོན་ཀྱང་ཛྲ་དྲག་གི་དུས་སྐབས་འདི་འདྲ་ཞིག་ལ་ནང་ཁུལ་གྱི་རྩོད་རྙོག་མེད་པར་བཟོས་ན་མི་དགའ་འམ།

    Reply
  2. བོད་ཞགས says:
    ལོ་ 9 སྔོན།

    བོད་ཡིག་མི་ཤེས་པའམ་མ་བྲིས་པ་ཁོ་ནས་གླེང་རིན་ལྡན་པ་ཞིག་མིན་ལ། བོད་མི་ལ་སློབ་གསོ་དང་སྐུལ་མ་གཏོང་རྒྱུ་ནི་དེ་ལས་ཀྱང་དཀའ་ལས་ཁག་པོ་རེད། ལྷག་པརགོ་སྐབས་དང་མི་ཚེའི་ལངས་ཕྱོགས་ཟེར་བ་དག་ཀྱང་སྲོལ་རྒྱུན་དང་འབྲེལ་བ་ག་ནས་འོང་།

    Reply
  3. གངས་ཅན་ཕོ་ཉ། says:
    ལོ་ 9 སྔོན།

    མི་སུ་ཞིག་ཡིན་རུང་འཚེར་སྣང་བྱེད་དགོས་པ་མེད་ལ། རང་ཉིད་ཀྱིས་རང་ལ་གདིང་འཇོག་དང་། ཡིད་ཆེས། སྤོབས་པ་ཆེན་པོས་བསམ་ཕོད་པ། བཤད་ཕོད་པ། བྱེད་ཕོད་པའི་དེང་དུས་ཀྱི་བོད་པ་སྙིང་སྟོབས་ཅན་ཞིག་ཡོང་བར་ང་ཚོ་བོད་མི་ཚང་མ་གཉིད་ལས་སད་པའི་དུས་ལ་སླེབས་ཡོད།

    Reply
  4. གཡུ་སྒང་དགེ་འདུན། says:
    ལོ་ 9 སྔོན།

    དཔེར་ན། གུས་མོའི་ཨ་མ་ལགས་ཀྱིས་གུས་མོ་ནར་སོན་དུས་སྐད་ཆ་བཤད་རྒྱུ་མང་གི་འདུག་གསུངས་ནས་སྐད་ཆ་མང་པོ་བཤད་མ་བཅུག་པ་དང་། ཁོང་མོས་རྒྱུན་དུ་ “བུ་མོ་ཞིག་གིས་ཧ་ཅང་ཁུ་སིམ་པོ་ཁ་ཅི་ཡང་གྲགས་རྒྱུ་མེད་པ་དེ་འདྲ་ཡང་བྱེད་མི་ཉན་ལ། བུ་ཞིག་གིས་སྐད་ཅོར་ཚ་བོ་སྨྱོན་པ་ནང་བཞིན་ཡང་བྱེད་མི་ཉན་”ཞེས་གསུངས་ཤིང་ཁ་ཏ་བསླབ་བྱ་གནང་གི་རེད། དེ་འདྲའི་བསམ་བློ་གཏོང་ཕྱོགས་ནི་དུས་ཚོད་ཅིག་ལ་བོད་པའི་སྤྱི་ཚོགས་ནང་ཡོངས་གྲགས་རེད། སྐབས་དེར་བུ་མོ་ལས་བུ་ལ་ལྟ་ཚུལ་བཟང་པོ་ཡོད་པ་དང་། དེས་ཕོ་མོ་དབྱེ་འབྱེད་ཀྱི་ལྟ་ཚུལ་ཡོད་པ་གསལ་པོར་བསྟན་གྱི་ཡོད།

    ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བྲིས་པ་འདི་དག་ལ་བལྟས་ན་མོ་རང་གི་ཨ་མས་མནར་ཡོད་པའི་སྲོལ་ཅིག་བཤད་འདུག ངས་བལྟས་ན་ཨ་མས་མནར་མེད་པ་མ་ཟད་མོ་ཕན་ཐོག་ཡོད་པ་ཐག་ཆོད་པོས་བཤད་ཐུབ། ཨ་མས་དེ་ལྟར་བསླབ་བྱ་བཏང་མེད་ན། མོ་དེང་སྐབས་བུད་མེད་ཁྲབ་ཐོ་ཞིག་ཆགས་ཡོད་ཐག་ཆོད་རེད། ཨ་མས་བསླབ་བྱ་ལས་དེང་སྐབས་མིའི་སྤྱི་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མི་ཡ་རབས་ཀྱི་གྲས་སུ་སླེབས་པ་རེད། མོས་དེ་འདྲ་མ་བསམས་པར་ལྡོག་ཕྱོགས་ནས་བཤད་ཀྱི་ཡོད་པ་དེ་ལ་བལྟས་ན་མོ་དྲིན་བྱས་དྲིན་དུ་གོ་མི་ཐུབ་པ་ཞིག་ཡིན་པ་གསལ་པོ་རེད། མོ་ད་ལྟ་བསམ་བློ་ཡོད་པའི་གྲས་སུ་སླེབས་ཡོད་པ་ཞིག་གིས་འདི་ལྟར་བརྗོད་ན་གཞན་ཅི་ཡང་མི་ཤེས་མཁན་ཚོས་ཨ་ཅང་ཅང་། ཅི་འདྲའི་ཕྱི་དྲིལ་དྲུང་འཕར་ཐབས་སྐྱོ་བ་ཞིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese